སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས2019ལོའི་དཔྱིད་ཀའི་སློབ་འགོ་རྩོམ་པའི་གྲོས་ཚོགས་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-4 14:29:00 རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ། ཀློག་གྲངས།

                  ཇི་སྐད་དུ། མ་བགོས་རིག་པའི་བང་མཛོད་སྤྱི་ན་ཡོད།།
                  རྣམ་དཔྱོད་བརྩོན་པ་ཅན་ལ་སྐལ་བ་ཐོབ།།
                  བརྩོན་མེད་ལེ་ལོ་ཅན་ལ་སྐལ་ཆད །།
                  བདེན་རྫུན་རིག་པའི་རོལ་རྩེད་འགྲན་ན་གསལ།།
     2019ལོའི་ཟླ3པའི་ཚེས1ཉིན་གྱི་ཕྱི་དྲོའི་དུས་ཚོད2:30སྟེང་། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི2019ལོའི་དཔྱིད་ཀའི་སློབ་འགོ་རྩོམ་པའི་བྱ་བའི་བཀོད་སྒྲིག་གི་ཚོགས་འདུ་དེ་སློབ་གྲྭའི་འཆད་ཁྲིད་མུན་སེལ་གླིང་དུ་གཟབ་རྒྱས་ངང་ཚོགས་འགོ་ཚུགས་པ་རེད། སློབ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཐེངས་འདིའི་ཚོགས་འདུ་ལ་མདོ་འཛིན་བྱས།
     སློབ་སྐབས་གསར་བའི་ཐེངས་དང་པོར་བསྡུས་པའི་ཚོགས་འདུའི་དགོངས་དོན་ལ་དོན་ཚན་ཆེན་པོ་བཞི་ཡིས་གྲུབ་ཅིང་། དོན་ཚན་དང་པོ་ནི་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་གོང་རིམ་གྱི་ཡིག་ཆ་གསལ་བསྒྲགས་བྱས་ཏེ་འབྲེལ་ཡོད་ལས་འགན་བཀོད་སྒྲིག་བྱེད་པ། དོན་ཚན་གཉིས་པ་ནི་སློབ་གྲྭའི་སློབ་སྟོན་ཁང་གི་ཀྲུའུ་རིན་བཀྲ་ཤིས་མཚོས2018ནས2019ལོའི་སློབ་སྐབས་དང་པོའི་མཇུག་རྒྱུགས་ལ་དབྱེ་ཞིབ་བྱེད་པ། དོན་ཚན་གསུམ་པ་ནི་སློབ་གྲྭའི་སློབ་གཙོ་གཞོན་པ་ཚེ་གཟུངས་ལགས་ཀྱིས་སློབ་སྐབས་སྔོན་མའི་མཇུག་རྒྱུགས་ཁྲོད་གྲུབ་འབྲས་འབུར་ཐོན་བླངས་པའི་དགེ་རྒན་དག་ལ་གཟེངས་བསྟོད་བྱས་ཤིང་སློབ་སྐབས་སྔོན་མའི་སློབ་ཁྲིད་ཁྲོད་གནས་བའི་གནད་དོན་སྐོར་ལ་དབྱེ་ཞིབ་བྱེད་པ། དོན་ཚན་བཞི་པ་ནི་སློབ་གྲྭའི་སློབ་གཙོ་གཡུང་དྲུང་བསྟན་པ་ལགས་ཀྱིས་སློབ་གྲྭའི་བྱ་བ་ཕྱོགས་ཡོངས་ནས་གསུངས་བཤད་གལ་ཆེན་གནང་བ་བཅས་གཟབ་རྒྱས་ངང་དུས་ལྟར་འགོ་བརྩམ་པ་རེད།
