སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀན་སུའུ་ཞིང་ཆེན་ཀན་ལྷོ་ས་ཁུལ་སོ་སོའི་བོད་ཆས་ཀྱི་ཁྱད་ཆོས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-15 10:09:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་པའི་རྒྱན་གོས།
     ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་ལ་གནས་ཡོད་ཅིང་། བོད་རིགས་གཙོ་བོ་བྱེད་པའི་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་རེད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱན་གོས་ནི་ལོ་རྒྱུས་ཡུན་རིང་ཞིང་། ནང་དོན་ཟབ་ལ། སྣ་མང་མཉམ་དུ་འདྲེས་ཡོད། འབྲོག་ཁུལ་དང་ཞིང་ཁུལ་གྱི་རྒྱན་གོས་རྐྱང་པའི་ཐད་ནས། རྒྱུ་ཆ་དང་རི་མོ། རྒྱན་ཆ་བཅས་ལ་ཁྱད་པར་ཆེན་པོ་ཡོད། ས་ཆ་འགའ་ཤས་ནི་རི་བོ་གཅིག་གི་བར་ཐག་ཙམ་ལས་མེད་ཀྱང་། རྒྱན་གོས་ནི་རྩ་བ་ནས་མི་འདྲ། “ལུང་བ་རེ་ལ་ཆ་ལུགས་རེ”ཟེར་བ་ལྟར། ཀན་ལྷོ་རུ“ལུང་བ་རེ་ལ་རྒྱན་གོས་རེ”ཡོད།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲོག་པའི་རྒྱན་གོས།
     ལོ་རྒྱུས་ཐོག་གི་མི་རིགས་གནས་སྤོ་དང་ས་ཆ་སོ་སོའི་རང་བྱུང་ཁོར་ཡུག་ལ་ཁྱད་པར་ཡོད་པ། དེ་བཞིན་དུ་ཉེ་འཁོར་མི་རིགས་བར་ཡུན་རིང་བོར་ཤུགས་རྐྱེན་ཐེབས་ཡོད་པས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྡོད་པའི་བོད་རིགས་མི་དམངས་ཀྱི་རྒྱན་གོས་འདྲ་མིན་སྣ་ཚོགས་ཤིང་། སོ་སོ་ལ་རང་གི་མཛེས་ཉམས་ལྡན་ཡོད། དེ་ལ་ཕྱོགས་ཆེ་ས་ནས་བཤད་ན། འབྲོག་ཁུལ་དང་ཞིང་ཁུལ་བཅས་རིགས་ཆེན་པོ་གཉིས་སུ་དབྱེ་ཆོག

བསང་ཆུ་རྫོང་གི་རྒྱན་གོས།
     རྨ་ཆུ་རྫོང་དང་ཀླུ་ཆུ་རྫོང་། བསང་ཆུ་རྫོང་། གཙོས་གྲོང་ཁྱེར་བཅས་གཙོ་བྱེད་པའི་འབྲོག་ཁུལ་མང་ཤོས་ནི་ཐང་ཡངས་ཤིང་རང་བྱུང་གི་རྩྭ་ས་ཡོད་ཅིང་། ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡོད། གནས་འདིར་འཚོ་གནས་བྱེད་པའི་མི་རྣམས་ཀྱིས་འགྲོ་འདུག་དང་ཡུལ་སྐོར་ལ་སྟབས་བདེ་ཞིང་། དྲོ་སྲུང་གྲང་འཇོམ་ཐུབ་པའི་རྩག་པ་རྒྱན་གོས་གཙོ་བོར་བྱེད་པ་དང་།  དེ་ནི་ལུས་སྦོམ་ཞིང་ཕུ་ཐུང་གི་ཁ་ཆེ་བས་གྱོན་དུས་སྟབས་བདེ་ལ་ལུས་ལ་འཚམ་པོ་ཡོད། སྐྱེས་པའི་རྩག་པའི་སྐེད་པ་སྦོམ་ཞིང་། ཨམ་ཕྲག་ཆེ་ཞིང་རུམ་ཆེ་བ་ཡོད། གོང་བ་དང་ཕུ་ཐུང་། གོས་མཐའ་ལ་ལི་སྨི་10ནས་15ཡོད་པའི་ཤན་ཆ་ནག་པོ་རྒྱག་གི་ཡོད། ཡིན་ནའང་། ཤན་ཆ་མི་རྒྱག་མཁན་ཡང་ཡོད། བུད་མེད་ཀྱི་རྩག་པའི་གོང་བ་དང་། ཕུ་ཐུང། གོས་མཐའ་ལ་ལི་སྨི་10ནས་20ཡོད་པའི་ཤན་ཆ་ནག་པོ་དང་། དེ་ནས་མདོག་དམར་པོ་དང་སྔོན་པོ། ལྗང་གུ་བཅས་མདོག་གསུམ་གྱིས་ཤན་ཆ་རྒྱག་གི་ཡོད།

