སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་དབང་བཅུ་གསུམ་པའི་སྐབས་ཀྱི་ལོ་རྒྱུས།(དང་པོ)
རྩོམ་པ་པོ། རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ། admin དུས་ཚོད། 2009-9-10 13:52:15 རྩོམ་ཁུངས། རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ནི་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་ཡིན་ལ། ཀློག་གྲངས།
 
  རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ནི་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་ཡིན་ལ།  ཁོང་རབ་བྱུང་བཅོ་ལྔ་བའི་མེ་བྱི་སྤྱི་ལོ༡༨༧༦ལ་བོད་དབུས་ཤར་དྭགས་སྨད་ཁུལ་གྱི་གླང་མདུན་ཞེས་པའི་སར་ཡབ་ཀུན་དགའ་རིན་ཆེན་དང་ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  དེ་ཡང་རྒྱལ་དབང་བཅུ་གཉིས་པ་སྐུ་འདས་རྗེས་རྒྱལ་ཚབ་རྟ་ཚག་རིན་པོ་ཆེ་དང་བོད་གཞུང་བཅས་ནས་ཡང་སྲིད་རྩད་གཅོད་ཀྱི་བཀོད་འདོམས་དང་ངོས་འཛིན་ཞུ་ཕྱོགས་ཐད་སྔར་སྲོལ་ལྟར་ལྷ་བླར་ལུང་ཞུ་དང་བསྟུན།  པཎ་ཆེན་སྐུ་འཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་མཆོག་ལ་ཐུགས་བརྟག་ཞུས་པར་ཡང་སྲིད་འཁྲུངས་ཡོད་ཚུལ་དང་འཁྲུངས་ཕྱོགས་བཅས་ལུང་གསལ་བར་བྱུང་ལ།  དེ་ནས་དྭགས་པོ་གླང་མདུན་དུ་འཁྲུངས་པའི་ཆུང་སྲིད་འདི་པ་ངོ་མཚར་དང་སྙན་གྲགས་ཆེ་བར་བརྟེན་མི་སྣ་ཆེད་རྫོངས་ཀྱིས་ཐོག་མའི་ངོས་འཛིན་ཞུས་ཐོག  པཎ་ཆེན་ཐམས་ཅད་མཁྱེན་པ་དང་རྒྱལ་ཚབ་རྟ་ཚག་རིན་པོ་ཆེ།  གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ།  གཞུང་ཞབས་སེར་སྐྱ་དཔོན་རིགས་བཅས་ནས་བློ་རྩེ་གཅིག་མཐུན་དུ་ཡང་སྲིད་རིན་པོ་ཆེ་དཔྱད་གསུམ་གྱིས་འཁྲུལ་བྲལ་ངོས་འཛིན་ཞུས་ཤིང་།  ཚུལ་དེའང་ཆིན་གོང་མར་གསེར་སྙན་སྒྲོན་འབུལ་ཞུས་ཏེ་གསེར་བུམ་དཀྲུག་འདོན་མ་དགོས་པར་ངོས་འཛིན་འཐུས་པ་བྱུང་།  རབ་བྱུང་བཅོ་ལྔ་བའི་མེ་གླང་སྤྱི་ལོ༡༨༧༧པའི་ལོ་མཇུག་ལ་བོད་ཀྱི་བཀའ་བློན་གཙོས་པའི་སྐྱ་སེར་དཔོན་རིགས་ཀྱི་འཁོར་ཚོགས་ཆེན་པོས་ཡང་སྲིད་རིན་པོ་ཆེ་འཁྲུངས་ཡུལ་ནས་གདན་འདྲེན་ཞུས་ཏེ་ཚལ་གུང་ཐང་དུ་ཞབས་སོར་བཀོད།  ཕྱི་ལོའི་ལོ་གསེར་ཚེས་མགོར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དང་རྒྱལ་ཚབ་རིན་པོ་ཆེ།  ཡོངས་འཛིན་ཕུར་ལྕོགས་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་བོད་རྒྱའི་ཆེ་རྒུ་རྣམས་ཀྱིས་རྒྱལ་བའི་ཡང་སྲིད་རིན་པོ་ཆེ་དང་ཞལ་འཛོམས་གནང་ཐོག  ལེགས་སོའི་དར་འབུལ་ཞུས་བསྟུན་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གིས་ཡང་སྲིད་རིན་པོ་ཆེའི་དབུ་སྐྱེས་གཙུག་ཕུད་བཞེས་པར་མཛད།  རབ་བྱུང་བཅོ་ལྔ་བའི་ས་ཡོས་སྤྱི་ལོ༡༨༧༩ལ་རྒྱལ་ཚབ་རིན་པོ་ཆེས་གཙོས་བོད་རྒྱའི་སེར་སྐྱ་དྲག་རིགས་དང་མི་སེར་རྒྱ་ཆེ་བས།  ཆིབས་བསུ་སེར་སྦྲེང་གཟབ་ཅིང་རྒྱས་པ་སྔར་ལུགས་ལྟར་མཛད་དེ་ཡང་སྲིད་རིན་པོ་ཆེ་ཕོ་བྲང་ཆེན་པོ་གྲུ་འཛིན་གཉིས་པར་ཞབས་སོར་བཀོད་ཅིང་དེ་ནས་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་ཡང་སྔར་ལམ་ལྟར་བསམ་གྱིས་མི་ཁྱབ་པ་གནང་སྟེ་བོད་འབངས་སྐྱེ་བོ་མཐའ་དག་དགའ་སྤྲོའི་དཔལ་ལ་ཅི་དགར་རོལ་བར་བྱས་སོ།།
