སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྣམ་པ་མི་འདྲ་བའི་གཉེན་ཤོམ་དེ་གནས་མཆོག་ལྷ་སར་སྤེལ་བ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-10-13 14:27:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།


གཉེན་ཤོམ།


གཉེན་ཤོམ།


གཉེན་ཤོམ།


གཉེན་ཤོམ།


གཉེན་ཤོམ།


གཉེན་ཤོམ།


གཉེན་ཤོམ།


གཉེན་ཤོམ།


གཉེན་ཤོམ།


གཉེན་ཤོམ།


གཉེན
་ཤོམ།

     གཉེན་སྟོན་ནི་མི་ཚེའི་ཆོ་ག་གལ་ཆེན་ཞིག་ཡིན་ཞིང་། རྒྱུན་རིང་དུ་མི་སྒེར་དང་ཁྱིམ་ཚང་། སྤྱི་ཚོགས་ཀྱིས་མཐོང་ཆེན་བྱེད་པ་ཡིན་ལ། དེ་ལས་བོད་ལུགས་ཀྱི་གཉེན་སྲོལ་རིག་གནས་ནི་ལྷག་ཏུ་ཆོ་གའི་རྣམ་པ་ཕུན་སུམ་ཚོགས། ཉེ་ཆར། ལྷ་ས་ཤམ་བྷ་ལའི་གསོལ་མགྲོན་ཁང་གིས་གཙོ་སྒྲུབ་དང་། ཁ་བ་ཅན(KHAWACAN)སོགས་ཀྱིས་འགན་སྒྲུབ་གནང་བའི་སྲོལ་རྒྱུན་དང་དུས་རབས་འདྲེས་མའི་བོད་ལུགས་ཀྱི་གཉེན་ཤོམ་དེ་གནས་མཆོག་ལྷ་སར་སྤེལ་བ་ཡིན།
     བོད་ཀྱི་སྲོལ་རྒྱུན་གཉེན་སྒྲིག་གི་གོ་རིམ་ཁྲོད་དུ། དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་གསོན་ཉམས་ལྡན་པའི་སྒོ་ནས་གཟིགས་མོ་བ་ཡོངས་ལ་སྲོལ་རྒྱུན་སྐུ་དྲག་གཉེན་སྟོན་གྱི་གོ་རིམ་དང་རྣམ་པ་འཁྲབ་སྟོན་བྱས་ལ།  ཁ་བ་ཅན(KHAWACAN)དེང་རབས་བོད་ཀྱི་གྱོན་གོས་བཤམས་སྟོན་དུ། མཛའ་གྲོགས་དང་གཟའ་ཟླ། ཕ་བུ་མ་བུ་བཅས་ཀྱི་རྣམ་པས་དེང་རབས་བོད་ཀྱི་གྱོན་གོས་ཀྱི་མཛེས་ཉམས་ངོམ་ཞིང་། དེང་རབས་བོད་ཀྱི་གྱོན་གོས་རེ་རེར་བོད་ཀྱི་སྲོལ་རྒྱུན་དཔེ་རིས་དང་རྒྱུ་ཆ། དེ་མིན་དེང་རབས་གྱོན་གོས་ཀྱི་འདྲ་སྟངས་དང་མཛེས་དཔྱོད་མཐུན་སྦྱོར་སྒོས་དུས་རབས་ཀྱི་ཆ་ལྡན་པ་མ་ཟད་ཤིན་ཏུ་མཛེས་པ་ཡིན།
     ཐེངས་འདིའི་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པར་མ་ཟད་རྣམ་པའང་འདྲ་མིན་ཡོད་ཅིང་། ཐོག་དང་པོར་བོད་ལུགས་གཉེན་ཤོམ་གྱི་མགོ་བརྩམས། འདི་ནི་གསོན་ཉམས་ལྡན་པ་མ་ཟད་མི་རིགས་ཀྱི་རིག་གནས་ངོམ་ལ། དུས་རབས་ཀྱི་རྗེས་སྙེག་སྟེ་ཚང་མར་བོད་ལྗོངས་ཀྱི་སྣ་མང་གཉེན་སྲོལ་རིག་གནས་རྒྱུས་ལོན་བྱེད་དུ་བཅུག


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...