སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གངས་ཅན་བོད་ཀྱི་ཟས་རིགས་ལས་སྟངས་ལས་འབྲས་སྣའི་སྐོར།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-25 10:06:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
ལྷ་སའི་འབྲས་བརྔོས།
རྒྱུ་ཆ། ཚག་ཤ་ཁེ100དང་། སྣུམ་ཁེ50། སོ་ལོ་སྔོན་པོ་དང་དམར་པོ་ཁེ50། ཨོའོ་སུན་ཁེ20། འབྲས་བཙོས་མ་ཁེ100། བཙོང་དང་། གཡེར་མ། ཚྭ། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས།  ཚག་ཤ་ཞིབ་ཞིབ་བཙབ་རྒྱུ་དང་། སོ་ལོ་སྔོན་པོ་དམར་པོ་དང་ཨོའོ་སུན་ཏིག་ཧྲུག་གཏུབ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཚག་ཤ་དང་། སོ་ལོ་སྔོན་པོ་དམར་པོ། ཨོའོ་སུན། ཚྭ། གཡེར་མ། བཙོང་བཅས་བླུགས་ནས་བརྔོས་ཐོག་འབྲས་བཙོས་མ་དང་ཤ་སྨན་བླུགས་ཏེ་བརྔོ་ཙམ་བྱ་རྒྱུ།
བལ་འབྲས་བརྔོས་མ།
རྒྱུ་ཆ། བལ་འབྲས་བཙོས་མ་ཁེ100དང་། ཚག་ཤ་ཁེ50། ཡཱང་བཙོང་ཁེ30། ཨོའོ་སུན་ཁེ30། ལབ་སེར་ཁེ30། སྣུམ་ཁེ50། ཚྭ་དང་། ལྒ་སེར། ཟི་ར། ལྒ་སྨུག  བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས།  ཚག་ཤ་ཞིབ་ཞིབ་བཙབ་རྒྱུ་དང་། ཡཱང་བཙོང་དང་།  ཨོའོ་སུན། ལབ་སེར་བཅས་ཏིག་ཧྲུག་གམ་སིལ་སིལ་གང་རུང་གཏུབ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ལྒ་སེར་ལྷང་འབུད་བཏང་ཐོག་ཚག་ཤ་དང་། ཚྭ།  ཡཱང་བཙོང་། ཨོའོ་སན། ལབ་སེར། ལྒ་སྨུག་བཅས་བླུགས་ནས་བརྔོས་རྗེས་འབྲས་བཙོས་མ་དང་། བཙོང་། ཟི་ར་བཅས་བརྒྱབ་ནས་བརྔོ་ཙམ་བྱ་རྒྱུ།
ཤ་བག་ལེབ།
རྒྱུ་ཆ། ཚག་ཤ་ཁེ300དང་། སྣུམ་རྒྱ་མ5། གྲོ་ཞིབ་རྒྱ་མ2། ཚྭ་དང་བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས།  ཚག་ཤའི་ནང་ཚྭ་དང་བཙོང་བླུགས་ནས་བཙལ་རྒྱུ་དང་། གྲོ་ཞིབ་ནང་ཆུ་དང་སྣུམ་ཕྲན་བུ་བླུགས་ནས་བརྫི་རྒྱུ། དེ་རྗེས་གྲོ་ཞིབ་ནང་ཚག་ཤ་བླུགས་ནས་བག་ལེབ་བཟོས་ཏེ་སྣུམ་ནང་བཀྲག་རྒྱུ།
