གཉན་པོ་གཡུ་རྩེའི་བུ་རྒྱུད་གླུ་བ་ཤེར་བསྟན་ངོ་སྤྲོད་བསྡུས་པ།
རྩོམ་པ་པོ། སྨིན་དབུས་པོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2010-12-15 11:50:00 རྩོམ་ཁུངས། མཚོ་སྔོན་པོ་ཟིན་བྲིས། ཀློག་གྲངས།


གཉན་པོ་གཡུ་རྩེའི་བུ་རྒྱུད་གླུ་བ་ཤེར་བསྟན་ངོ་སྤྲོད་བསྡུས་པ།    

  གཉན་པོ་གཡུ་རྩེའི་བུ་རྒྱུད་དུ་གྲགས་པའི་མགོ་ལོག་གླུ་བ་ཤེར་བསྟན་ལགས་ནི་མགོ་ལོག་གཅིག་སྒྲིལ(གཉན་པོ་གཡུ་རྩེ)རྫོང་སྨིན་ཐང་ཡུལ་ཚོའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ(1981)ལོར་སྐྱེས་ཤིང་ཆུང་དུས་ནས་གླུ་དང་རོལ་མོ་སོགས་ལ་ཐུན་མིན་གྱི་དུངས་ཞེན་ཟབ་མོ་མཆིས། ལོ་ན་བདུན་ཙམ་ནས་བཟུང་སྟེ་དཔེ་ཁུག་ལེབ་ལེབ་ཞིག་ཕྲག་ཏུ་གཟར་ཞིང་འབྲི་དེབ་འབྲི་སྨྱུག་སོགས་གྲོགས་སུ་བསྟེན་ནས་སྨིན་ཐང་ཡུལ་ཚོའི་བཅའ་སྡོད་སློབ་ཆུང་འགྲིམ་མགོ་བརྩམས། སློབ་གྲྭ་འགྲིམ་པའི་ཞོར་དུ་བྱམས་ལྡན་ཨ་མས་མཛུབ་ཁྲིད་ཀྱི་འོག་ནས་བོད་ཀྱི་པི་ཝང་རྡུང་ལེན་སྦྱང་མགོ་བཟུང་སྟེ་རྡུང་ལེན་ཕྱོགས་སུ་གོམ་པ་སྤོས།ཕྱིས་སུ་རྒན་རྡོ་རེ་ལགས་ཀྱི་མདུན་ནས་སྦྱང་བ་བྱས་ཏེ་བོད་ཀྱི་པི་ཝང་རྡུང་ལེན་ལེགས་པར་སྦྱངས་ནས་སྒྲ་སྙན་རྡུང་ལེན་གྱི་རྨང་གཞི་སྲ་བརྟན་དུ་བཏང༌།ལོ་ངོ་བཅུ་གཉིས་སྟེང་མདོ་ཁམས་ཡུལ་གྱི་སྐབས་དང་པོའི་དམངས་གླུ་དང་རྡུང་ལེན་འགྲན་ཚོགས་ཁྲོད་དུ་རྡུང་ལེན་གྱི་བྱ་དགའ་ཨང་དང་པོ་ཐོབ༌།དེ་ནས་བཟུང་སློབ་གྲྭ་ཆུང་འབྲིང་གི་སློབ་ཞོར་དུ་རྡུང་ལེན་སྒྲ་ཐག་འགའ་འགྲེམ་སྤེལ་བྱས་པ་ལ་རྒྱ་ཆེའི་ཉན་མཁན་གྱིས་དགའ་བསུ་མི་དམན་པ་ཐོབ།སྤྱི་ལོ(2001)ལོར་མཚོ་སྔོན་ཞིང་ཆེན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་ཕྱིར་ཕ་ཡུལ་དུ་འབྱོར་རྗེས་རང་རྟོགས་སྒོས་གཟི་ཚ་སྡེ་དགུ་རུ་ཕྱིན་ནས་ལོ་ངོ་གཅིག་གི་དུས་ཡུན་བེད་སྤྱད་དེ་བོད་ཀྱི་གླུ་དང་གར་ལ་དངོས་སྦྱང་མི་དམན་པ་བྱས།སྤྱི་ལོ(2005)ལོར་གླུ་དབྱངས་ཆེད་སྒྲིག་ཐོག་མ་སྟེ།<ལས་འབྲས་ཀྱི་ཁ་དན>ཞེས་པ་མི་ཡུལ་ལ་སྐྱེས་སུ་ཕུལ།སྤྱི་ལོ(2006)ལོར་ཨ་རི་རྒྱལ་ཁབ་ལ་ཕྱིན་ཏེ་རྒྱལ་ཁོངས་དེ་གའི་རིགས་གཅིག་སྤུན་ཟླ་སྤྱི་ལ་འཚམས་འདྲི་དང་གླུ་ངག་གཙང་མས་མཆོད་པ་ཕུལ།སྤྱི་ལོ(2008)ལོའི་ཟླ(8)པར་རྩ་འཛུགས་རིམ་པས་བྱ་བའི་བསྐོ་བཞག་བྱས་པ་ལྟར་ཕ་ཡུལ་གཅིག་སྒྲིལ་(གཉན་པོ་གཡུ་རྩེ)རྫོང་བོད་ཡིག་སློབ་འབྲིང་དུ་དངོས་སུ་དགེ་རྒན་གྱི་ལས་གནས་ལ་ཞུགས།ལས་ཞོར་དུ་སློབ་འབྲིང་ནང་ཁུལ་དུ་ཆེས་ཐོག་མའི་རིག་རྩལ་ཚོགས་ཆུང་ཞིག་བཙུགས་ཤིང་ད་ལྟ་ཡང་རྒྱུན་སྐྱོང་མུས་སུ་མཆིས།སྤྱི་ལོ(2008)ལོར་པེ་ཅིན་དེང་རབས་རོལ་དབྱངས་སློབ་གླིང་དུ་ཕྱིན་ནས་ལོ་གཉིས་ཀྱི་དུས་ཡུན་ལ་བོད་ཀྱི་རོལ་དབྱངས་ཐད་ཡིད་ཚིམ་པ་མེད་པར་སློབ་གཉེར་བྱས།དེ་མིན་ཉེ་ཆར་གྱི<ཕ་སྐད་ཀྱི་རང་མདངས>དང་<མཐུན་སྒྲིལ་གྱི་རང་སྒྲ>སོགས་སྔ་རྗེས་སུ་སྒྲ་ཐག་དང་ཟེར་སྡེར་ལྔ་བཅུ་ལྷག་སྤེལ་མྱོང༌།ད་ལྟ་ཁོས་མགོ་ལོག་གཅིག་སྒྲིལ(གཡུ་རྩེ་རྫོང་)རིག་གནས་སྡེ་ཁག་ཏུ་ལས་ཞུགས་བྱེད་བཞིན་ཡོད་པ་དང༌།གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པའི་རྒྱུན་ལས་པའི་འགན་ཡང་ཁུར་མུས་ལགས།མཇུག་མཐར་གཉན་པོ་གཡུ་རྩེའི་བུ་རྒྱུད་ལགས་ཀྱིས་བཤད་རྒྱུར(ཁོས་མ་འོངས་པར་མུ་མཐུད་དུ་བོད་རང་གི་ཕ་སྐད་དང་ཕ་ཡིག་གཙོ་སྙིང་དུ་བཟུང་བའི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་ཤུགས་སྣོན་ལས་རིགས་ཀྱི་ཕྱོགས་སུ་གོམ་གང་མཐུན་སྤོས་བྱེད་རྒྱུ་དང༌། མིའི་རིགས་ལ་རང་ནུས་གང་ཡོད་ཀྱིས་སྲི་ཞུ་བྱེད་པར་བརྩོན་རྒྱུ་ཡིན)ཟེར་བ་དེའོ།།


  • མི་རིགས་བརྙན་འཕྲིན་ཟློས་གར《གཡག་གི་ལོ་ཟླ》ཕབ་བཞིན་པ།
  • བོད་ལྗོངས་ཀྱི་ཇོ་མོ་གླང་མའི་པར་རིས་འགྲེམ་སྟོན་ཆེན་མོ་སྤེལ།
