སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷོ་པ་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁེལ་འཐག་ལག་རྩལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-6-8 10:57:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཞང་གི་ལྷོ་པ་ཁེལ་འཐག་ལག་རྩལ་ནི་སྲོལ་རྒྱུན་གྱི་ལག་རྩལ་ཞིག་དང་ས་གནས་མང་ཚོགས་ལ་ཆེས་བྱང་ཆ་ལྡན་པའི་ལག་རྩལ་ཞིག་ཡིན། ཁེལ་འཐག་ཐོན་རྫས་ཀྱང་རྣམ་པ་སྣ་ཚོགས་ཡིན་པས་སྡེ་མི་རྣམས་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་གྲས་ཤིག་ཡིན།
     ཉིང་ཁྲིར་བསྐྱོད་དེ་མི་ཡུལ་གྱི་དག་ཞིང་ལ་ལྟད་མོ་བལྟ་བའི་བཅར་འདྲིའི་བྱ་འགུལ་གྱི་གསར་འགོད་པ་རྣམས་རྫོང་རིག་གནས་ཅུའུ་ཡི་འབྲེལ་ཡོད་མི་སྣའི་ཁྲིད་དེ་གནས་ཡུལ་ལྷོ་པ་མི་རིགས་ཞང་གི་ཚལ་ཁྲོབ་སྡེ་བར་སོང་ནས་ལྷོ་པ་མི་རིགས་ཀྱི་འདུས་སྡོད་ཁོར་ཡུག་དང་གནའ་བོའི་ཁེལ་འཐག་ལག་རྩལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་ལྟ་སྐོར་བྱས།
     སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཞང་ཚལ་ཁྲོབ་སྡེ་བ་རི་གཉིས་ཀྱི་རི་འདབས་ན་ཆགས་ཡོད་ཅིང་མདུན་ན་ཆུ་བོ་སྔོན་མོ་ལྷང་ལྷིང་དུ་བཞུར།  རི་སྔོ་ཞིང་ཆུ་དྭངས་པའི་འགྲམ་གྱི་སྡེ་བ་འདིའི་ལག་ཤེས་ཁེལ་འཐག་བྱེད་ཡུལ་ན་སྐེ་དཀྲིས་ རིང་ཐུང་སྣ་ཚོགས་དང་དབྱིབས་དང་ཁ་དོག་འདྲ་མིན་གྱི་ལག་ཁུག་སྣ་ཚོགས་སྤུངས་ཡོད་པ་གསར་འགོད་པས་མཐོང་།
     རྫོང་རིག་གནས་སྡེ་ཁག་གི་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན་ཚལ་ཁྲོབ་ལྷོ་པ་སྡེ་བ་ན་ཁེལ་འཐག་རྒྱུན་འཛིན་པ་བཞི་མ་གཏོགས་མེད་ལ། སྤྱིར་ལྷོ་པ་མི་རིགས་ལ་སྐད་ ལས་ཡི་གེ་མེད་པའི་སྟབས་དང་གཞན་སྲོལ་རྒྱུན་གྱི་འགྲོ་ལུགས་སྟབས་ཀྱིས་ཁེ་འཐག་ལག་རྩལ་འཕེལ་རྒྱས་ཀྱི་བགྲོས་ཅུང་དལ་མོ་ཡིན་པ་རེད། གནའ་བོའི་ལག་རྩལ་འདི་དང་སྲུང་སྐྱོབ་དང་གསར་སྤེལ་བྱ་ཆེད། 2010ལོར། ཚལ་ཁྲོབ་ལྷོ་པ་སྡེ་བས་ལྷོ་པའི་མི་རིགས་རྒྱན་གོས་ཁེལ་འཐག་རྒྱུན་འཛིན་ དར་སྤེལ་ལྟེ་གནས་བཙུགས་པ་དང་ལྷོ་པ་རིགས་ཀྱི་བུད་མེད་ཚོས་ཁེལ་འཐག་མཐུན་ཚོགས་བཙུགས་ནས་སྐེ་དཀྲིས་ རིང་ཐུང་སྣ་ཚོགས་དང་དབྱིབས་དང་ཁ་དོག་འདྲ་མིན་གྱི་ལག་ཁུག་སྣ་ཚོགས་འཐག་བཞིན་ཡོད་ལ།ལྷོ་པ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འདི་དག་ཆེས་དགའ་བསུ་ཐོབ་པའི་གནས་སྐོར་ལག་སྐྱེས་སུ་གྱུར་པས་སྡེ་མི་ཚོས་དཔལ་འབྱོར་གྱི་ཁེ་ཕན་རེག་ཐུབ་ཡོད། 2006ལོའི་སྔོན་ལ་ལྷོ་པ་བའི་ཁྱིམ་ཚང་འདི་དག་གི་ཡོང་སྒོ་སྒོརམ་གཏོགད་མེད་ལ་ད་ལྟ་མ་མཐའ་ཡང་སྒོར2000ལ་སོན་ཡོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...