སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་རབས་རིམ་བྱོན་གྱི་མཚན་བྱང་པར་རིས་ཅན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-27 10:24:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
གནམ་གྱི་ཁྲི་བདུན།
༡ བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ།  
     ཁོང་གི་མཚན་དངོས་ལ་ཨུ་བེ་ར་ཞེས་ཟེར་ཞིང༌། དེ་དུས་སུ་ཕོ་བྲང་གི་ཐོག་མ་ཡུམ་བུ་བླ་སྒང་བཞེངས།  ཁོང་རང་སྤྱི་ལོའི་སྔོན་གྱི་༡༢༦ལོར་ཁྲིར་འཁོད། འགའ་ཞིག་ཏུ། སྤྱི་ལོའི་སྔོན་གྱི་༤༡༤ལོ་ཡིན་ཟེར་བ་སོགས་བཤད་སྲོལ་མང༌།
༢  བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ།
     ཁོང་ནི་ཡབ་གཉའ་ཁྲི་བཙན་པོ་དང་ཡུམ་གནམ་མུག་མུག་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་ཁྲིར་བཞུགས།
༣ དིང་ཁྲི་བཙན་པོ།
    ཁོང་ནི་ཡབ་མུ་ཁྲི་བཙན་པོ་དང་ཡུམ་ས་དིང་དིང་གཉིས་ཀྱི་སྲས་སུ་འཁྲུངས་ཤིང། སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་ཁྲིར་བཞུགས།
༤   སོ་ཁྲི་བཙན་པོ།
     ཁོང་ནི་ཡབ་དིང་ཁྲི་བཙན་པོ་དང་ཡུམ་སོ་ཐམ་ཐམ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་ཁྲིར་བཞུགས།
༥  མེར་ཁྲི་བཙན་པོ།
     ཁོང་ནི་ཡབ་སོ་ཁྲི་བཙན་པོ་དང་ཡུམ་དོག་མེར་མེར་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་ཁྲིར་བཞུགས།
༦ གདགས་ཁྲི་བཙན་པོ།
     ཁོང་ནི་ཡབ་མེར་ཁྲི་བཙན་པོ་དང་ཡུམ་གདགས་ཀྱི་ལྷ་མོ་དཀར་པོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་ཁྲིར་བཞུགས།
༧ སྲིབ་ཁྲི་བཙན་པོ།
    ཁོང་ནི་ཡབ་གདགས་ཁྲི་བཙན་པོ་དང་ཡུམ་སྲབ་ཁྲི་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་ཁྲིར་བཞུགས། གོང་གསལ་རྣམས་ལ་གནམ་གྱི་ཁྲི་བདུན་ཟེར་རོ།།
སྟོད་ཀྱི་སྟེང་གཉིས།
༨ གྲི་གུམ་བཙན་པོ།
     ཁོང་ནི་ཡབ་སྲིབ་ཁྲི་བཙན་པོ་དང་ཡུམ་ས་བཙུན་རླུང་རྗེ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་ཁྲིར་བཞུགས། སྐབས་དེར་བློན་ལོ་ངམ་རྟ་རྫི་ཡིས་སྐུ་བཀྲོངས།
༩ བྱ་ཁྲི་བཙན་པོའམ་པུ་དེ་གུང་རྒྱལ།
     ཁོང་ནི་གྲི་གུམ་བཙན་པོའི་སྲས་འབྲིང་བ་སྟེ། སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་ཁྲིར་བཞུགས། 
