སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བཀའ་མ་ལོག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-7 11:09:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     དེ་སྔོན་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་། དེའི་སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐབས་བོད་ས་གནས་ཀྱི་ཕྱོགས་བཞིར་མཐའ་སྲུང་དཔུང་སྡེ་བཞག་ཅིང་། བོད་དམག་ཁྲི་སྟོང་མང་པོས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་དེའི་ནོར་རྫས་རྣམས་བོད་དུ་དྲངས་ཏེ་ཕྱིར་ཕེབས་གནང་དུས་དཔའ་བོ་མི་དགུ་དམག་མང་པོ་དང་བཅས་ས་སྲུང་ལ་བཞག  སྐབས་དེར་ཁོ་ཚོས་ངེད་རྣམས་བོད་དུ་ནམ་ཕྱིར་ལོག་བྱེད་དགོས་སམ་ཞུས་པར།  ངེད་ཀྱི་བཀའ་མ་བྱུང་བར་དུ་མ་ལོག་པར་སྡོད་ཅེས་གསུངས་པར་ཁོང་ཚོ་ཡུལ་དེར་གཞིས་ཆགས་པས་དཔའ་བོ་མི་དབུལ་བརྒྱུད་པ་ལ་མིང་དེ་ལྟར་ཐོགས་པ་ཡིན།
     ལོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱི་ནང་བློན་སམ་གྷ་ཆིང་སང་ཟེར་བ་ཡང་བཀའ་མ་ལོག་གི་བརྒྱུད་པ་ཡིན་ཞེས་ཤོད་སྲོལ་དང་། ས་སྐྱའི་ཡུལ་པོ་ཆེ་མི་གསུམ(1 དཔོན་ཆེན་ཤཱཀྱ་བཟང་པོ།  2 དགེ་བཤེས་རིན་ཆེན་བརྩོན་འགྲུས།  3 ཧོར་ཆེ་སྟོན་ཚུལ་བཅས)གྱི་ནང་ཚན།  དགེ་བཤེས་རིན་ཆེན་བརྩོན་འགྲུས་ཀྱང་བཀའ་མ་ལོག་ཆེ་བརྒྱུད། མཚོ་སྔོན་གྱི་སྐ་གསར་པ་དང་།  བྱག་རོང་པ། ཅུ་དགུ་མེར་བཅས་ཡུལ་ཁམས་ཆེན་པོ་གསུམ་སྡེ་རྣམས་སྤུན་མཆེད་ལ་འཛིན་དུ་བཅུག་ནས་ས་སྐྱར་ཕེབས།  འགྲོ་མགོན་འཕགས་པ་རིན་པོ་ཆེ་སོག་ཡུལ་ནས་བོད་དུ་ཐེངས་དང་པོ་ཕེབས་དུས་མཇལ་ཏེ་ས་སྐྱར་སློབ་གཉེར་གནང་བ་སོགས་ཀྱི་ལོ་རྒྱུས(རྒྱ་བོད་ཡིག་ཚང)སྟག་ཚང་རྫོང་པའི་ལོ་རྒྱུས་ཀྱི་སྐབས་སུ་གསལ་བས་དེར་གཟིགས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...