ཨ་ཕོ་སྐལ་བཟང་།
རྒྱུ་ཆ། གྲོ་ཞིབ་རྒྱ་མ1དང་། སོ་ཏྲར་ཕྲན་བུ། ཚག་ཤ་ཁེ100། མོག་རོ་ཁེ100། སྣུམ་རྒྱ་མ5། བཙོང་དང་། གཡེར་མ། ཚྭ་བཅས་འོས་འཚམས་དགོས།
བཟོ་སྟངས།  ཚག་ཤ་དང་།  མོག་རོ། བཙོང་བཅས་ཏིག་ཧྲུག་གཏུབས་ནས་སྣུམ་བཙག་བཅད་དེ་བརྔོས་རྗེས་ཚྭ་དང་གཡེར་མ་རྒྱག་རྒྱུ། དེ་རྗེས་གྲོ་ཞིབ་ནང་སོ་ཏྲར་ཕྲན་བུ་དང་ཆུ་བླུགས་ནས་བརྫིས་ཏེ་ཤ་དང་མོག་རོ་བརྔོས་མ་གྲོ་ཞིབ་ནང་བླུགས་ནས་ཤ་བག་ལེབ་འདྲ་བ་བཟོས་ཏེ་སྣུམ་ནང་བཀྲག་རྒྱུ།
ཞོག་ཁོག་བག་ལེབ།
རྒྱུ་ཆ། ཞོག་ཁོག་རྒྱ་མ2དང་། ཚག་ཤ་ཞིབ་ཞིབ་ཁེ100། ཀྲུ་མ་ཀྲུ་ཁེ100། སྣུམ་རྒྱ་མ5། ཟི་ར་དང་། ལྒ་སེར། ཤ་སྨན། བཙོང་། ཚྭ། ཕིང་རྩམ། སུར་པན་བཅས་འོས་འཚམས་དགོས།
བཟོ་སྟངས།  ཞོག་ཁོག་བཙོས་ནས་པགས་པ་བཤུས་རྗེས་ཕིང་རྩམ་བླུགས་ནས་རྫིས་རྒྱག་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ལྒ་སེར་ལྷང་འབུད་བཏང་ནས་ཚག་ཤ་དང་། ཟི་ར། ཚྭ། བཙོང་། ཤ་སྨན་བཅས་བླུགས་ནས་བརྔོས་རྗེས་ཞོག་ཁོག་རྫིས་མའི་ནང་བླུགས་ཏེ་བཟོ་ལྟ་བག་ལེབ་ལྟར་བཟོས་ནས་སྣུམ་ནང་བཀྲག་རྒྱུ། མཇུག་ཏུ་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཀྲུ་མ་ཀྲུ་ཞིབ་ཞིབ་བཙབས་པ་དང་། ལྒ་སྨུག  བཙོང་། ཚྭ། སུར་པན། ཤ་སྨན་བཅས་མཉམ་དུ་བརྔོས་ནས་ཞོག་ཁོག་བག་ལེབ་དང་མཉམ་དུ་མཆོད་ན་སྤྲོ།
ཤ་མོག་མོག
