སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
2018ལོའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དེ་གཟབ་རྒྱས་ངང་བསྡུས།
རྩོམ་པ་པོ། སྒོ་མེ་དོན་ཚེ། བོང་སྟག་རི་ལུ། ལྕགས་འབུམ་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-8 15:15:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཐེམ་ཆེན་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་མཱ་ཞེ་ཐེ་ཡིས་གཏམ་བཤད་གནང་བཞིན་པ།

     2018ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དེ། སྟོན་ཟླ་བརྒྱད་པའི་དུས་བཟང་དང་བསྟུན་ནས་རྟ་མཆོག་གི་ཕ་སའམ་ལྷ་མཚོའི་འབྱུང་ཡུལ་དུ་གྲགས་པའི་ཐེམ་ཆེན་རྩྭ་ཐང་དུ་གཟབ་རྒྱས་ངང་བསྡུས།


ཞབས་བྲོ་འཁྲབ་པ།

     དྲུག་པའི་ཀླུ་རོལ་གྱི་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་ནི་ཐེམ་ཆེན་རྫོང་གིས་ལོ་རེ་བཞིན་བསྡུ་བཞིན་པའི་རིག་གནས་སྒྱུ་རྩལ་གལ་ཆེན་ཞིག་ཡིན་ལ། བྱ་འགུལ་འདི་བརྒྱུད་དེ་མི་རིགས་རིག་གནས་དར་སྤེལ་དང་སྲོལ་རྒྱུན་རིག་གནས་སྔོག་འདོན་བྱས་ཏེ་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་རིག་གནས་ལས་རིགས་དང་རིག་གནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་བ་དང་བཀོད་སྒྲིག་གསར་བ། རེ་བ་གསར་བ་ལག་ལེན་དོན་འཁྱོལ་བྱེད་པའི་བྱ་འགུལ་ཞིག་ཡིན།


གདན་ཞུའི་གླུ་མ་མགོ་ལོག་པད་མཚོ།

     སྤྱི་ཟླ8པའི་ཚེས8ཉིན་གྱི་སྔ་དྲོའི་ཆུ་ཚོད9:00ཡི་སྟེང་། རིག་གནས་སྒྱུ་རྩལ་དུས་ཆེན་གྱི་འགོ་བརྩམས་པ་དང་། ཐོག་མར་འབྲེལ་ཡོད་འགོ་ཁྲིད་ཀྱིས་འགོ་རྩོམས་མཛད་སྒོ་ཁྱབ་བསྒྲགས་བྱས་ཤིང་འབྲེལ་ཡོད་ཀྱི་གཏམ་བཤད་གལ་ཆེན་གནང་། ཐེམ་ཆེན་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་མཱ་ཞེ་ཐེ་ཡིས་གཏམ་བཤད་གནང་བ་དང་། དེ་ནས་ས་གནས་ཀྱི་གླུ་བ་གླུ་མ་གཙོ་བྱས་ཏེ། གདན་ཞུའི་གླུ་བ་གླུ་མ་དག་གིས་སྔ་གཞུག་ཏུ་དམངས་གླུ་དང་། ཞབས་བྲོ། རྡུང་ལེན། གླུ་དབྱངས། ཤོམ་འགྲོ་སོགས་ནང་དོན་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་པ་ལ་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་ཐོབ།


ཤོམ་འགྲོའི་པར།

     བྱ་འགུལ་འདི་སྤེལ་བ་བརྒྱུད་ནས་ས་གནས་ཀྱི་མི་རིགས་རིག་གནས་དང་སྲོལ་རྒྱུན་རིག་གནས་དར་སྤེལ། མི་རིགས་ཕན་ཚུན་བར་གྱི་མཐུན་སྒྲིལ་བཅས་ལ། སྔར་ལས་ལྷག་པའི་གསོན་ཤུགས་གསར་བ་ཞིག་བསྣན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...