     སློབ་གྲྭའི་སློབ་གཙོ་གཞོན་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་གཅིག་ནས2019ལོའི་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་དང་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་ཚོགས་ཆེན། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བྱ་བའི་ཚོགས་འདུ་དེ་མཚོ་སྔོན་ནས་བསྡུས་པའི་ཡིག་ཆར་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་ཤིང་ཡིག་ཆའི་དགོངས་དོན་ལྟར་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་རེ་བ་བཏོན་པ། གཉིས་ནས་ཏང་རྩ་འཛུགས་ཀྱི་ཐད་ནས་རེ་བ་གལ་ཆེན་བཏོན་ཏེ་ཏང་གི་བྱ་བའི་ལམ་ལུགས་གཞིར་བཟུང་ནས་ཏང་ལ་བློ་སེམས་དཀར་བའི་ཏང་ཡོན་ལས་བྱེད་པ་ཞིག་ཇི་ལྟར་བྱེད་དགོས་ཚུལ། ཡང་དག་པའི་ཏང་གི་གཟི་བརྗིད་ལྡན་པའི་འོས་འགན་དུས་ལྟར་ལེགས་འགྲུབ་བྱེད་དགོས་པའི་རེ་བ་བཏོན་པ་རེད། གསུམ་ནས་གནད་ཁེལ་དབུལ་སྐྱོར་གྱི་བྱ་བའི་འཆར་གཞི་དང་དམིགས་འབེན། ལེགས་འགྲུབ་བྱས་པའི་བྱ་བའི་བཀོད་སྒྲིག་སོགས་རྒྱས་བསྡུས་འོས་འཚམ་སྒོས་གསུངས་གླེང་མཛད་ཅིང་། ལྷག་པར་དུ་སློབ་རའི་བདེ་འཇགས་ཐད་ཀྱི་འབྲེལ་ཡོད་འོས་འགན་དུས་ལྟར་བཀོད་སྒྲིག་དང་བདེ་འཇགས་བྱ་བའི་གལ་ཆེན་བཞིན་དང་བདེ་འཇགས་ཀྱི་བྱ་བར་ཤུགས་སྣོན། ནང་སྒོས་སུ་བདེ་འཇགས་ཀྱི་བྱ་བ་སྒྲུབ་མཁན་དག་ལ་སྔར་ལས་ལྷག་པའི་རེ་བ་ནན་མོ་བཏོན་ཏེ་སློབ་རའི་བདེ་འཇགས་ངེས་པར་དུ་ཁག་ཐེག་བྱེད་དགོས་པའི་དགོངས་དོན་བསྟན་པ་རེད།
     སློབ་གྲྭའི་སློབ་སྟོན་ཁང་གི་ཀྲུའུ་རིན་བཀྲ་ཤིས་མཚོ་ལགས་ཀྱིས2018ནས2019ལོའི་སློབ་སྐབས་དང་པོའི་མཇུག་རྒྱུགས་ཀྱི་སྐར་གྲངས་ལ་དབྱེ་ཞིབ་སྒོས་ལེགས་པའི་ཆ་རྒྱུན་འཁྱོངས་དང་ཞན་པའི་ཐད་ནས་བཅོས་བསྒྱུར། སློབ་མའི་སྦྱངས་འབྲས་སྔར་ལས་ལྷག་པའི་སྒོ་ནས་ཡར་རྒྱས་སུ་འགྲོ་དགོས་པའི་རེ་བ་བཏོན་པ་དང་མཉམ་དུ་སློབ་སྐབས་གསར་བའི་སློབ་ཁྲིད་ཀྱི་བྱ་བ་བཀོད་སྒྲིག་དང་། གོང་རིམ་འབྲེལ་ཡོད་ཡིག་ཆར་སློབ་སྦྱོང་བྱས་ཏེ་མི་རིགས་སློབ་གསོའི་ལས་དོན་ལ་འབད་པ་གང་ནུས་བྱེད་བཞིན་པའི་དགེ་རྒན་དག་གིས་ཡང་དག་པའི་སློབ་ཁྲིད་ཀྱི་བྱེད་ཐབས་ལ་བརྟེན་ནས་སྤྱོད་ཡོན་གཉིས་ལྡན་གྱི་འཇོན་ཐང་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་དགོས་པ་དང་སློབ་སྐབས་གསར་བའི་སློབ་ཁྲིད་སྔོན་གྱི་བྱ་བ་ཐམས་ཅད་དུས་ལྟར་ལེགས་འགྲུབ་བྱེད་དགོས་པའི་རེ་བ་ནན་མོ་བཏོན་པ་རེད།