ཐེ་བོ་རྫོང་གི་རྒྱན་གོས།
     ཡུལ་དེའི་འབྲོག་པ་ཚོའི་དུས་ཆེན་ལ་གྱོན་པའི་རྒྱན་གོས་ནི་བཟོ་ཧ་ཅང་ཞིབ་པོ་ཡོད་དེ། དེ་ནི་རྒྱུ་ཆ་ཚ་རུ་དང་ཕྱི་མ་ལ་རི་དྭགས་ཀྱི་པགས་པས་གཡོག་པ། ཕུ་ཐུང་དང་གོང་བ། གོས་མཐའ་ལ་མདོག་དམར་པོ་དང་སྔོན་པོ། ལྗང་གུ་ཡིས་ཤན་ཡོད།
     ཐེ་བོ་རྫོང་དང་ཅོ་ནེ་རྫོང་། འབྲུག་ཆུ་རྫོང་། བ་ཙེ་རྫོང་བཅས་གཙོ་བོ་ཡིན་པའི་ཞིང་ཁུལ་གྱི་ནམ་ཟླ་དྲོ་ཞིང་འཇམ་ལ་ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་1600ཡིན། སྐྱེས་པའི་ཕྱུ་བ་དང་བུད་མེད་ཀྱི་ཕྲག་འགག་གི་རྒྱུ་ཆ་གཙོ་བོ་སྣམ་བུ་ཡིན་པ་དང་། སྔོན་མ་ནང་བཞིན་གོང་བ་ཆེ་བའི་རྒྱན་གོས་ལ་གཏོགས་ཤིང་། ལག་པ་གཡས་པའི་མཆན་འོག་ཏུ་སྒྲོག་གུ་ཅིག་བཏགས་ཡོད།

འབྲུག་ཆུ་རྫོང་གི་རྒྱན་གོས།
     སྣམ་བུ་ནི་ཞིང་ཁུལ་དང་རོང་མ་འབྲོག་ཁུལ་ཡོངས་སུ་ཁྱབ་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ནས་ཐོན་པའི་སྣམ་བུ་ནི་གྲགས་ཆེ་ཤོས་དེ་ཡིན། སྣམ་བུ་ནི་སྤུས་བཟང་ལ་སྤྱོད་ཡུན་རིང་ཞིང་དྲོད་ཆེ་བ་ཡོད། དེའི་ཐོན་སྐྱེད་གོ་རིམ་ནི་རིམ་པ་གསུམ་དུ་ཕྱེ་ཡོད་པ་སྟེ། དང་པོ་ནི་ལུག་བལ་གཙང་མར་བཀྲུས་ནས་སྐམ་རྗེས་སུ་བལ་གསེད་དགོས་པ། གཉིས་པ་ནི་སྣམ་བུ་འཐག་པ་དང་། དེ་ནས་ནི་ཚོས་རྒྱག་པ་བཅས་རེད།
     ཀན་ལྷོ་ཁུལ་གྱི་རྫོང་དང་གྲོང་ཁྱེར་སོ་སོའི་ལྟེ་བའི་གྲོང་རྡལ་ནི་དཔལ་འབྱོར་དང་རིག་གནས་བརྗེ་རེས་ཀྱི་ལྟེ་བ་ཡིན་པའི་ཆ་ནས། རྒྱན་གོས་ཀྱི་རྒྱུ་ཆ་དང་བཟོ་རྩལ། ཁ་དོག་སོགས་གང་གི་ཐད་ནས་ཀྱང་ཞིང་འབྲོག་ཁུལ་དང་ཁྱད་པར་ངེས་ཅན་ལྡན་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...