སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱ་ཁོག་གི་སྐོར་ཇི་ལྟར་ལས་པ་ངོ་སྤྲོད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-19 9:49:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
སྣེ་འཛོམས་རྒྱ་ཁོག
རྒྱུ་ཆ། ཕག་རྩིབ་ཁེ200དང་། པད་ཚལ་དཀར་པོ་རྒྱ་མ1། གཡག་གྲོད་བཙོས་མ་ཁེ200། གཡག་ལྕེ་བཙོས་མ་ཁེ200། བོད་ཕག་གི་ཤ་བཙོས་མ་ཁེ200། སེར་ཤ་ཁེ200། མཚོ་བུ་ཧད་སྲིན་དང་ཤཱ་སྨི་བཙོས་མ་ཁེ200། ཨོའོ་སུན་ཁེ200། ལབ་སེར་ཁེ200། ཚག་ཤའི་ཤ་རིལ་བཀྲག་མ་ཁེ50། ཏོའུ་ཧྥུ་ཁེ200། སྒོ་ང་བཀྲག་མ3། རུས་ཐང་རྒྱ་མ5། ཕིང་ཁེ300། ཚྭ་དང་། ལྒ་སྨུག  གཡེར་མ། བཙོང་། ཕིང་རྩམ་ཆུ་སྦང་བཅས་འོས་འཚམས་དགོས།
བཟོ་སྟངས།  ཤ་ཚལ་རྣམས་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབས་རྗེས། རྒྱ་ཁོག་ནང་པད་ཚལ་དཀར་པོ་དང་། ཕག་རྩིབ། ཕིང་བཅས་རིམ་པར་བསྒྲིག་རྒྱུ། དེ་རྗེས་ཕག་ཤ་དང་། གྲོད་པ། ཧད་སྲིན། ཏོའུ་ཧྥུ།  ཨོའོ་སུན། ལབ་སེར། གཡག་ལྕེ། སྒོ་ང་བཀྲག་མ་བཅས་ཤ་རིགས་གཞོགས་གཅིག་དང་ཚལ་རིགས་གཞོགས་གཅིག་ལ་གྲལ་བསྒྲིགས་ཐོག་སེར་ཤ་དང་། ཤཱ་སྨི། ཤ་རིལ། ཚྭ། ལྒ་སྨུག གཡེར་མ། བཙོང་། ཕིང་རྩམ་ཆུ་སྦང་། རུལ་ཐང་བཅས་བླུགས་ཏེ་བསྐོལ་ནས་ཤ་ཚལ་ཚོས་མཚམས་ལ་མཆོད་ན་འགྲིག
ཤ་མོའི་རྒྱ་ཁོག
རྒྱུ་ཆ། ཤ་མོ་སྣ་ཚོགས་ཁེ400དང་། ཕིང་ཁེ300། རུས་ཐང་ངམ་ཤ་ཁུ་རྒྱ་མ5། པད་ཚལ་དཀར་པོ་རྒྱ་མ1། ཚག་ཤ་ཁེ300། མོག་རོ་ཁེ300། ཚྭ་དང་། བཙོང་། སྒོག་པ། གཡེར་མ། ལྒ་སྨུག་བཅས་འོས་འཚམས་དགོས།
བཟོ་སྟངས།  ཤ་ཚལ་རྣམས་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབས་རྗེས། རྒྱ་ཁོག་ནང་པད་ཚལ་དཀར་པོ་དང་།  མོག་རོ། ཚག་ཤ ཕིང་བཅས་དང་ཤ་མོ་སྣ་ཚོགས་བླུག་རྒྱུ། དེ་རྗེས་ཤ་ཁུའམ་རུས་ཐང་གང་རུང་ནང་སྒོག་པ་དང་། བཙོང་། ལྒ་སྨུག  གཡེར་མ། ཚྭ་བཅས་བླུགས་ནས་ཡུན་རིང་ཙམ་བསྐོལ་རྗེས་ཐང་དེ་རྒྱ་ཁོག་ནང་བླུགས་ནས་ཤ་མོ་དང་ཤ་ཚལ་རྣམས་བཙོ་རྒྱུ།