  • ཨ་ལུ་ཨ་སྒྲོན་གྱི་རོལ་དབྱངས་བརྙན་འཕྲིན《གེ་སར》ཕབ་ཟིན།
  • མཚོན་མདངས་རྣམ་པར་བཀྲ་བའི་ཤོག་བྱ་མཐོ་སྒང་དུ་སྤུར།
  • མཚོ་སྔོན་པོའི་འགྲམ་དུ་དགོ་ཕྲུག་ལྔ་སྐྱེས་འཕེལ་བྱུང་བ།
  • མཚོ་ལྷོ་བོད་སྨན་ཁང་དུ་རྩ་སྦྱོང་སྨན་བཅོས་ཀྱི་ཟབ་སྦྱོང་སྤེལ།
  • དགེ་བཤེས་ལྷ་རམས་པའི་ཡོན་གནས་ཀྱི2013ལོའི་སྔོན་རྒྱུགས།
  • མཁར་སིལ་གྱི་མཚོན་དོན་ངོ་སྤྲོད་མདོར་བསྡུས།
  • གླུ་བ་བློ་བཟང་ཤེས་རབ་ཀྱིས་ཆེད་བསྒྲིགས་གསར་བ་འགྲེམ་ལ་ཉེ།
  • “གཅན་ཚའི་མདའ་རྩེད”ཀྱི་གསར་འགྱུར་ཁྱབ་ཚོགས་བསྡུས་པ།
  • ཁྲི་ཀ་བཅའ་སྡོད་སློབ་གྲྭས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས།
  • གེ་སར་ཞིབ་འཇུག་གྲུབ་འབྲས་བྱ་དགའ་གནང་བའི་མཛད་སྒོ།
  • ཀན་ལྷོའི་གླུ་བ་གཉིས་རང་བྱུང་དམངས་གླུ་འགྲན་བསྡུར་དུ་ཚུད།
  • ལྷ་སའི་ཀླུ་སྒུག་གཞུང་ངོ་སྤྲོད་མདོར་བསྡུས་བྱེད་པ།
  • དཀར་ཐིག་གི་སྐོར་མདོར་ཙམ་བརྗོད་པ།
  • འཇིགས་མེད་ཕན་བདེ་སློབ་གྲྭར་སློབ་སྐྱོར་དངུལ་ཟོག་གནང་བ།
  • མཚོ་སྔོན་པོའི་འགྲམ་དུ་དགོ་ཕྲུག་ལྔ་སྐྱེས་འཕེལ་བྱུང་བ།
  • མཁར་སིལ་གྱི་མཚོན་དོན་ངོ་སྤྲོད་མདོར་བསྡུས།
  • འཇིགས་མེད་ཕན་བདེ་སློབ་གྲྭར་སློབ་སྐྱོར་དངུལ་ཟོག་གནང་བ།
  • གཞིས་རྙིང་ལས་སྲོལ་རྒྱུན་རིག་གནས་ཀྱི་ཁྲག་རྒྱུན་རྒྱུ་རུ་འཇུག་པ།
  • མཛོད་དགེ་རྫོང་གི་སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་བཟང་གླིང་།
  • ལ་རོ་ཆེ་གློག་བརྙན་དུས་ཆེན་དུ་བཞུགས་པའི་བོད་ཀྱི་གློག་བརྙན།
  • 《གླིང་སྒྲུང》རྒྱ་འགྱུར་མའི་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ།
  • དུས་ཀྱི་ཟླ་འོད་ཅེས་པའི་དཔེ་དེབ་འགྲེམ་སྤེལ་བྱས་ཟིན་པ།
  • མཁན་པོ་བསོད་ནམས་དར་རྒྱས།