རྒྱུ་ཆ། ཚག་ཤ་རྒྱུས་མེད་ཤ་ཚིལ་འདྲེས་མ་རྒྱ་མ1དང་། གྲོ་ཞིབ་རྒྱ་མ2། ཚྭ་དང་། ལྒ་སྨུག བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས།  ཚག་ཤའི་ནང་ཚྭ་དང་། བཙོང་། ལྒ་སྨུག་བཅས་བླུགས་བཙབ་རྒྱུ་དང་།  གྲོ་ཞིབ་ནང་ཆུ་བླུགས་ནས་བརྫི་རྒྱུ། དེ་རྗེས་གྲོ་ཞིབ་ནང་ཚག་ཤ་བླུགས་ནས་ཤ་མོག་བཟོས་ཏེ་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ། ཤ་མོག་དང་། རུས་ཐང་། སོན་ལ་ཕུག་བཅས་མཉམ་དུ་མཆོད་ན་དང་ག་བདེ།
ཚལ་མོག་མོག
རྒྱུ་ཆ། པད་ཚལ་དཀར་པོ་ཁེ100དང་། སྣུམ་ཁེ50། གྲོ་ཞིབ་རྒྱ་མ2། སུའུ་ཏྲར་ཕྲན་བུ། བཙོང་དང་། ལྒ་སྨུག གཡེར་མ། ཚྭ་བཅས་འོས་འཚམས་དགོས།
བཟོ་སྟངས།  པད་ཚལ་ཁུ་བ་ཞུས་ནས་བཙོང་དང་།  གཡེར་མ། ཚྭ།  སྣུམ། ལྒ་སྨུག་བཅས་བླུགས་ཏེ་ཞིབ་ཞིབ་བཙབ་རྒྱུ། དེ་རྗེས་གྲོ་ཞིབ་ནང་ཆུ་དང་སུའུ་ཏྲར་བླུགས་ནས་བརྫིས་ཏེ་ཚལ་མོག་མོག་བཟོས་ཏེ་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ།
ཞོག་ཁོག་མོག་མོག
རྒྱུ་ཆ། ཞོག་ཁོག་རྒྱ་མ2དང་། ཚག་ཤ་ཁེ100། སྣུམ་རྒྱ་མ5། ལྒ་སེར་དང་། ཟི་ར། ཚྭ། བཙོང་།  ཕིང་རྩམ། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས།  ཞོག་ཁོག་ཚོས་པོ་བཙོས་ནས་པགས་པ་བཤུས་ཏེ་བརྫི་རྒྱུ་དང་། ཚག་ཤ་ཞིབ་ཞིབ་བཙབ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཤ་དང་བཙོང་། ལྒ་སེར། ཟི་ར། ཤ་སྨན། ཚྭ་བཅས་མཉམ་དུ་རོབ་ཙམ་བརྔོས་རྗེས་ཞོག་ཁོག་ནང་བླུགས་ནས་རིལ་རིལ་བཟོ་བ་དང་འབྲེལ་ཕིང་རྩམ་སྐམ་པོ་ཕྲན་བུ་བྱུགས་ཏེ་སྣུམ་དྲོད་ཚད་མཐོ་ཙམ་ཞིག་གི་ནང་བཀྲག་ནས་སུར་པན་དམར་ལྡུར་མཉམ་དུ་མཆོད་ན་སྤྲོ།
མི་ཉག་ཕོ་ལོག
རྒྱུ་ཆ། གྲོ་ཞིབ་རྒྱ་མ2དང་། བྱེ་མ་ཀ་ར་ཁེ200། ཕྱུ་ར་ཁེ100། སྲན་རྩམ་ཁེ200། མར་ཁེ200བཅས་འོས་འཚམས་དགོས།
བཟོ་སྟངས།  གྲོ་ཞིབ་ནང་ཆུ་བླུགས་ནས་བརྫི་རྒྱུ། དེ་རྗེས་ཕྱུ་ར་དང་།  མར། སྲན་རྩམ། བྱེ་མ་ཀ་ར་བཅས་མཉམ་བསྲེས་ཐོག་གྲོ་ཞིབ་ནང་བླུགས་ནས་མོག་རོལ་བཟོས་ཏེ་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ།
