སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་བོད་ཀྱི་རྒྱན་གོས་རིག་གནས་དུས་ཆེན་མགོ་བརྩམས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-8-19 10:25:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


དགོང་ཚོགས་ཀྱི་མདོ་འཛིན་པ།


རྒྱན་གོས་འཁྲབ་སྟོན།


རྒྱན་གོས་འཁྲབ་སྟོན།


གླུ་བ་པདྨ་བསམ་གྲུབ་ཀྱིས་གླུ་གཞས་ལེན་པ།

ཡུལ་ཤུལ་ས་ཁུལ་གྱི་རྒྱན་གོས་འཁྲབ་སྟོན།


གླུ་མ་འཕྱོངས་ཞོལ་སྒྲོལ་མས་གླུ་གཞས་ལེན་པ།


མང་རྫོང་གི་རྒྱན་གོས་འཁྲབ་སྟོན།


ན་ཆུང་བྱིས་པའི་རྒྱན་གོས་འཁྲབ་སྟོན།


བྱུ་རུ་དམར་ཆུང་ཚན་སྡེབ་ཀྱིས་གླུ་གཞས་ཕུལ་བ།


རྒྱན་གོས་འཁྲབ་སྟོན།


མཉམ་གཞས་ལེན་པ།

     སྤྱི་ཟླ8པའི་ཚེས18ཉིན་གྱི་དགོང་མོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་གཉིས་པའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་དང་བོད་ཀྱི་རྒྱན་གོས་འགྲེམ་ཚོགས་ཆེན་མོའི་མགོ་རྩོམ་མཛད་སྒོ་དེ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་མཁར་བྱང་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་ཐང་ཆེན་དུ་སྤེལ་ཞིང་། རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་སྐུ་མགྲོན།  དེ་མིན་མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་སྲིད་འགོ་ཁྲིད་རྣམས་མཛད་སྒོར་ཞུགས་པ་མ་ཟད་རིག་རྩལ་འཁྲབ་སྟོན་ལ་ཉམས་སུ་མྱངས།
     དགོང་ཚོགས་ཀྱི་ཡུལ་དངོས་སུ་སི་ཁྲིན་ཞིང་ཆེན་རྔ་བ་ཁུལ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ། དེ་མིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་སོགས་བོད་ཁུལ་དང་མཚོ་ལྷོ་ཁུལ་གྱི་རྫོང་སོ་སོའི་རྒྱན་གོས་འཁྲབ་སྟོན་རུ་ཁག་རྣམས་གར་སྟེགས་སུ་བུད་དེ་ཕུན་སུམ་ཚོགས་པའི་བོད་ཀྱི་རྒྱན་གོས་རིག་གནས་ངོམས་པ་དང་། བོད་ཀྱི་མིང་དུ་གྲགས་པའི་གླུ་མ་འཕྱོངས་ཞོལ་སྒྲོལ་མ་དང་གླུ་བ་པདྨ་བསམ་གྲུབ། བྱུ་རུ་དམར་ཆུང་ཚན་སྡེབ། འོད་ཟེར་ཚེ་རིང་སོགས་གདན་འདྲེན་ཞུས་ཏེ་ཡུལ་དངོས་ཀྱི་གཟིགས་མོ་བ་ཀུན་ལ་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཕུལ།
     སྐབས་འདིའི་སྒྱུ་རྩལ་དུས་ཆེན་ནི་གཙོ་ཆེར་བོད་ཀྱི་རྒྱན་གོས་འཁྲབ་སྟོན་སོགས་བྱ་འགུལ་རབས་དང་རིམ་པར་བརྒྱུད་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་དམངས་ཁྲོད་རིག་གནས་དར་ཁྱབ་དང་། ཕུན་སུམ་ཚོགས་ཤིང་མཛེས་སྡུག་ལྡན་པའི་བོད་ཀྱི་རྒྱན་གོས་རིག་གནས་ཀྱི་མཛེས་ཉམས་འགྲེམ་པ། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པའི་གྲུབ་འབྲས་ཆེན་པོར་བསྟོད་བསྔགས་དང་། མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་འཆམ་མཐུན་སྤྲོ་སྐྱིད་ལྡན་པའི་འཚོ་བ་གསར་བ་ངོམ་པ། ཕྱོགས་ཡོངས་ནས་བོད་ཀྱི་རྒྱན་གོས་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...