  • “མཛེས་སྡུག་ཀན་ལྷོ”ཞེས་པའི་སྙན་ངག་གྱེར་འདོན་གྱི་བྱ་འགུལ།
  • གཡང་ཕྱུག་མཚོས་ཟི་ལིང་དུ་མི་སྒེར་གླུ་གཞས་ཆེད་ཚོགས་སྤེལ་བ།
  • མཚོ་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་གིས་ཚད་མའི་འགྲན་ཚོགས་སྤེལ།
  • དཀར་མཛེས་ཁུལ་གྱི་མིང་དུ་གྲགས་པའི་སེར་ཤུལ་དགོན་པ།
  • བོད་ལྗོངས་ནག་ཆུ་རྟ་རྒྱུག་འགྲན་བསྡུར་གྱི་དུས་ཆེན།
  • “མཚོ་སྔོན་པོའི་མཚན་མོ”8264སྒར་འདེབས་འདུ་ཚོགས་ཆེན་མོ།
  • བོན་སྒོ་འདོན་ཐེངས23པ་ལེགས་འགྲུབ་བྱུང་བ།
  • ༄༅།།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་སྨོན་ལམ་དལ་འབྱོར་གྲུ་ཆེན་ཞེས་བྱ་བ་བཞུགས་སོ།།
  • བོད་རིགས་ཀྱི་གནའ་བོའི་གླུ་གཞས།
  • སྲས་མོའི་ལོག་ཕེབས།༼༡༽ ཡབ་གཞིས་པཎ་རིག་འཛིན་དབང་མོ་མཚོ་སྔོན་པོ་དྲ་བར་གདན་ཕེབས་གནང་ཞིང་ཤིས་ཚིག་བསྩལ།
  • བྱམས་བུད་མེད་རྩོམ་རིག་བྱ་དགའི་མཛད་སྒོ་ཟི་ལིང་ནས་བསྡུས།
  • ཚེ་རིང་ནོར་བུ་ལགས་ལ་ཐེངས་ལྔ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་རྗེས་ཆོས་གྲོགས་དྲྭ་བས་བཅར་འདྲི་བྱས་པ།
  • བོད་ཀྱི་ཐ་སྙད་གསར་བའི་ཤེས་བྱའི་འགྲན་ཚོགས།
  • བོད་ཀྱི་དབང་མཛད་བཅུའི་སྐབས་ཀྱི་ཤེས་རིག
  • མཐོ་སྒང་གི་ནོར་ནག་སྐོར་ཅུང་ཙམ་བརྗོད་པ།
  • བསང་ཡིག་དགེ་མཚན་པདྨོ་བཞད་པའི་ཉི་མ།
  • ༄༅ །།མཚོ་ལྷོའི་རོང་ཁུལ་བུད་མེད་ཀྱི་རྒྱན་ཆ།
  • ༄༅།།《གུང་ཧོའི་སྲིད་དོན》བོད་ཡིག་གི་པར་གཞི་དང་པོ་སྒྲིག་སྒྱུར་བྱས་ནས་དངོས་སུ་འགྲེམ་སྤེལ་བྱས་པ།
  • བོད་ཀྱི་གླུ་བ་གླུ་མ་ཚོའི་ལྷན་གཞས་ཆེད་བསྒྲིགས་གསར་བ།
  • ༄༅། ། ལེའུ་དང་པོ། སྤྱིའི་རྩ་འཛིན།
  • ༄༅ །།དམར་པོའི་ཞིང་ཁམས།
  • བོད་དུ་གསུང་རབ་ཐོག་མར་དར་ཚུལ།
  • སྐབས་དྲུག་པའི་ཁྲི་ཀའི་རྨ་ཆུ་རིག་གནས་གནས་སྐོར་དུས་ཆེན་གྱི་འགོ་ཚུགས།