སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གྱི་སྨན་འབྲོང་ཁྱུང་རྫ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-5 11:18:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     རྫ་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ30ལྷག་གི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4924ལྷག་ཡོད། རྫ་འདི་ནི་སྨན་རྩྭའི་རིགས་མང་དུ་སྐྱེས་ས་ཞིག་ཡིན་ལ། སྔོན་དུས་འབྲོང་ཡང་མང་དུ་འཁོར་ས་ཞིག་ཡིན་པར་མ་ཟད། ངག་རྒྱུན་ལ་ད་དུང་བྱ་རྒྱལ་ཁྱུང་ཞིག་ཀྱང་རྫ་འདིའི་མགོར་བབས་མྱོང་བར་གྲགས་པས་ན། འདི་ལ་སྨན་འབྲོང་ཁྱུང་རྫ་ཞེས་པའི་མིང་ཡང་དེ་ལྟར་དུ་ཐོགས་པ་ཡིན་ཏེ། ད་ལྟ་མ་འབྲང་ཟེར་བ་ནི་ཕྱིས་སུ་སྨན་འབྲོང་ཞེས་པའི་སྒྲ་ཟུར་རིམ་གྱིས་ཉམས་པའི་འབོད་སྟངས་ཤིག་ཡིན།
    རི་འདི་ནི་རླུང་རྟ་སྡེ་བཞིའམ་སྟག་སེང་ཁྱུང་འབྲུག་བཞི་ལས་ཁྱུང་གི་མིང་ཅན་ནམ་ཁྱུང་མཚོན་བྱེད་ཀྱི་རི་གནས་པ་ཅན་ཞིག་ཡིན་པ་ནི། སྔོན་བྱོན་དམ་པ་དུ་མས་གསུངས་མྱོང་ཞིང་། ས་འདིའི་ཡུལ་མི་རྣམས་ལ་གནས་རི་འདིའི་སྟེང་དུ་དར་ལྕོག་འཐེན་པ་དང་། ལྷ་བསང་གཏོང་བ། གཏེར་སྦ་བ་བཅས་ཀྱི་སྲོལ་ཡོད།
      དེ་ཡང་རི་བོ་འདིའི་གནས་བདག་ནི་ཨ་མྱེས་རྨ་རྒྱལ་གྱི་སྤྲུལ་བའི་རྣམ་རོལ་ཞིག་ཡིན་པ་དང་། ཁོང་གི་སྲས་ཀྱི་མཚན་ལ་ཁྱུང་སྲས་ནོར་བུ་དགྲ་འདུལ་དུ་འབོད་པའི་ཚུལ་ནི། གྲུབ་དབང་རྫོགས་ཆེན་པ་སྐུ་ཕྲེང་བཞི་བ་མི་འགྱུར་ནམ་མཁའ་རྡོ་རྗེ་ཡིས་གསུངས་པར་གྲགས་པའི་མ་འབྲོང་ཁྱུང་རྫའི་བསང་མཆོད་དུ་བཞུགས་སོ། །
     2004ལོར། ཨ་ལགས་འཇའ་མོ་སྐུ་ཕྲེང་བདུན་པ་འཇམ་དབྱངས་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞུ་བས་གནས་འདིའི་ས་དཔྱད་ལ་གཟིགས་ནས། སྨན་འབྲོང་ཁྱུང་རྫའི་མདུན་ཕྱོགས་སྨུག་པོ་སྤུན་གསུམ་ནང་ཚན་གྱི་ཁྱུང་སྲས་ནོར་བུ་དགྲ་འདུལ་གྱི་མདུན་ངོས་སུ། སྒྲོལ་མའི་ལྷ་ཁང་ཞིག་བཞེངས་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...