སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དམངས་ཁྲོད་ཀྱི་རྩེད་རིག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-14 9:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     རྩེད་རིག་ནི་མི་ཟུང་རེ་གཡས་འཁོར་གཡོན་འཁོར་བྱས་ཏེ་རྐང་བའི་འདེགས་འཇོག་དང་དབྱངས་རྟ་གཉིས་ཟུང་གཅིག་ལ་འབྲེལ་ནས་ལེན་པ་ཞིག་ཡིན། གཡས་ལ་འཁོར་དུས་གཡས་ལག་མཐོན་པོར་སྒྲེང་དགོས། གཡོན་ལག་སྨད་དགོས། གཡོན་ལ་འཁོར་དུས་གཡོན་ལག་སྒྲེང་དགོས། གཡས་ལག་སྨད་ནས་འཁོར་དགོས། འདི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཨ་རྩེད་ཕོ་ཟུང་དང་མོ་ཟུང་རེ་བྱས་ནས་རྩེ་བ་ཞིག་རེད། དཔེར་ན།
     མཉམ་དུ---ཨ་རྩེད། རྟ་ལ་ཆེ་ན་མི་བཟང་ཡ། ཤུ་ཡ་ཡེ།
                    ཆུང་ན་བཟང་ཡ། ཆུང་ན་བཟང་།
                    རྟ་ལ་ཆུང་བའི་གོམ་ལག་ཡ། ཤུ་ཡ་ཡེ།
                    བདེ་ན་བཟང་ཡ། བདེ་ན་བཟང་།
                    རང་ལ་སྤུན་ཁོ་གཉིས་ཀ་ཡ། ཤུ་ཡ་ཡེ།
                    འཁོར་ར་རྩེ་ཡ། འཁོར་ར་རྩེ།
     མཉམ་དུ---ཨ་རྩེད།  མཛོ་ལ་ཆེ་ན་མི་བཟང་ཡ། ཤུ་ཡ་ཡེ།
                    ཆུང་ན་བཟང་ཡ། ཆུང་ན་བཟང་།
                    མཛོ་ལ་ཆུང་བའི་ར་ཁ་གོར་ན་ཡག་ཡ། ཤུ་ཡ་ཡེ།
                    གོར་ན་ཡག་ཡ། གོར་ན་ཡག
                    རང་ལ་སྤུན་ཁོ་གཉིས་ཀ་ཡ། ཤུ་ཡ་ཡེ།
                    འཁོར་ར་རྩེ་ཡ། འཁོར་ར་རྩེ།
     མཉམ་དུ---ཨ་རྩེད། གླུ་ལ་ཆེ་ན་མི་བཟང་ཡ། ཤུ་ཡ་ཡེ།
                    ཆུང་ན་བཟང་ཡ། ཆུང་ན་བཟང་།
                    གླུ་ལ་ཆུང་བའི་སྐད་ངག་ཡ། ཤུ་ཡ་ཡེ།
                    སྙན་ན་བཟང་ཡ། སྙན་ན་བཟང་།
                    རང་ལ་སྤུན་ཁོ་གཉིས་ཀ་ཡ། ཤུ་ཡ་ཡེ།
                    འཁོར་ར་རྩེ་ཡ། འཁོར་ར་རྩེ།
     ཡང་ན། རྒྱ་པ་ལ་ཡེ་ལྡིང་ལྡིང་ཞེས་པའི་རྩེད་རིག་ཕོ་གསར་ཟུང་རྩེས་པ་ཡིན་ལ། མཉམ་ཏུ་སྐད་ངག་ལ་གུག་ནས་ལངས་ཏེ་ཕྱིར་བཀྱེད་ནས་གཅིག་གིས་རྐང་བ་སྔུན་ལ་རྡང་རྐང་བཏོད་ནས་ཟུར་ཏེ་འདུག གཞན་པ་དེ་རྒྱུག་ཡོང་ཏེ་རྐེད་ལ་ལྡིང་ནས་རྐང་བ་གཉིས་རྒྱབ་ནས་བསྣོལ་ཏེ་སྲ་མོ་བྱས་ནས་བསྡམས་པ་རེད།  ལག་པ་གཉིས་ཀྱིས་ཐལ་མོ་རྡེབ་ནས་འགྲམ་དཀྱིལ་མ་རྒྱག་གཡས་དང་སྐག་དཀྱིལ་རྒྱག་ཡ་ཞེས་གཡོན་ལ་ཐེལ་མོ་བརྡེབས་པ་ཡིན།  དཔེར་ན།
     མཉམ་དུ--- རྐུ་མ་ཡེ་མ་ཡེ--། རྒྱ་པ་ལ་ཡེ་རྐུས་ཨ་འགྲོ་བྱས་ཡ། བདེ་མོ་ལ་ཡེ་རྐུས་ཨ་འགྲོ་བྱས་ཡ།