ཚག་ཤའི་རྒྱ་ཁོག
རྒྱུ་ཆ། ཚག་ཤ་སོས་པ་རྒྱ་མ3དང་། ཕིང་ཁེ200། མོག་རོ་ཁེ300། པད་ཚལ་དཀར་པོ་རྒྱ་མ2། ཨོའོ་སུན་ཁེ300། ཤ་མོ་ཁེ300། རུས་ཐང་རྒྱ་མ5། བཙོང་དང་། ལྒ་སྨུག  ཚྭ་བཅས་འོས་འཚམས་དགོས།
བཟོ་སྟངས།  ཤ་ཚལ་རྣམས་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབས་ནས་རྒྱ་ཁོག་ནང་པད་ཚལ་དཀར་པོ་དང་། ཕིང་། ཨོའོ་སུན།  མོག་རོ། ཤ་མོ། བཙོང་། ལྒ་སྨུག་བཅས་རིམ་པར་བསྒྲིགས་རྗེས་ཚག་ཤ་དང་། ཚྭ། རུས་ཐང་བཅས་བླུགས་ནས་མཉམ་དུ་བཙོ་རྒྱུ།
གྲོད་པའི་རྒྱ་ཁོག
རྒྱུ་ཆ། གྲོད་པ་བཙོས་མ་རྒྱ་མ2དང་། པད་ཚལ་དཀར་པོ་རྒྱ་མ2། ཕིང་ཁེ100། ཨོའོ་སུན་ཁེ400། ལབ་སེར་ཁེ300། ཞོག་ཁོག་ཁེ300། སྔོ་ཚལ་རྒྱ་མ1། ལ་ཕུག་ཁེ300། རུས་ཐང་རྒྱ་མ5། ཀླད་སྐྱིན་ཁེ5། མོག་རོ་ཁེ100། སྣུམ་ཁེ100། ཚྭ་དང་། བཙོང་། སུར་པན་གང་བུ། ལྒ་སྨུག ཤ་སྨན། བསོད་ནམས་དཔལ་འཛོམས་བཅས་འོས་འཚམས་དགོས།
བཟོ་སྟངས།  ཤ་ཚལ་རྣམས་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབས་རྗེས། རྒྱ་ཁོག་ནང་པད་ཚལ་དང་། སྔོ་ཚལ། ཞོག་ཁོག  མོག་རོ། ལ་ཕུག་བཅས་བླུགས་ཐོག་གྲོད་པ་དང་། ཨོའོ་སུན། ལབ་སེར། ཕིང་བཅས་རིམ་པར་བསྒྲིག་རྒྱུ། དེ་རྗེས་རུས་ཐང་ནང་ཀླད་སྐྱིན་དང་། ཚྭ། ལྒ་སྨུག བཙོང་བཅས་བླུགས་ནས་ཐང་བཟོས་ཏེ་རྒྱ་ཁོག་ནང་བླུགས་ཐོག་སྣུམ་དང་། སུར་པན་གང་བུ། ཤ་སྨན། བསོད་ནམས་དཔལ་འཛོམས་བཅས་བླུགས་ནས་ཤ་ཚལ་རྣམས་བཙོ་རྒྱུ། གོང་གསལ་ཕིང་དང་མོག་རོ་ཕུད་པའི་ཚལ་གཞན་རྣམས་ཁུ་བ་ཞུ་དགོས།
ཤ་མེད་རྒྱ་ཁོག
རྒྱུ་ཆ། མོག་རོ་ཁེ300དང་། པད་ཚལ་དཀར་པོ་རྒྱ་མ2། སེར་ཤ་རྒྱ་མ1། ཨོའོ་སུན་ཁེ300། ལབ་སེར་ཁེ200། ཕིང་ཁེ250། ཧོང་ཀྭ་ཁེ200། ལ་ཕུག་དཀར་པོ་ཁེ150། ཡིའུ་ཚལ་ཁེ300། མར་ཁེ150། ཡཱང་བཙོང་ཁེ150། ཞོག་ཁོག་ཁེ100། ཚྭ་དང་། ལྒ་སྨུག  བཙོང་། ཕོ་རིལ་བཅས་འོས་འཚམས་དགོས།