     སློབ་གྲྭའི་སློབ་གཙོ་གཞོན་པ་ཚེ་གཟུངས་ལགས་ཀྱིས་ཀྱང་སློབ་སྐབས་སྔོན་མའི་རྒྱུགས་འབྲས་ལ་དབྱེ་ཞིབ་དང་སྦྱངས་འབྲས་ལེགས་པའི་དགེ་རྒན་དང་འཛིན་གྲྭ་དག་ལ་གཟེངས་བསྟོད་སྒོས་སྦྱངས་འབྲས་འབུར་ཐོན་མིན་པའི་དགེ་རྒན་དག་གིས་རྗེས་ཕྱོགས་སུ་སློབ་ཁྲིད་ཀྱི་བྱ་བའི་ཐད་ནས་དོ་སྣང་དང་བཅོས་བསྒྱུར་བྱེད་དགོས་པའི་ཆ་ལ་རེ་བ་ཆེན་པོ་བཏོན་པ་རེད། ཁོང་གིས་ནན་གྱིས་བསྟན་དོན་ཏང་གི་ཡང་དག་པའི་མི་རིགས་སློབ་གསོའི་ལས་དོན་ཡར་རྒྱས་སུ་གཏོང་ཆེད་དགེ་རྒན་དག་གིས་གཅིག་ནས་སྟེང་གི་མི་ལེགས་པའི་ཆ་བཅོས་བསྒྱུར་དང་གཉིས་ནས་སློབ་གསོའི་བྱེད་ཐབས་སྣ་མང་སྤྱད་དེ་སློབ་མའི་ཡིད་སེམས་སྤྲོ་སྣང་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་འདོད་ཀྱི་ཀུན་སློང་བསྐྱེད་པར་བྱེད་དགོས་ལ། ལྷག་པར་དུ་དགེ་རྒན་གྱིས་དུས་ལྟར་སློབ་མའི་ལས་བྱར་ཞུ་དག་དང་སློབ་ཁྲིད་ཀྱི་གྲ་སྒྲིག་རྒྱས་བསྡུས་འོས་འཚམ་དང་དཀའ་གཙོ་གནད་འབུར་ཐོན་ཡིན་པ། ཐུན་མོང་མ་ཡིན་པའི་གི་སློབ་ཁྲིད་ཀྱི་བྱེད་ཐབས་དང་ཁྱད་ཆོས་འབུར་དུ་ཐོན་པའི་སློབ་ཁྲིད་ཀྱི་ཉམས་མྱོང་ཟུང་འབྲེལ་བྱས་ཏེ་སློབ་མའི་སློབ་སྦྱོང་གཙོས་ཕྱོགས་ཡོངས་ནས་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་པའི་རེ་བ་བཏོན་པ་རེད།
     མཇུག་མཐར། སློབ་གྲྭའི་སློབ་གཙོ་གཡུང་དྲུང་བསྟན་པ་ལགས་ཀྱིས་གཅིག་ནས་ཏང་རྩ་འཛུགས་ཀྱི་བྱ་བའི་ཐད་ནས་གོང་རིམ་གྱི་འབྲེལ་ཡོད་ཡིག་ཆའི་ནང་དོན་ལྟར་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། གཉིས་ནས་བདེ་འཇགས་བརྟན་བརླིང་བྱ་བ་གཙོ་གནད་དུ་བཟུང་སྟེ་ནན་ཏན་སྒོས་ཏང་གི་སློབ་གསོའི་ཁ་ཕྱོགས་ལྟར་མི་རིགས་མཐུན་སྒྲིལ་ཡར་རྒྱས་འཛུགས་སྐྲུན་གྱི་བྱ་འགུལ་ལ་ཤུགས་སྣོན་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཞིར་བཟུང་ནས་སློབ་གྲྭའི་བདེ་འཇགས་བརྟན་བརླིང་ལ་སྔར་ལས་ལྷག་པའི་སྒོ་ནས་ནུས་པ་གང་ཡོད་འདོོན་དགོས་ཤིང་སློབ་མར་བདེ་འཇགས་ཡིན་ཞིང་སྤྲོ་སྣང་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས་པ་མ་ཟད། སློབ་གསོའི་སློབ་ཁྲིད་ཀྱི་བྱ་བ་མཐའ་དག་ཆད་ལྷག་མེད་པའི་སྒོ་ནས་ལེགས་འགྲུབ་བྱེད་པར་སྔ་ན་མེད་པའི་ནུས་པ་གང་ཡོད་འདོན་དགོས་པར་གསུངས། དེ་ལས་ཀྱང་ཏང་གི་མི་རིགས་སློབ་གསོའི་བྱ་བ་གཉེར་བའི་དགེ་རྒན་ཚོས་བརྩེ་སེམས་རྣམ་དག་གིས་སློབ་མར་སློབ་ཁྲིད་བྱས་ཏེ་རྐྱ་ཐུབ་པའི་སྒོ་ནས་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་བོ་འཇགས་པར་བྱེད་དགོས་ལ། དགེ་རྒན་དག་གིས་ཀྱང་དུས་དང་མཐུན་པའི་ཏང་གི་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་ལས་སློབ་མའི་ལུས་སེམས་ལ་གནོད་པའི་བྱ་བྱེད་དང་ཏང་གི་མི་རིགས་སློབ་གསོའི་ལམ་ལུགས་དང་མི་མཐུན་པའི་སློབ་ཁྲིད་ཀྱི་བྱེད་ཐབས་བཅོས་བསྒྱུར་བྱེད་དགོས་ལ། སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་གྱི་བྱ་བར་མི་མཐུན་པའི་ལམ་ལུགས་ངན་པ་དང་ལྟ་ཚུལ་མི་ལེགས་པ་སོགས་སྔོན་འགོག་བྱེད་དགོས། ནང་སྒོས་སུ་བརྡ་འཕྲིན་བཞིན་གྱི་ཁྲིམས་འགལ་ནང་དོན་དྲིལ་བསྒྲགས་དང་བརྒྱུད་བསྐུར་བྱས་པའི་ཁྲིམས་འགལ་རྣམ་པ་བྱེད་མི་རུང་བ་གསལ་བསྒྲགས་བྱས་པ་རེད། གསུམ་ནས་སློབ་མར་ཁྲིམས་ལུགས་ཤེས་བྱའི་ནང་དོན་སློབ་ཁྲིད་དང་ཁྲིམས་ལུགས་ཀྱི་འདུ་ཤེས་ཁོང་དུ་ཆུད་པར་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་དང་མཐུན་ཞིང་སློབ་མའི་འབྱུང་འགྱུར་ལ་རྔོ་ཐོགས་པའི་སློབ་གསོའི་བྱ་བ་ལག་བསྟར་བྱེད་པར་ནུས་པ་གང་ཡོད་འདོན་དགོས་པའི་རེ་བ་ནན་མོ་བཏོན་པ་རེད། བཞི་ནས་ནན་ཏན་སྒོས་སློབ་ཁྲིད་ཀྱི་སྒྲིག་ལམ་བརྩི་སྲུང་དང་ཁྲིམས་དང་མི་མཐུན་པའི་སློབ་གསོའི་རྣམ་པ་གཙང་སེལ་བྱས་ཏེ་ཏང་གི་སློབ་གསོའི་ལམ་ལུགས་དང་ཁྲིམས་མཐུན་ལུགས་མཐུན་གྱི་སློབ་ཁྲིད་བྱ་བ་རྒྱུན་འཁྱོངས་བྱས་ཏེ་ཆེས་བཟང་བའི་སློབ་ཁྲིད་ནི་སློབ་མས་སློབ་མས་སློབ་ཤེས་པ་དང་། ཆེས་ལེགས་པའི་སྦྱོང་བ་ནི་སློབ་མས་འགུལ་གྱིས་བསླབ་བྱ་སོ་སོའི་གནད་དོན་ཐེར་འདོན་དང་དབྱེ་ཞིབ།ཐག་གཅོད་བྱེད་ནུས་ལ་གིས་ཤེས་རྟོགས་བྱུང་བ་གཞན་ལ་བཤད་ཐུབ་པའི་སློབ་ཁྲིད་ཀྱི་བྱེད་ཐབས་གཙོ་གནད་དུ་བཟུང་ནས་སློབ་གསོའི་ལས་དོན་གྱི་ཡང་དག་པའི་དོོན་སྙིང་རྟོགས་པར་བྱེད་དགོས་པའི་དགོངས་དོན་གསུངས་པ་རེད། ཁོང་གིས་ནན་གྱིས་བསྟན་དོན་སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་གྱིས་ཁྲིད་པ་དང་སློབ་མས་ཉན་པའི་ཁྲིད་ཐབས་ བསྒྱུར་ཏེ་དགེ་རྒན་གྱིས་ཉན་པ་དང་སློབ་མས་ཁྲིད་པར་བྱེད་པའི་སློབ་ཁྲིད་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས་པའི་རེ་བ་བཏོན་པ་རེད། ལྔ་ནས་དུས་དང་མཐུན་པའི་སློབ་གསོའི་ལམ་ལུགས་གཞིར་བཟུང་ནས་ནུས་གང་ཡོད་ཀྱིས་མི་རིགས་སློབ་གསོའི་ལས་དོན་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་ན་སློབ་མའི་བདེ་འཇགས་བརྟན་བརླིང་ལ་ཤུགས་སྣོན་དང་སློབ་མར་སྤྲོ་སྣང་ལྡན་པའི་སློབ་ཁྲིད་བྱེད་ཐབས་ལ་འབད་པ་ཆེན་པོ་བྱེད་དགོས་པ་སོགས་ཀྱི་གསུངས་བཤད་གལ་ཆེན་གནང་བ་དང2019ལོའི་དཔྱིད་ཀའི་སློབ་འགོ་རྩོམ་པའི་བྱ་བའི་བཀོད་སྒྲིག་གི་ཚོགས་འདུ་དེ་ཡོངས་སུ་མཇུག་རྫོགས་པར་བྱས་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...