སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་བ་བཅུ་གསུམ་པས་བྱིས་པ་ཉེར་སྤྱོད་གོང་འཕེལ་སྐོར་རྫོང་གཞིས་ཁག་ལ་བསྩལ་བའི་རྩ་ཚིག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། admin དུས་ཚོད། 2009-9-1 9:40:52 རྩོམ་ཁུངས། (བོད་རབ་བྱུང་བཅུ་བཞི་པ་མེ་ཞེས་པའི་མེ་ཕོ་འབྲུག་གི་ལོ་ཧན་ཧྥོང་ཁྲི་ལོ་དྲུག་པ་སྤྱི་ལོ༡༨༥༦) ཀློག་གྲངས།
བོད་རབ་བྱུང་བཅུ་བཞི་པ་མེ་ཞེས་པའི་མེ་ཕོ་འབྲུག་གི་ལོ་ཧན་ཧྥོང་ཁྲི་ལོ་དྲུག་པ་སྤྱི་ལོ༡༨༥༦
  རབ་དཀར་བསིལ་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་ལྗོངས་ཀྱི་སྐྱེ་དགུ་སྤྱི་དང་བྱེ་བྲག་གནམ་བསྐོས་གཞུང་སའི་ལས་བཞིའི་དཔལ་ལ་སྤྱོད་པའི་མདའ་རྩིས་གསུམ་གྱི་མཚོན་དྲུང་རིགས་སྤྱི་དང་།  རྫོང་གཞིས་མངའ་འབངས་སུ་གཏོགས་པ་ཡོད་དོ་ཅོག་མཆོག་དམན་མཐའ་དག་ལ་བཟློ་བ།
  བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་སྐལ་ལྡན་གྱི་འདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་དམ་པར་བགྱི་བའི་ཐབས་ལ་མཁས་ཤིང་།  ཚད་མེད་ཐུགས་རྗེའི་བདག་ཉིད་དེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་ནད་རིགས་ཀྱི་གཉེན་པོར་ཉམས་ལེན་ཐོག་ཏུ་འཁེལ་ན་འཕྲལ་དང་ཡུན་གྱི་ཕན་བདེ་མ་ལུས་པ་བདེ་བླག་ཏུ་འབྱུང་བར་གསུངས་པ་ལྟར་སྔོན་བྱོན་རྒྱ་བོད་ལོ་པཎ་མཁས་གྲུབ་དུ་མས་ལུང་དང་།  རྟོགས་པའི་བསྟན་མཆོག་འདི་ཉིད་ཉིན་བྱེད་ལྟར་གསལ་བར་མཛད་པའི་ནང་ཚན་དཔལ་ལྡན་གསོ་བ་རིག་བརྒྱུད་ཀྱི་དགོངས་དོན་བྱིས་པ་ཉེར་སྤྱོད་ཀྱི་ཐབས་གཏོ་རྟེན་འབྲེལ་དང་།  གཙུག་ལག་རྩིས་ཀྱིས་སྒོ་ནས་ཚེ་བརྟག་འཁོར་ལོའི་ལེགས་ཉེས་བླ་དོར་གསལ་པོར་སྟོན་པ་བཅས་ཀྱི་འཕྲིན་ལས་དར་ཁྱབ་ཆེ་བ་དེ་ལྟར་ཡང་།  བར་སྐབས་སྙིགས་ལྔའི་རང་མདངས་མངོན་འགྱུར་གྱི་མནོག་ཆུང་འདི་སྣང་ཁོ་ནའི་དོན་གཉེར་གཙོ་འདོན་གྱིས་སྨན་རྩིས་སོགས་རིག་གནས་ལ་འབད་བརྩོན་ཆུང་གཤིས།  