བཟོ་སྟངས།  ཚལ་རྣམས་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབས་རྗེས། ཚལ་སླང་ནང་མར་བཞུར་ནས་ཡཱང་བཙོང་བརྔོས་ཏེ་ཚྭ་དང་། ཆུ། ལྒ་སྨུག  ཕོ་རིལ། བཙོང་བཅས་བླུགས་ནས་ཡུན་རིང་ཙམ་བསྐོལ་རྒྱུ། དེ་རྗེས་རྒྱ་ཁོག་ནང་མོག་རོ་དང་། པད་ཚལ་དཀར་པོ། སེར་ཤ  ཨོའོ་སུན། ལབ་སེར། ཕིང་། ཧོང་ཀྭ  ལ་ཕུག་དཀར་པོ། ཡིའུ་ཚལ། ཞོག་ཁོག་བཅས་སྟར་པ་བསྒྲིགས་ནས་བླུགས་ཐོག་གོང་གསལ་ཐང་བླུགས་ཏེ་བཙོ་རྒྱུ།
ཕག་ཤའི་རྒྱ་ཁོག
རྒྱུ་ཆ། ཕག་ཤ་བཙོས་མ་རྒྱ་མ2དང་། ཨོའོ་སུན་ཁེ300། ལབ་སེར་ཁེ250། པད་ཚལ་དཀར་པོ་རྒྱ་མ2། ཕག་ཤ་རླངས་བཙོས་ཁེ100། སྔོ་ཚལ་ཁེ400། ཕག་རྩིབ་ཁེ300། ཕིང་ཁེ200། སྣུམ་ཁེ100། ཤ་ཁུ་རྒྱ་མ5། ཚྭ་དང་། སུར་པན་གང་བུ། གཡེར་མ། ལྒ་སྨུག་བཅས་འོས་འཚམས་དགོས།
བཟོ་སྟངས།  ཤ་ཚལ་རྣམས་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབས་རྗེས། རྒྱ་ཁོག་ནང་ཕག་རྩིབ་སྟར་པ་གཅིག་དང་། པད་ཚལ་དང་ཕིང་སྟར་པ་གཅིག  ཕག་ཤ་སྟར་པ་གཅིག  ཨོའོ་སུན་དང་། ལབ་སེར། ཕག་ཤ་རླངས་བཙོས། པད་ཚལ་དཀར་པོ་སྟར་པ་གཅིག་བཅས་རིམ་པར་བསྒྲིགས་ཐོག་ལྒ་སྨུག་དང་། གཡེར་མ། ཚྭ། བཙོང་། སུར་པན་བཅས་སྣུམ་ནང་བརྔོས་རྗེས་ཤ་ཁུའི་ནང་བླུགས་ནས་བསྐོལ་ཏེ་ཁུ་བ་དེ་རྒྱ་ཁོག་ནང་བླུགས་ནས་ཤ་ཚལ་རྣམས་བཙོ་རྒྱུ།
གཡག་ལྕེ་རྒྱ་ཁོག
རྒྱུ་ཆ། གཡག་ལྕེ་བཙོས་མ་རྒྱ་མ2དང་། གྲོད་པ་བཙོས་མ་ཁེ250། ཚག་ཤ་བཙོས་མ་ཁེ200། པད་ཚལ་དཀར་པོ་རྒྱ་མ2། ཕིང་ཁེ300། ཞོག་ཁོག་ཁེ300། ཨོའོ་སུན་ཁེ300། ལབ་སེར་ཁེ250། ལ་ཕུག་དཀར་པོ་ཁེ200། ཤ་ཁུ་རྒྱ་མ2། གཡག་ལྕེ་བཙོས་པའི་ཁུ་བ་རྒྱ་མ3། ཚྭ་དང་། སུར་པན་གང་བུ། ལྒ་སྨུག བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས།  ཤ་ཚལ་རྣམས་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབས་རྗེས། རྒྱ་ཁོག་ནང་ཤ་ཁུ་དང་། གཡག་ལྕེ་བཙོས་པའི་ཁུ་བ། ཚྭ། ལྒ་སྨུག   བཙོང་། གཡག་ལྕེ་བཙོས་མ། གྲོད་པ་བཙོས་མ། པད་ཚལ་དཀར་པོ། ཞོག་ཁོག ཨོའོ་སུན། ལ་ཕུག ལབ་སེར། ཕིང་། སུར་པན་གང་བུ་བཅས་བླུགས་ཏེ་བཙོ་རྒྱུ།
