སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལ་དྭགས་རྒྱལ་རབས་དར་ཚུལ་སྐོར་ཅུང་ཙམ་གླེང་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། བསོད་ནམས་རྡོ་རྗེ། དུས་ཚོད། 2009-8-11 9:23:07 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
    སྤྱིར་བཏང་དུ་མངའ་བདག་དཔལ་འཁོར་བཙན་གྱི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་སྐྱིད་ལྡེ་ཉི་མ་མགོན་གཉིས་འཁྲུངས་པའི་དུས་ཚོད་ནམ་ཡིན་པ་ཞིབ་ཆ་འཁོད་པའི་ཡིག་ལམ་མ་རྙེད་རུང་རབ་ཀྱི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་གཞིགས་ན་སྤྱི་ལོའི་དུས་རབས་བཅུ་བའི་ལོ་རབས་བཅུ་པ་ནས་ཉི་ཤིའི་བར་ཡིན་པར་བཤད་ལ།  མངའ་བདག་དཔལ་འཁོར་བཙན་སྟག་རྩེ་སྙགས་ཀྱིས་བཀྲོངས་རྗེས་སྲས་གཉིས་རྒྱལ་སྲིད་ལ་དབང་བསྐུར་བའི་ཐད།  ལོ་རྒྱུས་ཡིག་ཚང་མང་པོའི་བཞེད་ཚུལ་མི་མཐུན་ཏེ།  ལྡེའུ་ཆོས་འབྱུངལས།  གླང་ལོ་ལ་ཁེང་ལོག་བྱུང་།  མཐའི་རྒྱ་དྲུག་རྒོད་དུ་ཤོར།  ལྷ་སྲསདཔལ་འཁོར་བཙནཉིད་ཀྱང་སྟག་རྩེ་སྙགས་ཀྱིས་བཀྲོངས།  ལྷ་སྲས་མཆེད་གཉིས་གཙང་དུ་བྲོས།  ཞེས་པ་དང་།  བུ་སྟོན་དང་ངོར་བ་དཀོན་མཆོག་ལྷུན་གྲུབ་བཞེད་པ་མཐུན་པར་བཀྲ་ཤིས་བརྩེགས་པས་རྒྱལ་སྲིད་བཟུང་ཞེས་དང་།  ས་ཆེན་རྒྱལ་རབས་ནང་བཀྲ་ཤིས་བརྩེགས་པས་ཡབ་གཤེགས་རྗེས་རྒྱལ་སྲིད་བཟུང་བར་བཞེད་མི་མཐུན་པ་མེད་མོད།  ནམ་བཟུང་བའི་དུས་ཚོད་ཐདལྡེའུ་ཆོས་འབྱུངདུ་ཡབ་བཀྲོངས་རྗེས་སྲས་གཉིས་གཙང་དུ་བྲོས་པར་བཞེད་ཀྱང་།  སྐྱིད་ལྡེ་ཉི་མ་མགོན་སྐུ་ནར་སོན་རྗེས་ཁོང་གི་སྲིད་ཕལ་ཆེར་ཡུམ་བརྟན་རྒྱུད་ཀྱིས་ཁྱེར་བས་བཞུགས་བཟོད་མི་བདེ་བ་བྱུང་སྟེ་མངའ་རིས་སུ་བྱོན་ཁར་ཡབ་ཀྱི་ཞལ་ནས་ལྷོ་མོན་དོང་ཁ་ཕྱེ་བ་འདྲ་བ་དང་བྲུ་ཤ་དང་སྦལ་ཏི་དང་ས་སྒང་གི་གྲོག་མོ་ལ་སོགས་མི་དང་མི་མིན་པའི་གནོད་པ་མང་པོ་ཡོད་པས།  ཡི་དམ་སྲུང་མར་མདོ་སྔགས་ཀྱི་ཆོ་ག་འདི་རྣམས་ཀྱིས་ཤིག་གསུངས་ནས་གནང་བས།  མངའ་རིས་ཀྱི་བརྩད་པོ་རྣམས་ཆབ་སྲིད་དང་མངའ་རིས་མཐོ་བར་བྱིན་རླབས་ཆེ་བ་ཡིན་ཞེས་ཡབ་ཐུགས་ཕྲེང་བའི་རྣམ་པ་དང་བཅས་ཕྱིན་ཆད་གནང་སྒོའི་བསླབ་བྱ་ཞིབ་མོར་གནང་པ་སོགས་ལོ་རྒྱུས་ཡིག་ཚང་དུ་འཁོད་ཡོད་པས་མངའ་བདག་དཔལ་འཁོར་བཙན་དང་སྐྱིད་ལྡེ་ཉི་མ་མགོན་ཡབ་སྲས་གཉིས་གྱེས་པའི་ལོ་ཚིགས་དེ་དུས་རབས་བཅུ་བའི་ལོ་རབས་བཅུ་བའིསྤྱི་ལོ༩༡༠ཡས་མས་ཡིན་དགོས་ཏེ།  བོད་བཙན་པོའི་གདུངས་རབས་ཚིག་ཉུང་དོན་གསལ་དངལྡེའུ་ཆོས་འབྱུངསོགས་སུ་མངའ་བདག་འོད་སྲུང་སྤྱི་ལོ༨༨༠ནས༨༨༡ལོར་འདས་པར་གསུངས་པ་ལ་དཔགས་ན།  