ཕྲ་གསུམ་གྲོ་བཀྲག
རྒྱུ་ཆ། གྲོ་ཞིབ་ཁེ200དང་། སྒོ་ང4། སོ་ལོ་སྔོན་པོ་ཁེ70། ཨོའོ་སུན་ཁེ70། ལབ་སེར་ཁེ60། སྣུམ་རྒྱ་མ3། ཚྭ་དང་། གཡེར་མ། ལྒ་སྨུག  བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས།  གྲོ་ཞིབ་ནང་སྒོ་ང་དང་ཆུ་བླུགས་ནས་སླ་ཙམ་བརྫིས་རྗེས་སླ་ངའི་ནང་སྣུམ་ཕྲན་བུ་བླུགས་ཏེ་བག་ལེབ་སྲབ་པོ་བཀྲག་རྒྱུ་དང་། སོ་ལོ་སྔོན་པོ་དང་། ཨོའོ་སུན། ལབ་སེར་བཅས་སིལ་སིལ་གཏུབས་ནས་སྣུམ་ནང་ཚྭ་དང་། གཡེར་མ། ལྒ་སྨུག  བཙོང་བཅས་བླུགས་ནས་མཉམ་དུ་བརྔོ་རྒྱུ། དེ་རྗེས་བག་ལེབ་ནང་གོང་གསལ་ཚལ་བརྔོས་མ་བླུགས་ཐོག་དེའི་ངོས་སུ་གྲོ་ཞིབ་དང་སྒོ་ང་མཉམ་བསྲེས་བཏང་བ་བྱུགས་ཏེ་བསྒྲིལ་རྒྱུ་མ་ཟད། སྣུམ་དྲོད་ཚད་འབྲིང་ཙམ་ཞིག་གི་ནང་བཀྲག་རྒྱུ།
སིལ་གསུམ་གྲོ་བཀྲག
རྒྱུ་ཆ། གྲོ་ཞིབ་ཁེ300དང་། སྒོ་ང2། སོ་ལོ་སྔོན་པོ་ཁེ30། ཨོའོ་སུན་ཁེ50། ལབ་སེར་ཁེ30། སྣུམ་རྒྱ་མ3། གཡེར་མ་དང་། བཙོང་། ཚྭ། ལྒ་སྨུག་བཅས་འོས་འཚམས་དགོས།
བཟོ་སྟངས།  གྲོ་ཞིབ་ནང་སྒོ་ང་དང་ཆུ་བླུགས་ནས་སླ་ཙམ་བརྫིས་རྗེས་སླ་ངའི་ནང་མར་རམ་སྣུམ་ཕྲན་བུ་བླུགས་ཏེ་བག་ལེབ་སྲབ་པོ་བཀྲག་རྒྱུ། དེ་རྗེས་སོ་ལོ་སྔོན་པོ་དང་། ལབ་སེར། ཨོའོ་སུན་བཅས་སིལ་སིལ་གཏུབས་ནས་སྣུམ་ནང་བརྔོས་ཐོག་ཚྭ་དང་། གཡེར་མ། བཙོང་། ལྒ་སྨུག་བཅས་བརྒྱབ་ནས་བག་ལེབ་ངོས་སུ་སྦྱར་རྒྱུ་མ་ཟད། དེའི་ཐོག་གྲོ་ཞིབ་དང་སྒོ་ང་མཉམ་བསྲེས་བཏང་བ་བྱུགས་ཏེ་བསྒྲིལ་རྗེས་སྣུམ་དྲོད་ཚད་འབྲིང་ཙམ་ནང་བཀྲག་ནས་གཏུབ་རྒྱུ།
ཨ་ཙ་ར་ཤ་བསྒྲིལ།
རྒྱུ་ཆ། ཚག་ཤ་ཞིབ་ཞིབ་ཁེ200དང་། གྲོ་ཞིབ་ཁེ300། སྒོ་ང5། ཀྲུ་མ་ཀྲུ་ཁེ150། སྣུམ་ཁེ50། སུར་པན་དང་། ཕིང་རྩམ་ཆུ་སྦང་། ཚྭ། ལྒ་སེར། ཟི་ར་བཅས་འོས་འཚམས་དགོས།