  རབ་བྱུང་བཅོ་ལྔ་བའི་ཆུ་རྟ་སྤྱི་ལོ༡༨༨༢ལ་རྒྱལ་བའི་ཡང་སྲིད་མཆོག་དགུང་གྲངས་བདུན་པར་ཕེབས་སྐབས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་སྙུང་བཞེས་ཀྱི་རྐྱེན་པས་རྒྱལ་ཚབ་རྟ་ཚག་རིན་པོ་ཆེའི་མདུན་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་པར་མཛད།  ཕྱི་ལོར་པཎ་ཆེན་སྐུ་འཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་མཆོག་དགུང་གྲངས་ཉེར་བརྒྱད་སྟེང་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།  རབ་བྱུང་བཅོ་ལྔ་བའི་མེ་ཁྱི་སྤྱི་ལོ༡༨༦༦ལ་རྒྱལ་ཚབ་རྟ་ཚག་རིན་པོ་ཆེ་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་འདས།  དེ་ནས་བཀའ་བློན་རྣམ་བཞིས་གཙོས་གཞུང་སའི་སྐྱ་སེར་སྤྱི་མོས་ནས་རྒྱལ་དབང་མཆོག་སྤྲུལ་སྐུ་ནར་མ་སོན་ཅིང་ཐུགས་གཉེར་གསན་བསམ་མཛད་དགོས་བཅས་ཀྱིས་རེ་ཞིག་འཕྲིན་ལས་ཀྱི་མཛད་པོ་སྲིད་སྐྱོང་ཁུར་འཛིན་དུ་དེ་མོ་རིན་པོ་ཆེ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་གནང་དགོས་ཚུལ་གོང་མར་སྙན་སྒྲོན་ཞུས་ཏེ་སྲིད་སྐྱོང་དུ་བསྐོ་བཞག་གནང་།    རབ་བྱུང་བཅོ་ལྔ་བའི་ས་བྱི་སྤྱི་ལོ༡༨༨༨ལ་པཎ་ཆེན་སྐུ་འཕྲེང་བརྒྱད་པའི་ཡང་སྲིད་དྭགས་པོ་དྷམ་པ་ཁུལ་དུ་འཁྲུངས་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་འཁྲུལ་བྲལ་ངེས་སྙེད་ཀྱིས་ངོས་འཛིན་ཞུས་ཏེ་གདན་སར་བཀོད།
  དེའང་རྒྱལ་དབང་བཅུ་གསུམ་པ་མཆོག་ནི་རྒྱལ་བ་སྐུ་འཕྲེང་གོང་མ་རིམ་བྱོན་ལས་དགུང་གྲངས་མཐོ་ཤོས་བཞུགས་པ་དང་ཆོས་སྲིད་ཀྱི་མཛད་པ་ཅུང་ཟད་རྒྱས་པའི་གྲས་ཤིག་ཡིན་ལ།  ཁོང་གི་སྐུ་ཚེ་ཧྲིལ་པོའི་མཛད་པ་རྒྱ་ཆེ་བ་ལས་སྲིད་དང་འབྲེལ་བའི་མཛད་རྗེས་རྣམས་མདོར་བསྡུས་སུ་བརྗོད་ན་གཤམ་གསལ་འགའ་སྟེ།
  དང་པོ།  བཙན་འཛུལ་དགྲ་བོར་འཐབ་སྟེ་མེས་རྒྱལ་མཐའ་མཚམས་སྲུང་བའི་ཚུལ་ནི།  དེའང་དུས་སྐབས་འདི་དག་ནི་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་གཙོས་པའི་ཕྱི་གླིང་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་མང་པོ་དཔལ་འབྱོར་སྟོབས་ཤུགས་རྒྱས་སྟབས་དཔུང་ཤུགས་ཀྱང་ཆེས་ཆེར་ལྡན་པར་གྱུར་པར་བརྟེན།  འཛམ་གླིང་ཡུལ་གྲུ་སོ་སོར་བཙན་འཛུལ་དང་འཕྲོག་བཅོམ་བཅས་ཀྱི་དུས་འཁྲུག་རབ་དང་རིམ་པ་བྱུང་བ་ཡིན་ལ།  ཡང་ཀྲུང་གོའི་ཆིན་རྒྱལ་རབས་ནི་ཉམས་རྒུད་དུ་སོང་ནས་ལ་ཁའི་ཉི་མ་ད

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...