བར་གྱི་ལེགས་དྲུག 
༡༠ བོད་རྒྱལ་བཅུ་བ་ཨེ་ཤོ་ལེགས།
     ཁོང་ནི་ཡབ་པུ་དེ་གུང་རྒྱལ་དང་ཡུམ་བཙུན་མོ་འོམ་ཐང་སྨན་མཚོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་ཁྲིར་བཞུགས། ཁོང་གི་དུས་སུ་ཞིང་འབྲོག་གི་ལས་རིགས་དར་རྒྱས་ཆེས་ཆེར་ཕྱིན།
༡༡ དེ་ཤོ་ལེགས།
     ཁོང་ནི་ཡབ་ཨེ་ཤོ་ལེགས་དང་ཡུམ་རྨུ་ལྕམ་བྲ་རྨ་ན་གཉིས་ཀྱི་སྲས་སུ་འཁྲུངས།  
༡༢ ཐི་ཤོ་ལེགས།  
    ཁོང་ནི་ཡབ་དེ་ཤོ་ལེགས་དང་ཡུམ་ཀླུ་སྨན་མེརལོ་གཉིས་ཀྱི་སྲས་སུ་འཁྲུངས།
༡༣ གུ་རུ་ལེགས། 
     ཁོང་ནི་ཡབ་ཐི་ཤོ་ལེགས་དང་ཡུམ་ཀུར་སྨན་གཉིས་ཀྱི་སྲས་སུ་འཁྲུངས།
༡༤  འབྲོང་ཞི་ལེགས།   
     ཁོང་ནི་ཡབ་གུ་རུ་ལེགས་དང་ཡུམ་་མཚོ་སྨན་འབྲོང་མོ་གཉིས་ཀྱི་སྲས་སུ་འཁྲུངས།
༡༥  ཨི་ཤོ་ལེགས།
    ཁོང་ནི་ཡབ་འབྲོང་ཞི་ལེགས་དང་ཡུམ་སྨན་བུ་མོ་གཉིས་ཀྱི་སྲས་སུ་འཁྲུངས།
སའི་ལྡེ་བརྒྱད།
༡༦ ཟ་ནམ་ཟིན་ལྡེ།
     ཁོང་ནི་ཡབ་ཨི་ཤོ་ལེགས་དང་ཡུམ་རྨུ་ལྕམ་སྨད་ལེགས་གཉིས་ཀྱི་སྲས་སུ་འཁྲུངས།
༡༧  ལྡེ་འཕྲུལ་ནམ་གཞུང་བཙན།
     ཁོང་ནི་ཡབ་ཟ་ནམ་ཟིན་ལྡེ་དང་ཡུམ་མཚོ་སྨན་ཁྲི་དཀར་གཉིས་ཀྱི་སྲས་སུ་འཁྲུངས།
༡༨  སེ་སྣོལ་གནམ་ལྡེ།
     ཁོང་ནི་ཡབ་འཕྲུལ་ནམ་གཞུང་བཙན་དང་ཡུམ་བསེ་སྙན་མང་མོ་གཉིས་ཀྱི་སྲས་སུ་འཁྲུངས།
༡༩ སེ་སྣོལ་པོ་ལྡེ།
     ཁོང་ནི་ཡབ་སེ་སྣོལ་གནམ་ལྡེ་དང་ཡུམ་ཀླུ་མོ་མེར་མོ་་གཉིས་ཀྱི་སྲས་སུ་འཁྲུངས།
༢༠ ལྡེ་སྣོལ་ནམ།
     ཁོང་ནི་ཡབ་སེ་སྣོལ་པོ་ལྡེ་དང་ཡུམ་འོ་མ་སྡེ་མོ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས།
༢༡ ལྡེ་སྣོལ་པོ།
     ཁོང་ནི་ཡབ་ལྡེ་སྣོལ་ནམ་དང་ཡུམ་ཁྲི་སྨན་རྗེ་མོ་གཉིས་ཀྱི་སྲས་སུ་འཁྲུངས།
༢༢ ལྡེ་རྒྱལ་པོ།
     ཁོང་ནི་ཡབ་ལྡེ་སྣོལ་ནམ་་དང་ཡུམ་སེ་བཙན་གཉན་རྗེ་གཉིས་ཀྱི་སྲས་སུ་འཁྲུངས།
༢༣ ལྡེ་སྤྲིན་བཙན།
     ཁོང་ནི་ཡབ་ལྡེ་རྒྱལ་པོ་དང་ཡུམ་སྨན་བཙུན་ལུག་སྒོང་གཉིས་ཀྱི་སྲས་སུ་འཁྲུངས།
བཙན་ལྔ།
༢༤ རྒྱལ་ཏོ་རི་ལོང་བཙན།
     ཁོང་ནི་ཡབ་ལྡེ་སྤྲིན་བཙན་དང་ཡུམ་ཉི་བཙུན་མང་མ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས།
༢༥ ཁྲི་བཙན་ནམ།
     ཁོང་ནི་ཡབ་རྒྱལ་ཏོ་རི་ལོང་བཙན་དང་ཡུམ་འོ་མ་ལྡེ་བཟའ་འབྲི་བཙུན་བྱང་མ་གཉིས་ཀྱི་སྲས་སུ་འཁྲུངས།