                    སྟོད་དབུས་གཙང་ཡུལ་གྱི། རྒྱ་པ་ལ་ཡེ་ཚོགས་དུང་ཨ་འགྲོ་རྐུས་ཡ། བདེ་མོ་ལ་ཡེ་ཚོགས་དུང་ཨ་འགྲོ་རྐུས་ཡ།
                    དུང་འབུད་སྤྱད་མ་ཉན། རྒྱ་པ་ལ་ཡེ་ཁུར་ཚུར་ཨ་འགྲོ་བུད་ཡ། བདེ་མོ་ལ་ཡེ་ཁུར་ཚུར་ཨ་འགྲོ་བུད་ཡ།
                    དགོད་ན་དགོད་རྒྱུ། རྒྱ་པ་ལ་ཡེ་དེ་ལ་ཨ་འགྲོ་ཡོད་ཡ།  བདེ་མོ་ལ་ཡེ་དེ་ལ་ཨ་འགྲོ་ཡོད་ཡ།
                    ཕྱིར་བཀྱེད་བཀྱེད་ཡ། རྒྱ་པ་ཡེ་འགྲམ་དཀྱིལ་ཨ་འགྲོ་རྒྱག་ཡ།  བདེ་མོ་ལ་ཡེ་སྐག་དཀྱིལ་ཨ་འགྲོ་རྒྱག་ཡ།
                    རང་སྤུན་ཁོ་གཉིས་ཀ རྒྱ་པ་ལ་ཡེ་འཁོར་ར་ཨ་འགྲོ་རྩེ་ཡ། བདེ་མོ་ལ་ཡེ་འཁོར་ར་ཨ་འགྲོ་རྩེ་ཡ།
     མཉམ་དུ--- རྐུ་མ་ཡེ་མ་ཡེ--། རྒྱ་པ་ལ་ཡེ་རྐུས་ཨ་འགྲོ་བྱས་ཡ། བདེ་མོ་ལ་ཡེ་རྐུས་ཨ་འགྲོ་བྱས་ཡ།
                    སྐུ་རྒྱལ་བོད་ཀྱི། རྒྱ་པ་ལ་ཡེ་ཁལ་ཆ་ཨ་འགྲོ་རྐུས་ཡ། བདེ་མོ་ལ་ཡེ་ཁལ་ཆ་ཨ་འགྲོ་རྐུས་ཡ།
                    ལོག་རྒྱག་སྤྱད་མ་ཉན། རྒྱ་པ་ལ་ཡེ་འཇོར་གྱིས་ཨ་འགྲོ་སློག་ཡ། བདེ་མོ་ལ་ཡེ་འཇོར་གྱིས་ཨ་འགྲོ་སློག་ཡ།
                    དགོད་ན་དགོད་རྒྱུ། རྒྱ་པ་ལ་ཡེ་དེ་ལ་ཨ་འགྲོ་ཡོད་ཡ།  བདེ་མོ་ལ་ཡེ་དེ་ལ་ཨ་འགྲོ་ཡོད་ཡ།
                    ཕྱིར་བཀྱེད་བཀྱེད་ཡ། རྒྱ་པ་ཡེ་འགྲམ་དཀྱིལ་ཨ་འགྲོ་རྒྱག་ཡ།  བདེ་མོ་ལ་ཡེ་སྐག་དཀྱིལ་ཨ་འགྲོ་རྒྱག་ཡ།
                    རང་སྤུན་ཁོ་གཉིས་ཀ རྒྱ་པ་ལ་ཡེ་འཁོར་ར་ཨ་འགྲོ་རྩེ་ཡ། བདེ་མོ་ལ་ཡེ་འཁོར་ར་ཨ་འགྲོ་རྩེ་ཡ།
     མཉམ་དུ--- རྐུ་མ་ཡེ་མ་ཡེ--། རྒྱ་པ་ལ་ཡེ་རྐུས་ཨ་འགྲོ་བྱས་ཡ། བདེ་མོ་ལ་ཡེ་རྐུས་ཨ་འགྲོ་བྱས་ཡ།
                    སྨད་རྒྱ་ནག་ཡུལ་གྱི།  རྒྱ་པ་ལ་ཡེ་ཁྲིམས་ཅོ་ཨ་འགྲོ་རྐུས་ཡ། བདེ་མོ་ལ་ཡེ་ཁྲིམས་ཅོ་ཨ་འགྲོ་རྐུས་ཡ།
                    ཁྲིམས་རྒྱག་སྤྱད་མ་ཉན། རྒྱ་པ་ལ་ཡེ་ཐལ་ལྕག་ཨ་འགྲོ་བརྒྱབ་ཡ། བདེ་མོ་ལ་ཡེ་ཐལ་ལྕག་ཨ་འགྲོ་བརྒྱབ་ཡ།
                    དགོད་ན་དགོད་རྒྱུ། རྒྱ་པ་ལ་ཡེ་དེ་ལ་ཨ་འགྲོ་ཡོད་ཡ། བདེ་མོ་ལ་ཡེ་དེ་ལ་ཨ་འགྲོ་ཡོད་ཡ།
                    ཕྱིར་བཀྱེད་བཀྱེད་ཡ། རྒྱ་པ་ཡེ་འགྲམ་དཀྱིལ་ཨ་འགྲོ་རྒྱག་ཡ། བདེ་མོ་ལ་ཡེ་སྐག་དཀྱིལ་ཨ་འགྲོ་རྒྱག་ཡ།
                    རང་སྤུན་ཁོ་གཉིས་ཀ རྒྱ་པ་ལ་ཡེ་འཁོར་ར་ཨ་འགྲོ་རྩེ་ཡ། བདེ་མོ་ལ་ཡེ་འཁོར་ར་ཨ་འགྲོ་རྩེ་ཡ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...