རིགས་མྱུག་འཚོ་ཞིང་ཤེས་རབ་འཕེལ་བའི་ལག་རྒྱུན་ཉམས་ལེན་བྱེད་མི་མེད་རྐྱེན་མི་རིགས་ཕལ་ཆེར་དུས་མིན་འཆི་བས་མཚོན་གླེན་ལྐུགས་སོགས་མི་འདོད་ཐོག་བབས་ཀྱི་སྣང་ཚུལ་ལས་ལྡོག་སྟེ།  འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་འཕེལ་ཆེད་འདི་གའི་བླ་སྨན་ཆེ་བ་གམ་བཅར་སྤྱི་ཁྱབ་མཁན་པོ་ཆེང་སུ་ཅིག་ཐུ་མེར་རྒན་དངོས་གཞི་བྱམས་པ་ཐུབ་དབང་ནས་བྱིས་པ་ཉེར་སྤྱོད་ཀྱི་བླ་དོར་བྱེད་སྒོའི་ཕན་ཡོན་གསོ་བ་རིག་པའི་མན་ངག་ལས་ཁོལ་ཕྱུང་མཐོང་ཤེས་ཀ་གསལ་དོན་བསྡུས་གཞུང་མཐུན་དང་།  སྨན་རིགས་རྩའགངས་ཕྱོགས་བསྡུས་རིལ་བུ་ཁག་བརྒྱད་སྔ་ཕྱི་ཨང་རྟགས་དང་འབྲེལ་རྟགས་འབྱར་ཧྲིཿཔར་བཅས་ཟུར་བསྲིངས་སོང་བ།  བུད་མེད་སྦྲུམ་མ་བཅས་རྒྱུ་ཡོད་རིགས་ལ་སྨན་སྔ་ཕྱི་མ་འཛོལ་བར་སྟེར་སྦྱིན་ཐོག་འཕྲལ་མར་ལྕེ་སྟེང་ཧྲིཿ་ཡིག་པར་འདེབས་སོགས་བྱིས་པ་ཉེར་སྤྱོད་ཟུར་བསྲིངས་ལྟར་ཐབས་དང་།  རྟེན་འབྲེལ་གྱི་ལེགས་ཚོགས་མ་འཛོལ་བར་འདུ་བགྱིས་ན་ནད་མེད་ཚེ་རིང་ཞིང་།  ཤེས་རབ་དབང་པོ་གསལ་ལ་དཔལ་འབྱོར་གྱི་སྟོབས་རྒྱས་པ་སོགས་ལེགས་པའི་ཡོན་ཏན་ཇི་སྙེད་འབྱུང་བ་བསླུ་མེད་མྱོང་གྲུབ་དངོས་རྗེན་སྟབས།  དཔེར་ན།  རིན་པོ་ཆེའི་རྡོ་རིགས་ལ་བཟོ་བ་མཁས་པས་བྱི་དོར་ལེགས་པར་བྱས་ན་ནོར་གྱི་མཆོག་ཏུ་འཛིན་པ་བཞིན་ཁྱད་ཆོས་བྲིན་འཇགས་ཆེ་བ་ཡོང་རྒྱུར་ཕ་མ་སོ་སོས་སྤང་བླང་དོ་བརྩོན་ཐོག་འདི་སྐོར་ཁོངས་སྨན་པ་ཇི་ཡོད།  ཡུལ་མི་དོན་གཉེར་ཅན་སུ་ཡོད་དོ་དམ་འོས་ངེས་འཆར་འབུལ་འཕྲལ་དུ་དགོས་རྒྱུ་དང་།  དེ་མཚམས་དྲག་རེས་ཀྱི་རྫོང་སྡོད་ངོ་མ་དང་མཉམ་དུ་སྦྲེལ་བསྐོ་གཞག་གིས་རྫོང་གཞིས་དོ་དམ་རོགས་བྱེད་བཅས་ནས་སྐྱིད་སྡུག་བཟང་ངན་ལ་མ་ལྟོས་པར་ཁྱབ་སྤེལ་ཐུབ་པ་དང་།  