སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཕག་གྲུའི་དཔོན་ཕྱི་མ་རིམ་བྱོན་གྱིས་བོད་སྲིད་བསྐྱངས་ཚུལ།
རྩོམ་པ་པོ། རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ། བསོད་ནམས་རྡོ་རྗེ། དུས་ཚོད། 2009-5-19 18:00:43 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
  ཕག་གྲུའི་སྲིད་དབང་གི་སྡེ་དང་པོ་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་ནས་བཟུང་དཔོན་ཕྱི་མ་རིམ་བྱོན་གྱིས་བོད་ཀྱི་སྲིད་དབང་ལེགས་པར་བསྐྱངས་པ་ཡིན་ལ།  དེར་དཔོན་ཕྱི་མ་བཅུ་ཕྲག་ཙམ་རིམ་པར་བྱོན་པ་ལས་སྡེ་སྲིད་ཁྲི་རབས་གཉིས་པ་ནི་འཇམ་འབྱངས་ཤྰཀྱ་རྒྱལ་མཚན་ཡིན་ཏེ།  ཁོང་རབ་བྱུང་དྲུག་པའི་ལྕགས་འབྲུག་སྤྱི་ལོ༡༣༠༤ལ་སྐུ་འཁྲུངས།  གཞོན་ནུའི་དུས་སུ་བླ་མ་ཀླུ་ལུང་བ་ལས་ཀློག་བསླབས་ཤིང་ཚེས་བཞི་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས་པར་མཚན་གྲགས་པ་བཟང་པོར་བཏགས།  དགུང་ལོ་དགུའི་སྟེང་མཁན་ཆེན་གཞོན་དབང་དང་སློབ་དཔོན་གཞོན་བརྩོན་གཉིས་ལས་རབ་ཏུ་བྱུང་སྟེ་མཚན་ཤྰཀྱ་རྒྱལ་མཚན་ཞེས་གསོལ།  དགུང་ལོ་བཅུ་གསུམ་སྟེང་རྩེད་ཐང་གི་གདན་ས་མཛད་ཅིང་ཐེལ་གདན་གཉིས་ཀར་བརྟག་གཉིས་དང་བཀའ་པོད་བཞི་སོགས་ལ་བཤད་པ་མཛད་པས་མཁས་པའི་མཚན་སྙན་ཐོབ་པར་གྲགས།  དེ་རྗེས་སུ་བུ་སྟོན་རིན་ཆེན་གྲུབ་ཀྱི་དྲུང་དུ་གསང་སྔགས་རྡོ་རྗེ་ཐེག་པའི་དབང་ལུང་མན་ངག་དང་བཅས་པ་གསན་བཞེས་རྒྱ་ཆེར་མཛད་པས་རྒྱུད་སྡེ་དཀྱིལ་འཁོར་གྱི་བདག་པོར་གྱུར།  དགུང་ལོ་བཅུ་དགུ་པར་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་བསྙེན་རྫོགས་མཛད་ནས་ལྷ་སར་ཆོས་འཁོར་དང་རྩེད་ཐང་གི་ཚོགས་པ་དགུང་ལོ་ཉེར་དྲུག་བར་ལོ་ངོ་བཅུ་གཅུམ་རིང་བསྐྱངས་པར་མཛད།  རབ་བྱུང་དྲུག་པའི་ལྕགས་གླང་སྤྱི་ལོ༡༣༦༡ལ་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་དྲུང་དུ་ཆེན་ཤེས་རབ་བཀྲ་ཤིས་འཁོར་བཅས་ཡོན་གོང་མར་འཚགས་ཞུར་བཏང་ནས་ཞུས་པ་ལྟར།  ཡོན་གོང་མ་མཐའ་ཤོས་པ་ཐོ་གན་ཐེ་མུར་གྱིས་ཤྰཀྱ་རྒྱལ་མཚན་གྱི་གཅུང་ཤྰཀྱ་རིན་ཆེན་ལ་ཕག་གྲུའི་ཁྲི་དཔོན་གྱི་འཇའ་ས་དང་དམ་རྟགས་སྤྲད་དེ་ཁྲི་དཔོན་དུ་བསྐོས་ཀྱང་།  འཇའ་ས་བསྒྲགས་རྟིང་ཟང་ཟིང་དང་ཁ་མཆུ་ཅི་རིགས་བྱུང་བའི་དབང་གིས་བྱང་ཆུབ་རྒྱལ་མཚན་གྱིས་རང་ཉིད་ཁམས་བཟང་ཐོག་ལ་ཕག་གྲུར་ཁྲི་དཔོན་གྱི་མིང་ལོགས་སུ་མི་དགོས་པ་བྱས་ཏེ་ཤྰཀྱ་རིན་ཆེན་གདན་ས་ཐེལ་དུ་བཞུགས་སུ་བཅུག་ནས་སྲིད་ཀྱི་དབང་ཆ་གཅིག་སྡུད་བྱས། རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ༡༣༦༥ལ་ཏྰ་སི་ཏུ་རང་ཉིད་སྐུ་བསྙུན་པའི་རྐྱེན་ལས་གསུང་བཀོད་ཞལ་ཏ་ནན་ཏན་དང་བཅས་ཤྰཀྱ་རྒྱལ་མཚན་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་ལ་དབང་བསྐུར་བར་མཛད་དེ་ཆབ་སྲིད་བསྐྱངས།  