བཟོ་སྟངས།  གྲོ་ཞིབ་ནང་ཚྭ་དང་། སྒོ་ང་། ཆུ་བཅས་བླུགས་ནས་རྫིས་བརྒྱབ་བསྟེ་བག་ལེབ་སྲབ་པོ་བཀྲག་རྒྱུ། དེ་རྗེས་ཚག་ཤ་དང་ཀྲུ་མ་ཀྲུ་ཞིབ་ཞིབ་བཙབས་ནས་སུར་པན་དང་། ཚྭ།  ཟི་ར། ལྒ་སེར། ཕིང་རྩམ་ཆུ་སྦང་བཅས་མཉམ་དུ་ཚལ་སླང་ནང་སྣུམ་བཙག་བཅད་དེ་མེ་ཆུང་ངུས་དུས་ཚོད་རིང་ཙམ་བརྔོས་རྗེས་བག་ལེབ་ནང་བསྒྲིལ་ཏེ་མཆོད་རྒྱུ།
ལྷ་སའི་མོག་བཀྲག
རྒྱུ་ཆ། གྲོ་ཞིབ་རྒྱ་མ1དང་། སུའུ་ཏྲར་ཕྲན་བུ། ཇ་ཁུ་ཕྲན་བུ། སྣུམ་ཁེ50། ཚྭ་དང་། གཡེར་མ། བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས།  གྲོ་ཞིབ་ནང་སུའུ་ཏྲར་དང་ཆུ་བླུགས་ཏེ་བརྫིས་ནས་ལེབ་ལེབ་བཟོས་རྗེས་སྣུམ་དང་། ཚྭ། གཡེར་མ། བཙོང་བཅས་མཉམ་བསྲེས་བཏང་བ་བྱུགས་ནས་བསྒྲིལ་རྒྱུ། དེ་རྗེས་ཧ་ཡང་ནང་སྣུམ་ཕྲན་བུ་བླུགས་ནས་མོག་མོག་གི་མཐིལ་བཀྲག་ཐོག་ཚྭ་དང་། ཇ་ཁུ། ཆུ་ཁོལ་བཅས་མཉམ་བསྲེས་བཏང་བ་བླུགས་ཏེ་ཆུ་ཐག་མ་ཆོད་བར་བཙོ་རྒྱུ།
ཕྱུར་རུལ།
རྒྱུ་ཆ། ཚག་ཤ་ཤ་ཚིལ་འདྲེས་མ་ཁེ300དང་། ཕྱུ་ར་རུལ་པ་ཕྲན་བུ། མར་ཁེ100། གྲོ་ཞིབ་ཕྲན་བུ། སུར་པན་གང་བུ། ཚྭ་བཅས་འོས་འཚམས་དགོས།
བཟོ་སྟངས།  ཚག་ཤ་ཏི་ཀ་གྲུ་བཞི་གཏུབས་ནས་ཆུའི་ནང་བཙོས་རྗེས་ཕྱུར་རུལ་དང་། སུར་པན་གང་བུ། ཚྭ། མར། གྲོ་ཞིབ་བཅས་བླུགས་ནས་བསྐོལ་རྒྱུ་མ་ཟད། དཀྲུག་དཀྲུག་ཡང་སེ་གཏོང་དགོས།
རྩམ་ཐུག
རྒྱུ་ཆ། རྩམ་པ་ཁེ100དང་། ཤ་མ་རུས་ཁེ200། ལ་ཕུག་ཁེ150། རུས་ཐང་རྒྱ་མ3།  ཚྭ་བཅས་འོས་འཚམས་དགོས།
བཟོ་སྟངས།  ཤ་མ་རུས་རྡོག་ཙམ་རྡོག་ཙམ་གཏུབ་རྒྱུ་དང་ལ་ཕུག་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབ་རྒྱུ། དེ་རྗེས་རུས་ཐང་ནང་ཤ་དང་ལ་ཕུག་མཉམ་དུ་བཙོས་ནས་ཚོས་མཚམས་ལ་རྩམ་པ་བརྒྱབ་སྟེ་མེ་ཆུང་ངུའི་ཐོག་བསྐོལ་རྒྱུ་མ་ཟད། དཀྲུག་དཀྲུག་ཡང་སེ་གཏོང་དགོས།
