སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཆས་གསར་གཏོད་ལམ་བུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-12 10:55:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

     བོད་ལྗོངས་ཀྱིས་དུས་ཡུན་རིང་པོའི་ལོ་རྒྱུས་འཕེལ་རྒྱས་གོ་རིམ་ཁྲོད་དུ། གྱོན་ཆས་རིག་གནས་ཕུན་སུམ་ཚོགས་པོ་གསར་གཏོད་བྱས་ཡོད། བོད་ཆས་ནི་རྣམ་པ་མང་ཞིང་། ཁ་དོག་བཀྲ་ལ། རྒྱུ་ཆར་ཐུན་མིན་གྱི་ཁྱད་ཆོས་ལྡན་པས་རྒྱལ་ཁབ་ཕྱི་ནང་དང་མི་སྔར་ལས་མང་པོས་དོ་ཁུར་བྱེད་བཞིན་ཡོད། རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་གྱོན་ཆས་གསར་གཏོད་ཡག་པོ་བྱ་ཆེད། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་བཞི་པ་དངོས་སུ་འགོ་ཚུགས་པ་དང་། བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པའི་འགྲེམས་ཁང་ཨང2པ་རུ། བོད་ལྗོངས་ཀྱི་མི་རིགས་གྱོན་ཆས་རིག་གནས་ཞིབ་འཇུག་ཁང་དངོས་སུ་སྒོ་བྱང་བཀལ་ནས་དབུ་བརྙེས་པ་རེད།

     བོད་ལྗོངས་མི་རིགས་གྱོན་ཆས་རིག་གནས་ཞིབ་འཇུག་གླིང་གི་གླིང་གཙོ་ལི་མེ་ཡིས། བོད་ལྗོངས་མི་རིགས་གྱོན་ཆས་རིག་གནས་ཞིབ་འཇུག་ཁང་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཆོག་མཆན་གནང་འོག བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཐོ་འགོད་བྱས་ནས་བཙུགས་པའི་དམངས་གཉེར་ཡིན་ཞིང་ཁེ་ལས་རང་བཞིན་མ་ཡིན་པའི་ལས་ཁུངས་ཡིན་པ་དང་། དེ་ནི2017ལོའི་ཟླ10པར་དབུ་བརྙེས་པ་དང་། ད་ལོའི་ཟླ5པར་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཐོ་འགོད་དཔང་རྟགས་དངོས་སུ་སྤྲད་པ་རེད་ཅེས་ངོ་སྤྲོད་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...