སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་རི་མོ་བ་རིན་ཆེན་རྒྱ་མཚོ་དང་གེ་སར་སྒྱུ་རྩལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-8-25 11:13:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བོད་ཀྱི་རི་མོ་བ་རིན་ཆེན་རྒྱ་མཚོ།

     རི་མོ་བ་རིན་ཆེན་རྒྱ་མཚོ་ནི་སྤྱི་ལོ1942ལོར་མདོ་སྨད་གཅན་ཚར་སྐྱེས། 1962ལོར་རྨ་ལྷོ་དགེ་འོས་སློབ་གྲྭར་སློབ་སྦྱོང་བྱས། 1968ལོར་མཚོ་སྔོན་ཞིང་ཆེན་དུ་ཐོག་མར་བཙུགས་པའི་རི་མོ་འཛིན་གྲྭར་སློབ་སྦྱོང་བྱས། དེ་རུ་རང་རྒྱལ་གྱི་རི་མོ་བ་གྲགས་ཅན་ཀྲུའུ་ནེད་ཀྲིན་དང་ཙིན་ཏོ་ཙོང་། ཙོ་ལིང་། ལིས་ཀོ། ཀྲུའུ་ཁྲིན་ལིན་སོགས་དགེ་རྒན་དུ་བསྟེན། 1980ལོར་རྨ་ལྷོ་ཁུལ་གེ་སར་སྒྱུ་རྩལ་མྱུར་སྐྱོབ་འཛིན་གྲྭའི་འགན་འཛིན་བྱས་ཤིང་། དེ་གར་ཤ་བོ་ཚེ་རིང་དང་ཀུན་བཟང་སོགས་མི་སྣ་དགུ་བསྡུས།
     དེ་ནས་བཟུང་ཁོས་གེ་སར་སྒྱུ་རྩལ་ལ་ཞིབ་འཇུག་དང་དེའི་སྐོར་གྱི་བརྩམས་ཆོས་གསར་བཞེངས་བྱས། 1985ལོར་མཚོ་སྔོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་ལས་འཛིན་པའི་འགན་ཁུར།

     ཁོས་ཀྲུང་གོའི་མཛེས་རྩལ་དུས་དེབ་དང་ཚགས་པར་སོགས་སུ་རི་མོའི་བརྩམས་ཆོས་མང་དུ་སྤེལ། 《རྩ་ཐང་དུ་དཔྱིད་ཀ་སླེབས་པ》ཞེས་པའི་ཤིང་བརྐོས་རི་མོར་ཤིས་ཨན་དུ་ཞིང་ལྗོངས་ལྔའི་རི་མོ་འགྲེམ་སྟོན་བྱས་པའི་སྟེང་བྱ་དགའ་ཐོབ།
     མཚོ་སྔོན་དངོས་མང་བཤམ་སྟོན་ཁང་དང་། པེ་ཅིན་སྤྱི་ཚོགས་ཚན་རིག་ཁང་གེ་སར་ཞིབ་འཇུག་གཞུང་ལས་ཁང་གིས་ཁོའི་རི་མོའི་བརྩམས་ཆོས་ཉར་ཚགས་བྱས་ཡོད།
     2010ལོར་ཨ་རིའི་ཉིག་ཡོག་གི་རོའོ་པིན་སྒྱུ་རྩལ་བཤམ་སྟོན་གིས་ཁོའི་གེ་སར་གྱི་རི་མོ་གསར་རྩོམ་བརྩམས་ཆོས་བརྒྱད་ཉར་ཚགས་བྱས་ཡོད།
     2013ལོ་ནས2014ལོའི་བར་ཁོང་དགོང་ལོ་བདུན་ཅུ་དོན་བཞི་བར《གེ་སར་རྒྱལ་པོ་དཔའ་རྟུལ་སུམ་ཅུ་གཡུལ་དུ་ཆས་པ》ཞེས་པ་ལོ་གཉིས་རིང་གསར་བཞེངས་བྱས་ཏེ་ལེགས་གྲུབ་བྱུང་ལ། དེས་བོད་ཀྱི་རི་མོའི་ལོ་རྒྱུས་སྟེང་མཛད་རྗེས་གསར་པ་དང་དཀྱོགས་མཚམས་གལ་ཆེན་ཞིག་ཀྱང་བཞག་སོང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...