འཐག་ཞིབ།
རྒྱུ་ཆ། ཚག་ཤ་ཁེ200དང་། འབྲས་ཁེ200། རུས་ཐང་རྒྱ་མ5། ཚྭ་དང་། བཙོང་། གཡེར་མ་བཅས་འོས་འཚམས་དགོས།
བཟོ་སྟངས།  ཚག་ཤ་ཞིབ་ཞིབ་བཙབ་རྒྱུ་དང་། འབྲས་འཐག་རྒྱུ། དེ་རྗེས་རུས་ཐང་ནང་ཚག་ཤ་དང་འབྲས་བཏགས་པ་བླུགས་ནས་མཉམ་དུ་བསྐོལ་རྗེས་གཡེར་མ་རྒྱག་རྒྱུ་མ་ཟད། ཤ་དང་འབྲས་ཚོས་མཚམས་ལ་བཙོང་དང་ཚྭ་རྒྱག་རྒྱུ།
གྲོ་ཐུག
རྒྱུ་ཆ། ཚག་ཤ་ཤ་ཚིལ་འདྲེས་མ་ཁེ300དང་། གྲོ་ཆག་ཁེ300། ཚྭ་བཅས་འོས་འཚམས་དགོས།
བཟོ་སྟངས།  གྲོ་ཆག་ཆུ་ཚ་པོའི་ནང་སྦང་རྒྱུ་དང་། ཚག་ཤ་རྡོག་ཆུང་ཙམ་གཏུབ་རྒྱུ། དེ་རྗེས་ཆུའི་ནང་ཚག་ཤ་དང་གྲོ་ཆག་མཉམ་དུ་བསྐོལ་ནས་ཚོས་མཚམས་ལ་ཚྭ་རྒྱག་རྒྱུ།
འོ་མའི་ཐུག་པ།
རྒྱུ་ཆ། འོ་མ་རྒྱ་མ5དང་། མར་ཁེ200། གྲོ་ཞིབ་རྒྱ་མ1། ཚྭ་བཅས་འོས་འཚམས་དགོས།
བཟོ་སྟངས།  གྲོ་ཞིབ་བརྫིས་ནས་ཐུག་ལྷེབ་བཟོས་ཏེ་མར་ཁུའི་ནང་བརྔོས་རྗེས་འོ་མ་དང་ཚྭ་བླུགས་ནས་མཉམ་དུ་བསྐོལ་རྒྱུ།
སྐྱུར་ཐུག
རྒྱུ་ཆ། ཕྱུ་ར་ཁེ50དང་། ཚག་ཤ་ཁེ100། རྩམ་པ་ཁེ50། རུས་ཐང་རྒྱ་མ5། ལ་ཕུག་ཁེ200། ཚྭ་བཅས་འོས་འཚམས་དགོས།
བཟོ་སྟངས།  ཚག་ཤ་དང་ལ་ཕུག་སིལ་སིལ་གཏུབ་རྒྱུ། དེ་རྗེས་རུས་ཐང་ནང་ཚག་ཤ་དང་། ལ་ཕུག  ཕྱུ་ར། ཚྭ། རྩམ་པ་བཅས་བླུགས་ནས་བསྐོལ་རྒྱུ་མ་ཟད། དཀྲུག་དཀྲུག་ཡང་སེ་གཏོང་དགོས།
ཟྭ་ཐུག
རྒྱུ་ཆ། ཟྭ་པོ་ཁེ400དང་། ཚག་ཤ་ཁེ300། རྩམ་པ་ཕྲན་བུ། ཚྭ་བཅས་འོས་འཚམས་དགོས།
བཟོ་སྟངས།  ཟྭ་པོ་གཙང་མ་བཀྲུ་རྒྱུ་དང་། ཤ་དང་ཚི་ལུ་ཏི་ཀ་ཆུང་ཙམ་གཏུབ་རྒྱུ། དེ་རྗེས་ཧ་ཡང་ནང་ཆུ་བླུགས་ཏེ་ཚག་ཤ་དང་ཚི་ལུ་བརྒྱབ་ནས་བསྐོལ་རྒྱུ་མ་ཟད། ཤ་ཚོས་མཚམས་ལ་ཟྭ་པོ་བླུག་རྒྱུ་དང་། ཟྭ་པོ་ཚོས་མཚམས་ལ་རྩམ་པ་དང་ཚྭ་བླུགས་ནས་ཡུན་རིང་ཙམ་སྐོལ་བ་དང་འབྲེལ་དཀྲུག་དཀྲུག་ཡང་སེ་གཏོང་དགོས།
