སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཕ་དམ་པ་སངས་རྒྱས།
རྩོམ་པ་པོ། བོད་ལྗོངས་དགའ་སྐྱིད་གླིང་འཛུགས་སྐྲུན་ཚད་ཡོད་ཀུང་སི། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2015-1-20 15:28:00 རྩོམ་ཁུངས། 《གངས་ལྗོངས་མི་སྣ་གྲགས་ཅན་གྱི་ལོ་རྒྱུས་མཛད་ཐང》 ཀློག་གྲངས།

ཕ་དམ་པ་སངས་རྒྱས།

  ཕ་དམ་པ་སངས་རྒྱས་ནི། ཞི་བྱེད་ཆོས་ལུགས་བོད་དུ་ཐོག་མར་དར་བར་མཛད་པ་པོ་ཡིན་ཞིང་། འདི་ཉིད་བོད་དུ་ལན་ལྔ་བྱོན་པ་སྟེ། དེ་ཡང་དང་པོ་མགྲིན་ཐང་ལ་སྒོ་ནས་ཙཱ་རིར་བྱོན། གཉིས་པ་ཁ་ཆེ་ནས་མངའ་རིས་སུ་བྱོན། གསུམ་པ་བལ་བོ་ནས་བྱོན་པ་ན་ཡར་ལུང་གི་སྨང་ར་སེར་པོ་དང་མཇལ་ཏེ་དེ་དང་འགྲོགས་ནས་གཙང་དུ་སྐྱོ་བསོད་ནམས་བླ་མ་དང་། སྨང་ར་སེར་པོ་གཅོད་སྐོར་གནང་། བཞི་པ་ཤབ་འུག་ལྟག་སྒོ་ནས་དབུས་སུ་རྨ་སོ་ཀམ་གསུམ་སོགས་ཀྱི་དོན་མཛད། ལྔ་པ་དེ་ནས་རྒྱ་ནག་ཏུ་བྱོན། ལོ་བཅུ་གཉིས་བཞུགས་ནས་སླར་དིང་རིར་ཕྱག་ཕེབས། ཕ་དམ་པ་བོད་དུ་བྱོན་པའི་ཐ་མ་རབ་བྱུང་གཉིས་པའི་ཆུ་སྦྲུལ(སྤྱི་ལོ1113)ལོ་ཡིན་ཞིང་། འདི་དུས་ཕ་དམ་པའི་མཁྱུད་དཔྱད་དཀར་ནག་ཁྲ་གསུམ་ཁམས་ཀློང་ཐང་སྒྲོལ་མར་གཏེར་དུ་སྦས། བོད་ཀྱི་ལོ་རྒྱུས་ཐོག་ཤོད་སྲོལ་ལ་ཁོང་དགུང་ལོ་ལྔ་བརྒྱ་ཙམ་བཞུགས་ཟེར་བ་ཡང་སྣང་། དེ་ཡང་ཕ་དམ་པ་ནས་བརྒྱུད་པའི་གཅོད་སྐོར་ལ་ཕོ་གཅོད་དང་མོ་གཅོད་གཉིས་ལས། དང་པོ་ནི་སྨང་ར་སེར་པོ་ནས་བརྒྱུད་པ་དང་། གཉིས་པ་ནི་མ་གཅིག་ལབ་སྒྲོན་ནས་བརྒྱུད་པ་ལ་ཟེར་རོ། ལོ་རྒྱུས་ཅུང་ཟད་ཙམ《དེབ་ཐེར་སྔོན་པོ》ལྕགས་པར་མ་སྨད་ཆའི་ཤོག་གྲངས1015ནས1020བར་གསལ།
 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...