མཚོ་ཟས་རྒྱ་ཁོག
རྒྱུ་ཆ། ཚག་ཤ་བཙོས་མ་ཁེ250དང་། ཕག་ཤ་བཙོས་མ་ཁེ250། མཚོ་འབུ་ཧད་སྲིན་ཁེ250། ཅིན་ཀྲེན་ཤ་མོ་ཁེ100། ཡིའུ་ཡུས་ཉ་ཁེ250། ཏོའུ་ཧྥུ་ཁེ200། མོག་རོ་ཁེ200། ཨོའོ་སུན་ཁེ200། པད་ཚལ་ཁེ200། ཕག་རྩིབ་བཙོས་མ་ཁེ200། སྒོ་ང་བཙོས་མ་ཁེ200། ཕིང་ཁེ200། ཚག་ཤ་ཤ་རིལ་བཀྲག་མ་ཁེ100། ཚྭ་དང་། ལྒ་སེར། བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས།  ཤ་ཚལ་རྣམས་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབས་རྗེས། རྒྱ་ཁོག་ནང་ཚག་ཤ་བཙོས་མ་དང་། ཕག་ཤ་བཙོས་མ། ཕག་རྩིབ་བཙོས་མ། ཚག་ཤ་ཤ་རིལ་བཀྲག་མ། ཧད་སྲིན། ཅིན་ཀྲེན་ཤ་མོ། ཡིའུ་ཡུས་ཉ། ཏོའུ་ཧྥུ། མོག་རོ། ཨོའོ་སུན། པད་ཚལ། སྒོ་ང་བཙོས་མ། ཕིང་བཅས་སྟར་པ་བསྒྲིགས་པའི་ཐོག་ལྒ་སེར་དང་། བཙོང་། ཚྭ་བཅས་དང་ཤ་ཁུ་བླུགས་ནས་མཉམ་དུ་བཙོ་རྒྱུ།
ལུག་ཤའི་རྒྱ་ཁོག
རྒྱུ་ཆ། ལུག་རྩིབ་བཙོས་མ་རྒྱ་མ2དང་། ཀླད་སྐྱིན་ཁེ10། པད་ཚལ་རྒྱ་མ2། ཕིང་ཁེ200། ཨོའོ་སུན་ཁེ200། ལ་ཕུག་ཁེ150། ཡཱང་བཙོང་ཁེ100། ཞོག་ཁོག་ཁེ150།  ཤ་ཁུ་རྒྱ་མ5། ཚྭ་དང་། སུར་པན་གང་བུ། སྒོག་པ། གཡེར་མ། ཤ་སྨན་འོས་འཚམས་དགོས།
བཟོ་སྟངས།  ཤ་ཚལ་རྣམས་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབས་རྗེས། རྒྱ་ཁོག་ནང་ལུག་རྩིབ་བཙོས་མ་དང་། པད་ཚལ། ཕིང་། མོག་རོ། ཨོའོ་སུན། ལ་ཕུག ཞོག་ཁོག  ཡཱང་བཙོང་བཅས་རིམ་པར་བསྒྲིགས་ཐོག་ཤ་ཁུ་དང་། སུར་པན་གང་བུ། ཚྭ། ཀླད་སྐྱིན། སྒོག་པ། གཡེར་མ། ཤ་སྨན་བཅས་བླུགས་ནས་བཙོ་རྒྱུ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...