སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱིས2017ལོའི་གཟུགས་འདས་ཤུལ་བཞག་རིག་གནས་དྲིལ་སྒྲོག་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ།
རྩོམ་པ་པོ། ཁུལ་མང་ཚོགས་སྒྱུ་རྩལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-13 16:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
     ཟླ6པའི་ཚེས10ཉིན་གྱི་སྔ་དྲོཀྲུང་གུང་མཚོ་ལྷོ་ཁུལ་ཨུ་དྲིལ་སྒྲོག་པུའུ་དང་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཁུལ་སློབ་གསོ་ཅུའུ་གསུམ་གྱིས་གཙོ་སྒྲུབ་བྱས་ཤིང་། ཁུལ་མང་ཚོགས་སྒྱུ་རྩལ་ཁང་། ཁུལ་བརྙན་འཕྲིན་ཁང་། ཁུལ་ཟློས་གར་ཚོགས་པ།ཁུལ་དཔེ་མཛོད་ཁང་། གསེར་ཆེན་རྫོང་སློབ་གསོ་ཅུའུ། གསེར་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཁུལ་རིག་རྩལ་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་མཛད་པའི་མཚོ་ལྷོ་ཁུལ་གྱིས2017ལོའི༼རིག་གནས་དང་རང་བྱུང་ཤུལ་བཞག་རིག་གནས་ཉིན་མོའི༽གཟུགས་འདས་ཤུལ་བཞག་རིག་གནས་དྲིལ་སྒྲོག་འགྲེམས་སྟོན་གྱི་བྱེད་སྒོ་གྲོང་གསར་བྱང་མའི་རིག་གནས་བརྒྱུད་སྒྲོག་སྨྱན་སྦྱོར་ཐང་ཆེན་དུ་རྒྱལ་ཁའི་ངང་སྤེལ་བ་ཡིན།
     དབྱར་ཟླ་དྲུག་པའི་མཚོ་ལྷོའི་ནམ་མཁའ་ནི་གཡའ་དག་ཅིང་དྲི་མ་མེད་ལ།གྲོང་གསར་བྱང་མའི་རིག་གནས་བརྒྱུད་སྒྲོག་སྨྱན་སྦྱོར་ཐང་ཆེན་དུ་དགའ་སྟོན་ལ་རོལ་བའི་མི་ཚོགས་ཀྱི་འདུ་འཛི་ནི་མཚོ་མོའི་རྦ་རླབས་དང་ཀུན་ནས་མཚུངས། སྐབས་དེའི་དུས་ཚོད10ཡི་སྟེང་དུ་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་འགོ་གཙོ་གཞོན་པ་ཚེ་གཟུངས་ཐར་གྱིས་2017ལོའི༼རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི༽གཟུགས་འདས་ཤུལ་བཞག་རིག་གནས་དྲིལ་སྒྲོག་འགྲེམས་སྟོན་གྱི་བྱེད་སྒོའི་ཞུ་ཚིག་འབུལ་ཏེ་ཡོལ་རས་དལ་གྱིས་ཕྱེས་བ་ཡིན། མཛད་སྒོ་འདི་ལ་ཆབ་ཆ་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ300ལྷག་དང་མཚོ་ལྷོ་ཁུལ་ཟློས་གར་ཚོགས་པ། གསེར་ཆེན་རྫོང་རིག་གནས་ཁང་བཅས་ཀྱི་མི400ལྷག་འཁྲབ་སྟོན་ལ་ཞུགས་ཏེ༼ཤུལ་བཞག་རིག་གནས་སློབ་གྲྭར་བསྐྱོད་པ༽ཞེས་པའི་རིག་རྩལ་འཁྲབ་སྟོན་བྱས་པར་མ་ཟད། ད་དུང་ཆབ་ཆ་ས་ཁུལ་གྱི་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་ལྔ་ལྷག་གིས་ཐང་ཆེན་དུ་ཤུལ་བཞག་རིག་གནས་ཀྱི་དངོས་ཟོང་འགྲེམས་སྟོན་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ་བཅས་ཀྱི་ཤུལ་ནོར་འགྲེམས་བྱང30ལྷག་དང་། ཤུལ་བཞག་རིག་གནས་ཀྱི་དཔེ་ཆ་བཀྲམ་སྟོན། ཤུལ་བཞག་རིག་གནས་ཀྱི་དྲིལ་སྒྲོག་ཡིག་ཆ10000ལྷག་བྱིན་ཏེ་བལྟ་མཁན་རྣམས་མིག་རྒྱ་ཕྱེས་པར་མ་ཟད་གཟེངས་བསྟོད་ཀྱི་མཐེ་བོང་མཐོན་པོར་བསྒྲེངས་བཞིན་འདུག
     ཟླ6པའིཚེས10ཉིན་གྱི་དགོང་མོ་གྲོང་གསར་བྱང་མའི་རིག་གནས་བརྒྱུད་སྒྲོག་སྨྱན་སྦྱོར་ཐང་ཆེན་དུ་མཚོ་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་སྟེ༼བོད་ཀྱི་ལ་གཞས༽ཀྱི་བྱ་འགུལ་སྤེལ་བ་ཡིན།སྙན་ཞིང་འཇེབས་པའི་ལ་གཞས་ཀྱི་འགྱུར་ཁུགས་རེ་རེས་ཉན་མཁན་པ་དག་གི་རྣ་བ་གསོ་བའི་བདུད་རྩི་རུ་གྱུར་བར་མ་ཟད་ཡིད་ཀྱི་དྭངས་བ་ཅིག་ཅར་དུ་འཕྲོག་ཏེ་ཐམས་ཅད་དགའ་བ་འབུམ་གྱིས་མྱོས་སོང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...