སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་སེར་འཇམ་དཔལ་དང་«རྒྱང་ལ་བཤེར་བའི་བསམ་གཞིག»
རྩོམ་པ་པོ། ཁྲི་བློ་རྩེ། རྩོམ་སྒྲིག་པ། Lhamo དུས་ཚོད། 2011-6-21 11:41:00 རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས། ཀློག་གྲངས།

         ཁོང་ནི་སྤྱི་ལོ༡༩༧༧ལོར་མདོ་སྨད་ཁྲི་ཀ་སེར་བརྒྱ་རུ་སྐྱེས། རང་ལོ་བརྒྱད་ཀྱི་སྟེང་སློབ་ཆུང་འགྲིམས་ཤིང་སློབ་མཐར་ཕྱིན་རྗེས་རབ་ཏུ་བྱུང་། ༡༩༩༨ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་སྙན་ངག་དང་ལྷུག་རྩོམ་སོགས་«སྦྲང་ཆར»དང«གངས་རྒྱན་མེ་ཏོག»སོགས་སུ་བཀོད། ཁོའི་རྩོམ་རིག་ཁྲོད་ནས«དགེ་རྒན་སེམས་ཁོང་གི་ཉི་མ»ལ་སྣང་གསལ་བུམ་པའི་བྱ་དགའ་ཐོབ། «ང་དང་སྒྲ་སྡུད་འཕྲུལ་ཆས»ལ་མཚོ་སྔོན་བོད་སྐད་རྒྱང་བསྒྲགས་ཁང་གི་ཕུལ་བྱུང་བྱ་དགའ་ཐོབ། «ནམ་ཟླ་འགྱུར་ཟིན»ལ་སོ་སྲུང་བའི་འགྱུར་ཁུགས་ཀྱི་རྟིང་སྐུལ་བྱ་དགའ་ཐོབ། ཞོར་དུ་ལྷ་རིས་སྒྱུ་རྩལ་དུངས་ཤིང་རི་མོའི་མཚོན་ཐབས་ཀྱང་ཕུན་སུམ་ཚོགས་པ་ཡོད་ལ། ཁོའི་ཤེས་རིག་གཙོ་བོ་རང་སྦྱོང་ལ་བསྟེན་ནས་བྱུང་བ་ཞིག་ཡིན། ཁོ་སློབ་གསོ་ལ་དུང་བའི་དབང་གིས«ཞིང་གྲོང་གི་འགྱུར་ཁུགས»ཞེས་པའི་ཚགས་པར་ཞིག་འདོན་སྤེལ་བྱས་པ་དེ་རང་རྫོང་གི་ཆེས་ཐོག་མའི་ཞིང་གྲོང་གི་ཚགས་པར་ཡིན་པས་ཞང་རྫོང་རིམ་པའི་གཟེངས་བསྟོད་ཡང་ཡང་ཐོབ། དོན་དུ་གཡུང་དྲུང་བོན་གྱི་ལྟ་སྤྱོད་སྒོམ་གསུམ་གྱི་ཉམས་ལེན་ཁྲོད་མི་ལོ་ཉེར་དགུའི་ཐོག་ཚེ་ཡི་འདུ་བྱེད་རྫོགས་སོ། །

         ཁོའི་རྩོམ་དེབ་དང་པོ«རྒྱང་ལ་བཤེར་བའི་བསམ་གཞིག»ནི་སྙན་ངག་གི་དེབ་ཅིག་ཡིན་ལ། དེའི་ནང་དུ་སྙན་རྩོམ་བརྒྱ་དང་བཅུ་གཅིག་ཡོད། རྩོམ་དེབ་གཉིས་པ«ཞོགས་རླུང་གིས་བསྐྱོད་པའི་སེམས་འགྱུ»ནི་ལྷུག་རྩོམ་གྱི་དེབ་ཅིག་ཡིན་ལ། དེའི་ནང་དུ་ལྷུག་རྩོམ་ལྔ་བཅུ་ང་གཉིས་ཡོད། འདི་དག་གི་བརྗོད་དོན་ནི་གཞན་ཕན་དང་བཅིངས་འགྲོལ། བསླབ་སྟོན་དང་འབྱུང་འགྱུར། མི་ཚེ་དང་རིན་ཐང་། ཤེས་རབ་དང་འོད་སྣང་སོགས་ཕུན་སུམ་ཚོགས་ཤིང་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པས་ཆེས་ཀློག་རིན་ཡོད་པ་ཞིག་ཏུ་འཁུམས་སོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...