རབ་བྱུང་དྲུག་པའི་ས་སྦྲེལ་སྤྱི་ལོ༡༣༦༨ལ་ཧོར་རྒྱལ་ཐ་མ་ཐོ་གན་ཐུ་མུར་གྱི་རྒྱལ་ས་ཤོར་ནས་སོག་ཡུལ་དུ་བྲོས་ཤིང་།  ཏྰ་མིང་རྒྱལ་རབས་ཐོག་མ་ཧུང་ཝུ(洪武)རྒྱལ་སར་བསྐོས་ནས་ནན་ཅིན་དུ་མིང་རྒྱལ་རབས་བཙུགས་པས་རྒྱ་ནང་གི་ཆབ་སྲིད་ལ་འཕོ་འགྱུར་ཆེན་པོ་བྱུང་།  དེ་ནས་རབ་བྱུང་དྲུག་པའི་ཆུ་བྱི་སྤྱི་ལོ༡༣༧༢ལ་མིང་གོང་མ་ཐའི་ཙུའུ་ཀྲུའུ་ཡོན་ཀྲང་གིས་སྡེ་སྲིད་འདི་པརཀྭ་ཏིན་གུ་ཤྲི”(灌顶国师)སྟེ་རྒྱལ་ཁབ་སློབ་དཔོན་གཙུག་གི་ནོར་བུ་ཞེས་པའི་ཆོ་ལོ་དང་དམ་ཁ་གནང་ཐོག  བོད་ཆོལ་ཁ་གསུམ་ལ་ཤེས་སུ་འཇུག་པའི་འཇའ་ས་གནང་བ་དང་དེ་ནས་བཟུང་ཁོང་གི་མཚན་ལའང་གུ་ཤྲི་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་བྱུང་ལ།  འདི་ནི་ཏྰ་མིང་རྒྱལ་པོས་བོད་ཀྱི་སྡེ་སྲིད་ཕག་མོ་གྲུ་པར་འཇའ་ས་དང་ཆོ་ལོ་གནང་བའི་ཐོག་མ་ཡིན་ཞིང་མིང་རྒྱལ་རབས་སྐབས་བོད་རྒྱའི་དབང་སྒྱུར་གྲལ་རིམ་བར་གྱི་འབྲེལ་གཏུག་གི་མགོ་ཡང་འདི་ནས་བཟུང་བརྩམས་པ་ཡིན་ནོ།།
  སྡེ་སྲིད་འདི་པས་ཕག་གྲུའི་སྲིད་དབང་གི་འགན་བཞེས་རིང་ཆོས་སྲིད་ལུགས་གཉིས་ཐད་རང་གི་ཁུ་བོ་བྱང་ཆུབ་རྒྱལ་མཚན་གྱིས་གཏན་ལ་ཕབ་ཅིང་ཇི་ལྟར་གདམས་པ་བཞིན་ཕག་གྲུའི་སྲིད་དབང་འཛིན་སྐྱོང་སྤེལ་གསུམ་ལེགས་པར་གནང་བས།  སྐབས་དེར་བོད་ཀྱི་སྲིད་འབྱོར་རིག་གསུམ་གང་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་བོད་མི་དམངས་ཀྱི་འཚོ་བ་ཡང་བདེ་སྐྱིད་ལྡན་པ་ཁོ་ན་བྱུང་།  སྐབས་ཤིག་གཙང་ཕྱོགས་ཀྱི་སྡེ་དཔོན་འགའ་ཞིག་གི་བྱེད་པ་མི་ལེགས་པའི་སྟེང་དུ་དཔུང་གི་སྦྱོར་བ་ལན་གཉིས་ཙམ་བཤས་ཏེ་ཟིང་ཆའི་མེ་སྟག་རྨག་མེད་དུ་འཇོམས་དགོས་པ་ཙམ་ལས།  སྡེ་གཟར་སོགས་དུས་མི་བདེ་བ་ཆེན་པོ་བྱུང་བར་མཛད་པ་འཕྲིན་ལས་ཡར་རྒྱས་ཀྱི་ངང་སྲིད་དབང་ལོ་ངོ་དགུའི་རིང་བསྐྱངས་ཏེ་རབ་བྱུང་དྲུག་པའི་ཆུ་གླང་སྤྱི་ལོ༡༣༧༣ལ་སྐུ་ཞི་བར་གཤེགས།  ལོ་འདི་ལ་དགེ་ལྡན་བསྟན་པའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོ་མདོ་སྨད་དབུས་སུ་བྱོན་ཏེ་གཙང་ཞིང་ཁམས་ཀུན་ཏུ་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་གསན་བཞེས་མཛད་པ་ལགས།
  ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་རབས་གསུམ་པ་ནི་སྤྱན་སྔ་གྲགས་པ་བྱང་ཆུབ་ཡིན་ལ།  གྲགས་པ་བྱང་ཆུབ་བམ་ཚེས་བཞི་གསར་མར་འབོད་པ་ཁོང་རབ་བྱུང་དྲུག་པའི་མེ་སྤྲེལ་སྤྱི་ལོ༡༣༥༦ལ་སྐུ་འཁྲུངས།  དགུང་ལོ་བཞི་བའི་སྐབས་ཀློག་བསླབས་ཤིང་དེ་རྗེས་གཅེན་རྒྱལ་སྲས་གྲགས་པ་རིན་ཆེན་ལས་བརྟག་གཉིས་གསན་སྦྱོང་མཛད།  དགུང་ལོ་བཅུ་གཉིས་པར་སྤྱན་སྔ་གྲགས་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་པས་མཚན་གྲགས་པ་བྱང་ཆུབ་ཏུ་གསོལ།  དེ་ལས་ཆོས་དྲུག་གི་ཁྲིད་སོགས་གསན་ཏེ་རྩེད་ཐང་དུ་བརྟག་གཉིས་ཀྱི་བཤད་པ་རྒྱ་ཆེར་མཛད།  དགུང་ལོ་བཅོ་ལྔའི་

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...