ཀྲུང་ཐུག
རྒྱུ་ཆ། དབྱར་ཁའི་ནས་ཀྱི་ཀྲུང་རྒྱ་མ3དང་། ཚག་ཤ་རྒྱུས་མེད་རྒྱ་མ1། རུས་ཐང་རྒྱ་མ8། འཛིམ་བུ། ལྒ་སྨུག་བཅས་འོས་འཚམས་དགོས།
བཟོ་སྟངས།  ཀྲུང་མེ་ལ་བསྲེགས་ནས་ཕུར་ཕུར་གཏོང་བའམ་ཡང་ན་ཆུ་ཁོལ་ནང་སྦང་ཙམ་བྱས་ནས་ཕུར་ཕུར་བཏང་སྟེ་པགས་པ་བཤུ་རྒྱུ་དང་། ཚག་ཤ་ཞིབ་ཞིབ་བཙབ་རྒྱུ། དེ་རྗེས་རུས་ཐང་ནང་ཚག་ཤ་དང་།  ཀྲུང་། ཚྭ། འཛིམ་བུ། ལྒ་སྨུག་བཅས་བླུགས་ནས་མཉམ་དུ་བསྐོལ་རྒྱུ།
ཐུག་པ་མིང་བཏགས།
རྒྱུ་ཆ། འབྲས་རྒྱ་མ2དང་། མངར་ཁམ་ཕྲན་བུ། ཚག་ཤའམ་ལུག་ཤ་རྒྱ་མ1། ཁ་སུར་ཕྲན་བུ། རྒུན་འབྲུམ་ཕྲན་བུ། མར་ཁེ200བཅས་དགོས།
བཟོ་སྟངས།  འབྲས་ནང་ཆུ་མང་ཙམ་བླུགས་ཏེ་བཙོས་ནས་ཕྱེད་ཚོས་བྱུང་རྗེས་མར་དང་ཤ་བརྒྱབ་ནས་མེ་ཆུང་ངུའི་ཐོག་བཙོས་ཐོག་མངར་ཁམ་དང་། ཁ་སུར། རྒུན་འབྲུམ་བཅས་བླུགས་ནས་ཁེབས་གཅོད་བརྒྱབ་སྟེ་བཙོ་རྒྱུ་མ་ཟད། ཐུག་སྐྱས་དཀྲུག་དཀྲུག་ཡང་གཏོང་དགོས། དེ་ནི་ཞག་ཚི་ཆེ་ལ་བྲོ་བ་ཆེ་བའི་དགེ་འདུན་པའི་ཞལ་ལག་ཡིན་པ་ཙམ་མ་ཟད། དཀར་སྐྱོང་སྐབས་སུ་བསྐོལ་ནས་མཆོད་སྲོལ་ཡོད། དེ་ལ་ཐུག་པ་འ་མོ་ཟུར་ཡང་ཟེར།
ལག་བཟོས་བོད་ཐུག
རྒྱུ་ཆ། གྲོ་ཞིབ་རྒྱ་མ1དང་། ཚག་ཤ་ཁེ100། སྒོ་ང4། རུས་ཐང་རྒྱ་མ5། སྣུམ་ཁེ50། ཇིན་ཚལ་ཁེ25། ཨོའོ་སུན་ཁེ25། ཚྭ་དང་། གཡེར་མ། བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས།  གྲོ་ཞིབ་ནང་སྒོ་ང་དང་ཆུ་བླུགས་ཏེ་བརྫིས་ནས་ཐུག་ལྷེབ་སྲབ་པོ་བཟོ་རྒྱུ་དང་། ཇིན་ཚལ་དང་ཨོའོ་སུན་སིལ་སིལ་གཏུབས་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཚྭ་དང་། ཚག་ཤ  ཇིན་ཚལ། ཨོའོ་སུན་བཅས་བླུགས་ནས་མཉམ་དུ་བརྔོས་ཐོག་གཡེར་མ་དང་བཙོང་རྒྱག་རྒྱུ་མ་ཟད། རུས་ཐང་ནང་ཐུག་ལྷེབ་དང་ཤ་བརྔོས་མ་བླུགས་ནས་མཉམ་དུ་བསྐོལ་རྒྱུ།
