སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སིལ་བུའི་སྐབས་ཀྱི་སྲིད་དབང་འཕྲོག་རེས་དེའི་འགན་ཆོས་ལུགས་པ་ལས་ཆོས་ལུགས་ཀྱི་སྐྱོན་མིན་པའི་སྒྲུབ་བྱེད།
རྩོམ་པ་པོ། ཤེས་རབ་བསྟན་དར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-20 10:37:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཆོས་གཞུང་ཇི་བཞིན་བསྒྲུབས་ཏེ་བྱུང་བའི་སྐྱོན་ཡིན་ན་ཆོས་ལུགས་ཀྱི་སྐྱོན་ཡིན་ལ་ཆོས་ལུགས་ཀྱི་དགོངས་དོན་དང་འགལ་ཏེ་བསྒྲུབས་པ་ལས་བྱུང་བའི་སྐྱོན་ཡིན་ན་ཆོས་ལུགས་པའི་སྐྱོན་ཡིན་གྱི་ཆོས་ལུགས་ཀྱི་སྐྱོན་མིན།
     བོད་ཀྱི་སྲིད་དབང་འཕྲོག་རེས་བྱེད་མཁན་དག་ནི་ནང་བ་བ་ཡིན་མོད། ནང་བའི་གཞུང་དུ་སྲིད་དབང་འཕྲོག་རེས་བྱེད་པའི་དགོངས་པ་གཏན་ནས་མེད་ཅིང་། ཁོ་ཚོས་ནང་བསྟན་དང་འགལ་ནས་རྩོད་གླེང་དང་གཡུལ་འཁྲུག་བྱེད་པ་དེ་ཆོས་ལུགས་པའི་སྐྱོན་ཆ་ལས་ཆོས་ཀྱི་སྐྱོན་ཆ་ཞིག་གཏན་ནས་ཡིན་མི་སྲིད། དཔེར་ན་འཇིགས་སྐུལ་ཚོགས་པས་ཚན་རིག་ལ་བརྟེན་ནས་མི་སྲོག་འཕྲོག་བཅོམ་བྱེད་པ་དེ་འཇིགས་སྐུལ་ཚོགས་པའི་སྐྱོན་ཡིན་གྱི་ཚན་རིག་གི་སྐྱོན་མིན་པ་བཞིན་ནོ། །
     ཡང་གཅིག་བཤད་ན་དེ་ཆོས་ལུགས་པས་འགན་འཁུར་དགོས་པ་ཞིག་ཀྱང་མིན་ཏེ། འཕྲོག་རྩོད་བྱེད་མཁན་དེ་དག་ནི་ཆོས་ལུགས་པ་རེ་གཉིས་སམ་ཚད་དང་མི་མཐུན་པའི་ཆོས་ལུགས་པ་ཡིན་ལ་དེའི་བྱ་སྤྱོད་དང་སྐྱོན་ཆ་ནི་ཆོས་ལུགས་པ་ཚང་མས་བྱས་པ་ཞིག་མིན་པས་ན་ཆོས་ལུགས་པ་རེ་གཉིས་སམ་ཆོས་ལུགས་པའི་ཚད་དང་མི་མཐུན་པའི་ཆོས་ལུགས་པ་བྱས་པའི་སྐྱོན་དེ་ཆོས་ལུགས་པ་དེས་འཁུར་དགོས་པ་ལས་ཆོས་ལུགས་པས་ཁུར་དགོས་དོན་མེད། དཔེར་ན་གུང་ཁྲན་ཏང་ཡོན་གཅིག་རུལ་བསུང་དུ་གྱུར་ནས་སྐྱོན་ཆ་བྱུང་བའི་འགན་དེ་གུང་ཁྲན་ཏང་ཡོན་དེས་འཁུར་བ་ལས་གུང་ཁྲན་ཏང་གི་སྐྱོན་ཆ་མིན་པ་དང་། སློབ་མ་གཅིག་གིས་མི་བསད་པ་ནི་སློབ་མ་དེའི་སྐྱོན་ཡིན་གྱི་སློབ་མའི་སྐྱོན་མིན་པ་བཞིན་ནོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...