སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཁས་དབང་གཟན་དཀར་ཐུབ་བསྟན་ཉི་མ་མཆོག
རྩོམ་པ་པོ། ཞི་ཆུང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-9-14 10:22:00 རྩོམ་ཁུངས། ཁམས་པའི་འཛུམ་རིས་ལས་བཏུས། ཀློག་གྲངས།
མཁས་དབང་གཟན་དཀར་ཐུབ་བསྟན་ཉི་མ་མཆོག
     མཁས་བཙུན་གྲུབ་པའི་བདག་ཉིད་ཆེན་པོ་མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་ནི་སྤྱི་ལོ1943ལོར་ཁམས་མི་ཉག་དཔལ་དུ་ལྷ་སྒང་སྐུ་བལྟམས། དགོང་ལོ་བཞིའི་ཐོག་ཏུ་ཚད་མའི་སྐྱེས་བུ་དུ་མས་ཁོང་སྔགས་འཆང་འཇའ་ལུས་རྡོ་རྗེ་མདོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་ཡི་རྣམ་རོལ་ཡིན་པ་ངོས་བཟུང་། དེ་ནས་བཟུང་ཁོང་གིས་ཡི་གེ་འབྲི་ཀློག་གི་འགོ་བཙུགས། དགུང་ལོ་བཅུར་སོན་རྫོགས་ཆེན་ཤྲཱི་སེང་དང་རྫོང་གསར་དགོན་དུ་ཕེབས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་འཇུག་པའི་མགོ་བརྩམས་ཏེ་མཁས་པའི་གོ་སར་གཤེགས། རྡོ་གྲུབ་ཆེན་བཤད་སྒྲུབ་གླིང་དུ་བྱོན་ནས་ཐོས་བསམ་སྒོམ་གསུམ་གྱི་སྒྲུབ་སྦྱང་རྒྱ་ཆེན་མཛད། དགུང་ལོ་བཅུ་དྲུག་ཐོག་ཏུ་ལྷ་སྒང་དང་སྐྱིད་ལུང་དགོན་གཉིས་ཀྱི་དགོན་བདག་མཛད། སྤྱི་ལོ1978ལོར་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་ཚོ་ཆུང་དུ་ཕེབས་ཏེ་རྩོམ་སྒྲིག་པ་གཞོན་པའི་འགན་བཞེས། སྤྱི་ལོ1981ལོར་མཆོག་སྤྲུལ་ཉིད་ཀྱི་ཐུགས་ཁུར་འོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་བུ་བཙུགས་ཏེ་སྔོན་རྗེས་སུ་བོད་ཀྱི་རིག་པའི་གནས་ལྔར་བྱང་ཆུབ་པའི་མཁས་པ་མི་ཉུང་བ་ཞིག་གསོ་སྐྱོང་མཛད། སྤྱི་ལོ1984ལོར་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་དུ་ལས་གནས་སྤོས། སྔ་གཞུག་ཏུ་རྫ་དཔལ་སྤྲུལ་གྱི་གསུང་འབུམ་དང་རྣམ་ཐར། བོད་ཀྱི་བཀའ་འགྱུར་སོགས་དག་སྒྲིག་དང་དཔེ་བསྐྲུན་མཛད། ཤེས་བྱ་ཀུན་ཁྱབ་ཀྱི་དཀར་ཆག་དང་བྲག་དཀར་བློ་བཟང་དཔལ་ལྡན་གྱི་རྣམ་ཐར། ཐེག་པ་རིམ་པ་དགུའི་རྣམ་བཤད། སྙན་རྩོམ། བྲིས་དཔེ་སོགས་རྩིམ་བྲིས་གནང་། ཞིང་ཆེན་གེ་སར་གཞུང་ལས་ཁང་གི་གཙོ་འགན་བཞེས། སྐུ་ཚེགས་ལ་མ་འཛེམ་པར་ཡུལ་སྡེ་སོ་སོར་ཟབ་འཇུག་མཛད་དེ། དམངས་ཁྲོད་ཀྱི་གླིང་སྒྲུང་བྲིས་མ་ཉི་ཤུ་ལྷག་འཚོལ་སྡུད་དག་སྒྲིག་དཔེ་བསྐྲུན་མཛད་པ་དང་། གེ་སར་ཚིག་མཛོད་གསར་དུ་བརྩམས་ཏེ་པར་དུ་བསྐྲུན། སྤྱི་ལོ1987ལོར་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཀའ་བསྟན་འགྱུར་དཔེ་བསྡུར་ཅུའི་གཙོ་འགན་བཞེས། སྤྱི་ལོ1988ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ཀྱི་དགེ་རྒན་ཆེན་མོའི་གོ་ས་ཐོབ། སྔོན་རྗེས་སུ་ཉི་ཧོང་དང་ཧོང་ཁང་། ཨ་རི། ཁ་ན་ཏ། དབྱིན་ཇི་སོགས་སུ་བྱོན་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་དུ་མཛད་རྗེས་རླབས་ཆེན་བཞག་དང་འཇོག་མུས་ཀྱིས་སྐུ་འཚོ་ཞིང་བཞུགས་སོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...