ཤ་མེད་བལ་ཐུག་བརྔོས་མ།
རྒྱུ་ཆ། བལ་ཐུག་ཁེ100དང་། སེར་ཤ་ཁེ50། ཨོའོ་སུན་ཁེ25། ལབ་སེར་ཁེ25། སྣུམ་ཁེ100། ཚྭ་དང་། བཙོང་། ཟི་ར། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས།  བལ་ཐུག་བཙོ་རྒྱུ་དང་། ཨོའོ་སུན་དང་། ལབ་སེར། སེར་ཤ་བཅས་སིལ་སིལ་ལམ་ལྷེབ་ལྷེབ་གང་རུང་གཏུབས་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཨོའོ་སུན་དང་། ལབ་སེར། སེར་ཤ་བཅས་བརྔོས་ཐོག་ཚྭ་དང་། བལ་ཐུག  བཙོང་། ཟི་ར། ཤ་སྨན་བཅས་བླུགས་ནས་བརྔོ་ཙམ་བྱ་རྒྱུ།
ཚག་ཤ་བལ་ཐུག
རྒྱུ་ཆ། གྲོ་ཞིབ་རྒྱ་མ2དང་། ཚག་ཤ་ཁེ100། སོ་ལོ་སྔོན་པོ་དང་དམར་པོ་ཁེ50། སྣུམ་ཁེ50། བཙོང་དང་། གཡེར་མ། ཚྭ། སྒོག་པ། ལྒ་སྨུག ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས།  གྲོ་ཞིབ་བརྫིས་ནས་བལ་ཐུག་བཟོ་རྒྱུ་དང་། སོ་ལོ་སྔོན་པོ་དང་དམར་པོ་གཏུབས་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཚག་ཤ་ལྷེབ་ལྷེབ་གཏུབས་ནས་ཚལ་སླང་ནང་སྣུམ་བཙག་བཅད་དེ་བརྔོས་ཐོག་ཚྭ་དང་། གཡེར་མ། སྒོག་པ། ལྒ་སྨུག བཙོང་། སོ་ལོ་སྔོན་པོ་དང་དམར་པོ། བལ་ཐུག་བཅས་བླུགས་ནས་བརྔོས་རྗེས་ཤ་སྨན་རྒྱག་རྒྱུ།
གསོལ་རྐང་པི་ཤི
རྒྱུ་ཆ། གྲོ་ཞིབ་རྒྱ་མ1དང་། ཚག་ཤ་ཁེ200། མར་རྒྱ་མ2། ཟི་ར་དང་། ལྒ་སྨུག ཚྭ། བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས།  གྲོ་ཞིབ་ནང་ཆུ་བླུགས་ནས་བརྫིས་རྒྱག་རྒྱུ་དང་། ཚག་ཤའི་ནང་ཚྭ་དང་། བཙོང་། ཟི་ར། ལྒ་སྨུག་བཅས་བླུགས་ནས་ཞིབ་ཞིབ་བཙབས་ཏེ་བརྔོ་རྒྱུ། དེ་རྗེས་གྲོ་ཞིབ་ནང་ཚག་ཤ་བརྔོས་པ་བླུགས་ནས་བཟོ་ལྟ་ཟུར་གསུམ་མམ་གྲུ་བཞི་གང་རུང་བཟོས་ནས་མར་ཁུའི་ནང་བཀྲག་རྒྱུ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...