༢༦ ཁྲི་སྒྲ་དཔུང་བཙན།
      ཁོང་ནི་ཡབ་ཁྲི་བཙན་ནམ་དང་ཡུམ་སྨན་བཟའ་ཁྲི་དཀར་གཉིས་ཀྱི་སྲས་སུ་འཁྲུངས།
༢༧ ཁྲི་ཐོག་རྗེ་བཙུན།
     ཁོང་ནི་ཡབ་ཁྲི་སྒྲ་དཔུང་བཙན་དང་ཡུམ་སྨན་བཟའ་ཀླུ་སྟེང་གཉིས་ཀྱི་སྲས་སུ་འཁྲུངས།
༢༨ ལྷ་ཐོ་ཐོ་རི་གཉན་བཙན་ནམ་ཐོ་རི་སྙལ་ཤལ།
     ཁོང་ནི་ཤིང་རྟ་༢༥༤ལོར་ཡབ་ཁྲི་ཐོག་རྗེ་བཙུན་དང་ཡུམ་རུ་ཡོང་བཟའ་སྟོང་རྒྱལ་ན་མོ་ཚོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང། ཆབ་སྲིད་ཡུན་རིང་བསྐྱངས། ཆུ་སྤྲུལ་༣༣༣ལོར་རྒྱ་གར་ནས་སངས་རྒྱས་ཀྱི་ཆོས་ལུགས་བོད་དུ་ཐོག་མར་ཞུ་དང༌། དེ་དུས་གསོ་རིག་ཡང་དར་རྒྱས་ཆེས་ཆེར་བྱུང༌། ཁོང་རང་དགུང་ལོ་༡༢༠ཙམ་འཚོ།
༢༩ ཁྲི་གཉན་གཟུངས་བཙན།
     ཁོང་ནི་ཡབ་ལྷ་ཐོ་ཐོ་རི་གཉན་བཙན་དང་ཡུམ་རྣོ་བཟའ་མང་པོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས།
༣༠ འབྲོང་གཉན་ལྡེའུ།
     ཁོང་ནི་ཡབཁྲི་གཉན་གཟུངས་བཙན་དང་ཡུམ་འབྲོང་བཟའ་མོ་དུར་ཡངས་གཞེར་གཉིས་ཀྱི་སྲས་སུ་འཁྲུངས།
༣༡ སྟག་རི་གཉན་གཟིགས་སམ་དམུས་ལོང་དཀོན་པ་བཀྲ་ཤིས།
     ཁོང་ནི ས་ཕག ༥༧༩ལོར་ཡབ་འབྲོང་གཉན་ལྡེའུ་དང་ཡུམ་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་གཉིས་ཀྱི་ སྲས་སུ་སྐུ་འཁྲུངས་ཤིང༌། དེའི་དུས་སུ་བོད་གཅིག་གྱུར་བཟོ་འགོ་ཚུགས་པས། དེའི་སྐབས་སུ་བོད་ལ་ཚོང་ལས་ཆེས་ཆེར་དར། ས་ཡོས་༦༡༩ལོར་ཁོངརང་དགུང་དུ་གཤེགས།
༣༢ གནམ་རི་སྲོང་བཙན།
    ཁོང་ནི་ལྕགས་བྱ་༦༠༡ལོར་ཡབ་དམུས་ལོང་དཀོན་པ་བཀྲ་ཤིས་དང་ཡུམ་འོལ་གོང་བཟའ་སྟོང་བཙུན་འགྲོ་དཀར་གཉིས་ཀྱི་སྲས་སུ་འཁྲུངས།
༣༣ ཁྲི་སྲོང་བཙན་ནམ་སྲོང་བཙན་སྒམ་པོ།
     ཁོང་ནི་མེ་གླང༦༡༧ལོར་ཡབ་གནམ་རི་སྲོང་བཙན་དང་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌།ལྕགས་ཁྱི༦༥༠ལོར་སྐུ་དགོང་གཤེགས། སྲིད་ལོ༢༠ཙམ་ལ་བསྐྱངས།
༣༤ གུང་རི་གུང་བཙན། 
     ཁོང་ནི་ས་ཁྱི༦༣༨ལོར་ཡབ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཡུམ་མོང་བཟའ་ཁྲི་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། ལྕགས་ཁྱི༦༥༠ལོར་ཁྲིར་མངའ་གསོལ། ཤིང་ཡོས༦༥༥ལོར་སྐུ་དགོང་གཤེགས།
༣༥ མང་སྲོང་མང་བཙན།
