སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དཀར་མོ་གཡས་འཁྱིལ་ལམ་གཡང་འཁྱིལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-6 11:09:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྡེ་བ་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ30ཙམ་གྱི་རྨ་ཆུའི་འགྲམ་རྒྱུད་ན་ཡོད།
     སྡེ་བ་འདི་ཆགས་སར་དཀར་མོ་གཡང་འཁྱིལ་ཟེར་ལ། དཀར་མོ་གཡས་འཁྱིལ་ཡང་ཟེར། སྡེ་བ་འདིའི་རྒན་རབས་པའི་ངག་རྒྱུན་ལ། ཕྱོགས་འདིའི་མཆོད་རྟེན་སྡེ་བའི་ཉེ་འཁོར་གྱི་རི་ཕྲན་ཞིག་ཏུ་ལྷ་མོ་གོས་དཀར་མོ་གནས་ཡོད་པར་གྲགས་ཤིང་། ལྷ་མོ་དེ་ཉིད་ཀྱིས། ས་ཕྱོགས་དེ་རུ་རྨ་ཆུའི་ཀླུང་འཁོར་གཡས་སུ་འཁྱིལ་བ་ལས། ནོར་བུ་དགའ་འཁྱིལ་གྱི་མཚན་མ་གསལ་བོར་འཛིན་པ་དེས། བདེ་དགེ་ལེགས་ཚོགས་ཀྱི་ཕྱྭ་གཡང་མཐའ་དག་དེ་རུ་འཁྱིལ་བའི་ཚུལ་ལམ། ཡང་ན་གནས་དེ་རུ་རྨ་ཆུའི་ཀླུང་འཁོར་གཡས་སུ་འཁྱིལ་བའི་ཚུལ་བཅས་གཟིགས་པའི་རྣམ་པ་མཛད་པས་ན། སྡེ་བ་འདི་ལའང་དཀར་མོ་གཡང་འཁྱིལ་ལམ་དཀར་མོ་གཡས་འཁྱིལ་ཟེར་བའི་མིང་ཡང་དེ་ལྟར་དུ་ཐོགས། སྡེ་བ་འདིར་ཨ་ཚོགས་མཆོག་སྤྲུལ་སྐུ་ཕྲེང་གསུམ་པ་དཀོན་མཆོག་ཆོས་དར་ཞུ་བས། སྤྱི་ལོ1889ལོར་ཕྱག་འདེབས་གནངས་པའི་རི་བོ་དགེ་ལྡན་པའི་དགོན་པ་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...