འཁོས་འབྱོར་བཟང་རིགས་ནས་དད་འདུན་བློས་དཔྱད་སྨན་རིན་སྤྲད་རིགས་འདི་ལ་འདི་བྱུང་དང་།  བུ་ཕྲུག་འདི་ལ་འདི་བྱིན་སོགས་བྱས་རྗེས་ཐོ་གཞུང་ཁམས་དྭངས་ངེས་འགོད་ལ་དོ་བདག་སོ་སོའི་རྟགས་འབྱར་དང་སྦྲགས་ངེས་བསྲིངས་བྱུང་བསྟུན་དགེ་རྒྱུན་སྨན་ཁང་དུ་འཕེལ་རྒྱས་ཆེད་སྤྲད་དེ་མིན་སྨན་མིག་ཕན་བྱེད་རྒྱུར་དེ་རྩིས་བར་བཟོས་ཧེ་བག་མེད་པ་བྱེད་ཅིང་།  ཡང་རིན་གོང་འཁྱེར་འཁོས་བཟང་ངན་གྱི་ཇི་སྤྱད་ལས་རིན་སྒྲིགས་ཙམ་ཟ་བེད་བརྡབ་གསིག་རིགས་དངོས་ཤུགས་བརྒྱུད་དུ་གཏན་ནས་མི་ཆོག  བོད་ཁོངས་མིན་རིགས་ནས་སྨན་ཉོ་མི་ཡོད་ཚེ་བྱིས་པ་རེ་ར་གོང་གསལ་སྨན་ཁག་བརྒྱད་ནས་ཐེབས་རེ་སྤྱིར་རིན་དངུལ་སྲང་དོ་ཞོ་བལི་རེ་སྤྲོད་ལེན་གྱི་ཧེ་བག་མེད་པའི་ཐོ་གཞུང་བཀོད་དེ་རྩིས་རྒྱག་དགོས་རྒྱུ།  སྨན་རྫོགས་མཚམས་གནས་ཚུལ་བྱུང་བསྟུན་ལྷ་ལྡན་སྨན་རྩིས་ཁང་ནས་ལག་འཛངས་མེད་པར་གཏོང་ལེན་བགྱིས་འཐུས།  ཕྱོགས་མཚུངས་ཕལ་ཆེར་ལ་སྐྱེད་དུས་གཟའ་སྐར་འདི་ཡིན་ཙམ་བརྗོད་རྒྱུ་མེད་པ་བྱོལ་སོང་གི་ཕྲུག་གུ་ཁྱད་མེད་འདུག་གཤིས་ཆོས་དང་།  འཇིན་རྟེན་གྱི་ལས་སྐལ་ཇི་ཡོད་མུན་ཁུང་མདའ་འཕེན་ཁོ་ན་ལས་འཕྲིན་ལས་ཞབས་འདེགས་ལྟ་ཅི།  རྟེན་འབྲེལ་ག་འཛོལ་དབང་གིས་སོ་སོའི་ལྟོ་གོས་ཀྱི་ལས་ཐབས་ཀྱང་ཇི་བཞིན་མཐར་མི་སོན་པ་སོགས་ཉེས་སྐྱོན་ཇི་སྙེད་ལ་བརྟེན་ནས་ཕྲུག་གུ་སྐྱེས་རིགས་སོ་སོའི་ལོ་ཟླ་གཟའ་ཚེས་དུས་ཚོད་སྔ་ཕྱི་འཕྱུགས་མེད་ངོ་བཟུང་ཐོ་བཀོད་ཐོག་རྩིས་ཀྱི་ལག་ལེན་ཡོད་པར་ཚེ་རབས་ལས་རྩིས་གཟའ་དགུའི་དབྱངས་འཆར་སྐྱེས་རྩིས།  སྐྱེ་རྟགས་འཁོར་ལོ་བཅས་སོ་སོའི་འཁོས་འབྱོར་ལ་གཞིགས་པའི་ཞིབ་ནན་བྱས་ཏེ་གཅིག་དོ་བདག་སོ་སོས་ཉར་ཚགས་ཀྱིས་བླང་དོར་འཕྱུགས་མེད་དགོས་རྒྱུ་མ་ཟད་རྩིས་པ་མེད་པ་དང་།  ཕ་མ་འཁོས་འབྱོར་ཞན་རིགས་ནས་ས་གནས་སུ་རྩིས་འབྲས་སྐོར་ཐུབ་མི

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...