     ཁོང་ནི་ཆུ་གླང་༦༥༣ལོར་ཡབ་གུང་རི་གུང་བཙན་དང་ཡུམ་འ་ཞ་བཟའ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌།   དགུང་ལོར༡༣ལོར་ཁྲིར་འཁོད། ས་ཡོས་༦༧༩ལོར་དགོང་ལོ་༢༧་ལ་ཕེབས་ཏེ་དགོངས་པ་རྫོགས།
༣༦ འདུས་སྲོང་མང་པོ་རྗེ།
     ཁོང་ནི་ས་ཡོས༦༧༩ལོར་ཡབ་མང་སྲོང་མང་བཙན་དང་ཡུམ་འབྲོ་བཟའ་ཁྲ་བོ་ཁྲི་མ་ལོང་གཉིས་ཀྱི་སྲས་སུ་ཡབ་དགོངས་ བ་འདས་ནས་ཞག་འགའ་ཞིག་སོང་རྗེས་སྐུ་འཁྲུངས་ཤིང༌། དགུང་ལོར༡༣ལོར་ཁྲིར་འཁོད། ཤིང་འབྲུག༧༠༤ལོར་མི་ཉག་ཏུ་སྐུ་དགུང་དུ་གཤེགས། འདུས་སྲོང་མང་པོ་རྗེའི་ཡུམ་འབྲོ་བཟའ་ཁྲ་བོ་ཁྲི་མ་ལོད།
༣༧ ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ།
     ཁོང་ནི་ལྕགས་འབྲུག༧༠༤ལོར་ཡབ་འདུས་སྲོང་མང་པོ་རྗེ་དང་ཡུམ་མཆིམས་བཟའ་བཙན་མོ་གཉིས་ཀྱི་སྲས་སུ་འཁྲུངསཤིང༌། དགོང་ལོ༡༣ལོར་ཁྲིར་བཞུགས། ཤིང་ལུག༧༥༥ལོར་ཡར་འབྲོག་རྨ་ཚལ་དུ་སྐུ་གཤེགས།
༣༨ ཁྲི་སྲོང་ལྡེ་བཙན།
    ཁོང་ནི་ལྕགས་རྟ༧༣༠ལོར་ཡབ་མེས་ཨག་ཚོམ་དང་ཡུམ་གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། བཙུན་མོ་ལྔ་ཁབ་ཏུ་བཞེས། དགོང་ལོ་ཉེར་ལྔ་ལོར་ཁྲིར་འཁོད། ཤིང་གླང༧༨༥ལོར་སྐུ་བཀྲོངས།
༣༩ མུ་ནེ་བཙན་པོ།
     ཁོང་ནི་ཆུ་སྟག༧༦༢ལོར་ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། དགོང་ལོར༢༣ལོར་ཁྲིར་འཁོད། མེ་སྟག༧༨༦ལོར་སྐུ་བཀྲོངས།
༤༠ མུ་ཏིག་བཙན་པོ།
    ཁོང་ནི་ཤིང་འབྲུག༧༦༤ལོར་ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། དགོང་ལོར༡༣ལོར་ཁྲིར་འཁོད། མེ་བྱ༨༡༧ལོར་སྐུ་འདས།
༤༡ ཁྲི་གཙུག་ལྡེ་བཙན་ནམ་རལ་བ་ཅན།
     ཁོང་ནི་མེ་ཁྱི༨༠༦ལོར་ཡབ་མུ་ཏིག་བཙན་པོ་དང་ཡུམ་ལྷ་རྩེ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌། མེ་བྱ༨༡༧ལོར་ཁྲིར་འཁོད། དེའི་དུས་སངས་རྒྱས་ཆོས་ལུགས་ཆེས་ཆེར་རྒྱས། ལྕགས་བྱ༨༤༡ལོར་སྐུ་བཀྲོངས།
༤༢ ཁྲི་དར་མ་ཨུ་དུམ་བཙན་ནམ་གླང་དར་མ།
     ཁོང་ནི་ཆུ་ལུག༨༠༣ལོར་ཡབ་མུ་ཏིག་བཙན་པོ་དངཡུམ་ལྷ་རྩེ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང༌།  ལྕགས་བྱ༨༤༡ལོར་ཁྲིར་འཁོད། མེ་སྟག༧༤༦ལོར་ལྷ་ས་རུ་སྐུ་བཀྲོངས། བཙན་པོ་དེའི་དུས་ནས་པུར་རྒྱལ་རྒྱལ་རབས་འཐོར་ཞིག་ཏུ་གྱུར་བའོ།།  

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...