མངའ་བདག་དཔལ་འཁོར་བཙན་འོད་སྲུང་འདས་པའི་ལོར་འཁྲུངས་པའི་དབང་དུ་བཏང་ན་མཐར་དགུང་ལོ་སོ་གཅིག་སྟེང་གྲོམ་པ་ལ་རྩེར་སྟག་རྩེ་སྙགས་ཀྱི་བཀྲོངས་པ་ཞལ་མཐུན་ཕྱིར་དང་།  གལ་ཏེ་མངའ་བདག་དཔལ་འཁོར་བཙན་དང་སྐྱིད་ལྡེ་ཉི་མ་མགོན་ཡབ་སྲས་གྱེས་པའི་ལོ་ཚིགས་དེ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་བཞེད་པའི་ཆུ་འབྲུག་སྤྱི་ལོ༩༦༥ལོ་ཡིན་པའི་དབང་དུ་བཏང་ན།  ལྷ་བླ་མ་ཡེ་ཤེས་འོད་སྤྱི་ལོ༩༦༥ལོར་འཁྲུངས་ནས་སྤྱི་ལོ༩༩༦ལོར་གུ་གེའི་མཐོ་ལྡིང་གསེར་གྱི་ལྷ་ཁང་ཆེན་མོ་བཞེངས་པ་དང་ལོ་ཙཱ་བ་རིན་ཆེན་བཟང་བོ་ས་རྟ་སྤྱི་ལོ༩༥༦ལོར་མངའ་རིས་གུ་གེར་འཁྲུངས་ཤིང་ལྷ་བླ་མའི་བཀའ་དང་དུ་བླངས་ཏེ་རྒྱ་གར་དུ་ཕེབས་པ་དང་ལ་དྭགས་ཁྲི་རྩེའི་ཉེར་མའི་ལྷ་ཁང་བཞེངས་པ་སོགས་ཀུན་གྱིས་བཞེད་པ་དེ་མངའ་རིས་ལ་དྭགས་དང་གུ་གེའི་རྒྱལ་རབས་ཚུགས་ཏེ་མི་རབས་གཉིས་འདས་རྗེས་ཀྱི་བྱ་བ་ཡིན་ལ།  གལ་ཏེ་མངའ་བདག་དཔལ་འཁོར་བཙན་ཡབ་སྲས་གྱེས་པའི་ལོ་ཚིགས་དེ་སྤྱི་ལོ༩༩༢ཡིན་ན།  ལྷ་བླ་མ་ཡེ་ཤེས་འོད་གུ་གེའི་རྒྱལ་ཐོག་གཉིས་པ་ཡིན་ཐབས་བྲལ་ཞིང་མཐོ་ལྡིང་མགོན་པ་བཞེངས་པའི་ལོ་ཚིགས་ཀྱང་ཡོངས་གྲགས་དང་མཐུན་ཐབས་མེད་པ་མ་ཟད།  མངའ་རིས་སྤྱིའི་རྒྱལ་པོ་སྐྱིད་ལྡེ་ཉི་མ་མགོན་གྱིས་ཤིང་ཕོ་རྟ་སྤྱི་ལོ༩༣༤དང་ཤིང་འབྲུག་སྤྱི་ལོ༩༣༥ལོར་རིམ་བཞིན་མངའ་རིས་ར་ལ་ཁ་དམར་དང་རྩེ་ལོ་རྒྱ་རི་བརྩིགས་པ་སོགས་ལའང་མཐུན་ཐབས་མེད་པའི་ཕྱིར་རོ།།
    དེ་བཞིན་དུ་སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་ས་ཁུལ་ནས་ཆབ་སྲིད་ཀྱི་རྟེན་གཞི་བཟང་པོ་ཞིག་མྱུར་དུ་རྙེད་དེ་བོད་བཙན་པོའི་གདུང་རྒྱུད་ཀྱིས་དབང་སྒྱུར་བའི་རྒྱལ་རབས་ཤིག་འཛུགས་ཐུབ་པ་ལའང་།  གཅིག་ནས་ཡབ་མེས་ཀྱི་རིང་ནས་བཟུང་བའི་མངའ་ཁོངས་ཀྱི་རྨང་གཞི་སྲ་བརྟན་ཞིག་ཡོད་པ་དང་།  གཉིས་སུ་མངའ་བདག་དཔལ་འཁོར་བཙན་གྱི་རིང་།  སྟོད་མངའ་རིས་ཀྱི་གཙུག་ལག་ཁང་སོགས་གཙུག་ལག་ཁང་བརྒྱ་བཞེངས་པའི་མཚོན་བོད་བཙན་པོའི་ཕྱག་སྲོལ་བཞིན་སྟོད་མངའ་རིས་ནི་ཁད་ཅིང་རིང་བས་མགོ་འཛིན་པའི་སྡེ་དཔོན་ཡོད་པ་ཙམ་ལས་ལྡེ་དཔལ་འཁྲོ་བཙན་གྱི་བར་དུས་སུ་བོད་བཙན་པོའི་ཐུགས་རྗེས་ཡུན་རིང་བསྐྱངས་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་ཞིག་ཆགས་ཡོད་ལ།  གསུམ་དུ་སྟོད་མངའ་རིས་ལ་དྭགས་ནས་བར་དབུས་གཙང་རུ་བཞི།  སྨད་མདོ་ཁམས་སྒང་དྲུག་གི་འཛིན་མའི་ཁྱོན་ན་འཚོ་བའི་གངས་ཅན་པ་ཡོངས་ལ་ཐུན་མོང་རིག་གནས་ཀྱི་བག་ཆགས་ཟབ་མོ་ཞིག་ཡོད་པ་དང་།  བཞི་ནས་བོད་ཆེན་པོའི་རྒྱལ་རབས་སྣུམ་ཟད་ཀྱི་སྒྲོན་མེ་ཇི་བཞིན་ངན་གཡོའི་རླུང་འཚུབ་ཁྲོད་འཇིག་སྟེ་སྐྱ

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...