སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པས་བོང་སྟག་ཡུལ་གྱི་གཉེན་སྟོན་ཞེས་པ་འཁྲབ་སྟོན་ལེགས་འགྲུབ་བྱས་པ།
རྩོམ་པ་པོ། བོང་སྟག་རི་ལུ། རྩོམ་སྒྲིག་པ། Michung དུས་ཚོད། 2016-11-1 8:44:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པས་བོང་སྟག་ཡུལ་གྱི་གཉེན་སྟོན་ཞེས་པའི་འཁྲབ་སྟོན་ལེགས་འགྲུབ་བྱས་པ།
     མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་གྱིས་བསྒྲུབ་པའི་སྒྲ་གཟུགས་ཟུང་ལྡན་གྱི་ན་ཆུང་བྱིས་པའི་དགའ་ཚལ་སྐབས་ལྔ་བ་མཚོ་ནུབ་ཏུ་བསྐྱོད་པ་ལས། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་ཆུང་ཚན་ཁག་གིས་འཁྲབ་སྟོན་བྱས་པའི་བོད་པའི་སྲོལ་རྒྱུན་གྱི་རིག་གནས་གཙོར་བཟུང་བའི་བོང་སྟག་ཡུལ་གྱི་གཉེན་སྟོན་ཞེས་པ་གཏེར་ལེན་ཁའི་སྙན་ངག་པའི་སྦྲ་ཁྱིམ་ལས་ཕབ་བསྐྲུན་ལེགས་འགྲུབ་བྱུང་།

ཕབ་སྐྲུན་གྱི་ཡུལ་དངོས།

བོང་སྟག་ཡུལ་གྱི་རྒྱན་གོས།

ཕབ་སྐྲུན་གྱི་ཡུལ་དངོས།
     གཉེན་སྟོན་འདི་ལ་བག་མ་སློང་བའི་ལེའུ་དང་བག་སྟོན་བྱེད་པའི་ལེའུ་ཆེན་པོ་གཉིས་དང་ལེའུ་ཆུང་བ་བཅོ་ལྔ་ཡིས་གྲུབ་པར་བྱས་ཡོད་ལ། དུས་ཚོད་ཐུང་ངུའི་ནང་གྲ་སྒྲིག་བྱས་པའི་འཁྲབ་སྟོན་འདི་ཡིས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་མི་ཉམས་གོང་འཕེལ་གཏོང་བ་དང་། ཆུང་བྱིས་པ་དག་ལ་ཕ་མེས་ནས་བརྒྱུད་པའི་ངག་རྒྱུན་གྱི་རིག་གནས་འདིའི་དགེ་མཚན་དང་རིན་ཐང་རྟོགས་སུ་འཇུག་པར་བག་ཆགས་ཟབ་མོ་ཞིག་བཞག



འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...