སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བྱམས་དང་བརྩེ་བའི་འོད་ཀྱིས་ཁེངས་པའི་སྨན་པ་ཞིག
རྩོམ་པ་པོ། བོང་སྟག་རི་ལུ། རྩོམ་སྒྲིག་པ། Michung དུས་ཚོད། 2015-1-22 8:35:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

སྨན་པ་བུ་ཆུང་ལགས་ཀྱིས་ནད་ལ་བརྟག་བཞིན་པ།
       སྨན་པ་བུ་ཆུང་ནི་བོད་སྨན་གྱི་སྨན་པ་ཞིག་ཡིན་པའི་ཆ་ནས། མང་ཚོགས་ལ་དོན་དངོས་ཀྱིས་ཞབས་ཞུ་མང་པོ་སྒྲུབ་ཀྱིན་པས། ཁོའི་མཛེས་སྡུག་གི་ལྷག་བསམ་ལ་ཀུན་གྱིས་བསྟོད་བསྔགས་བྱེད་ཀྱིན་ཡོད། གསར་འགོད་པ་གནས་འདིར་ཐོན་དུས་གཏེར་ལམ་རྫོང་པན་ཆེན་ཤངས་སྡེའི་སྙིང་རྗེ་སྨན་ཁང་གི་སྒོ་འགྲམ་དུ་བོད་ཀྱི་གསོ་བ་རིག་པའི་བདག་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་བརྙན་དེ་བཞེངས་ཡོད་ལ། དེ་རུ་བོད་ཡིག་དང་རྒྱ་ཡིག   སོག་ཡིག  དབྱིན་ཡིག་སོགས་ཀྱིས་བྲིས་པའི་པན་ཆེན་ཤངས་སྡེ་དགོན་སྙིང་རྗེ་སྨན་ཁང་ཞེས་པའི་་སྒོ་བྱང་དེ་གསེར་མདོག་གི་ཉི་འོད་ཁྲོད་ན་ལམ་ལམ་འཚེར། ཞོལ་ནས་ནང་དོན་ལ་ཞིབ་མོར་གཟིགས་རོགས།
       ཐོག་བརྩེགས་དང་པོའི་སྨན་བཅོས་ཁང་དུ་འབྱོར་བ་ན། ལོ་ན30ལ་བུད་པའི་སྨན་པ་བུ་ཆུང་གིས་ནད་པར་ནད་བརྟག་བཞིན་པའི་སྒང་ཡིན་ལ། ཁོས་ནད་པ་ཞིག་གི་ལག་རྩར་བརྟག་རྗེས་ལག་པ་སྦྲིད་མི་སྦྲིད་དང་། གཉིད་འབབ་ཚུལ་ག་འདྲ་ཡིན་ཚུལ་སོགས་དྲིས་རྗེས་ནད་པའི་ནད་ནི་མཁྲིས་ནད་ཡིན་པས། རྗེས་ཕྱོགས་བྱ་སྒོང་དང་། བྱ་ཤ། འབྲི་མར་རྙིང་བ་སོགས་འཛེམ་བྱའི་ཁ་ཟས་ཀྱི་རིགས་གང་ཡིན་པ་བསྟན་ཞིང། ཉིན་བདུན་རིང་གི་སྨན་འཐུང་རྗེས་ཡང་བསྐྱར་ནད་གཞི་ཇེ་བདེར་སོང་ཡོད་མེད་བརྟག་དཔྱད་བྱེད་དགོས་པར་བསྟན་པ་དང་། ནད་པ་དེར་བརྟག་དཔྱད་བྱས་ཚར་རྗེས་ཁོ་རང་བྲེལ་འཚུབ་ཀྱིས་ཞག་སྡོད་སྨན་ཁང་དུ་ནད་པར་བརྟག་དཔྱད་བྱེད་པར་སོང་།

ལས་བྲེལ་ཁྲོད་ཀྱི་སྨན་པ་བུ་ཆུང་།
       ལོ་གསུམ་གྱི་རིང་ལ། སྨན་པ་བུ་ཆུང་གིས་བོད་སྨན་གྱི་སྲོལ་རྒྱུན་གྱི་ལག་ཐབས་ལ་བརྟེན་ནས། ཀུན་སྤྱོད་མཐོན་པོའི་སྒོ་ནས་ནད་པ་དག་ལ་བལྟ་བཞིན་ཡོད་ལ། གཏེར་ལམ་རྫོང་གི་ནད་པ་མང་པོ་ཞིག་གི་སེམས་ཁོངས་ན་ཁོ་ཡི་གཞན་ཕན་གྱི་ལྷག་བསམ་དང་སྙིང་རྗེ་ཡི་ས་བོན་གནས་ཡོད་ལ། ཁོས་གནས་དེ་ཡི་ནད་པ་མང་པོ་ཞིག་ལ་བདེ་ཐང་དང་བདེ་སྐྱིད་ཀྱི་ལམ་བུ་ཞིག་བཙལ་བས་མང་ཚོགས་ཀྱི་སེམས་ནས་ཁོ་རང་སྨན་པ་བཟང་བོ་ཞིག་ཡིན།

སྨན་པ་བུ་ཆུང་གིས་མང་ཚོགས་ཀྱི་ནད་ལ་བརྟག་བཞིན་པ།
       ཞག་སྡོད་ནད་ཁང་དུ། ལོ་ན59ལ་སོན་པའི་ཕག་མོ་དོན་གྲུབ་ཀྱིས་ནད་ཁྲིའི་སྟེང་ན་ཡོད་པའི་བྱིས་པ་དབང་ཆེན་ཚེ་རིང་མི་འགྱང་བར་བདེ་ཐང་ཡོང་བར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། སྨན་པ་བུ་ཆུང་གིས་རང་ཉིད་ཀྱི་བུ་ལ་སྐམ་ཁབ་འདེབས་པའི་སྣང་ཚུལ་མཐོང་བ་ན་ཁོའི་མིག་ཟུང་ལ་རེ་བའི་འོད་ཀྱིས་ཁེངས། དབང་ཆེན་ཚེ་རིང་ལ་འགྲིམ་འགྲུལ་གྱི་དོན་རྐྱེན་བྱུང་བ་ནས་ཁོའི་ཁྱིམ་གྱི་གསོག་དངུལ་ཡོད་ཚད་བཀོལ་ཚར་ལ་གྲོགས་པོ་ཞིག་གིས་ངོ་སྤྲོད་བརྒྱུད་ནས་ད་གཟོད་པན་ཆེན་ཤངས་སྡེ་དགོན་པའི་སྙིང་རྗེ་སྨན་ཁང་དུ་ཡོང་བ་ཡིན།
       དབང་ཆེན་ཚེ་རིང་གི་མ་འོངས་པར་ནད་གཞི་དྲག་སྐྱེད་བྱུང་བའི་ཕྱོགས་ནས་སྨན་པ་བུ་ཆུང་ཡིད་ཆེས་ཀྱིས་ཁེངས་ཡོད། ཁོས་གསར་འགོད་པར་བཤད་རྒྱུར།  དབང་ཆེན་ཚེ་རིང་གི་ཆག་སྒོ་ནི་འཛམ་གླིང་རང་བཞིན་གྱིས་དྲག་དཀའ་བའི་ཁོངས་སུ་གཏོགས། ང་ཚོའི་སྨན་ཁང་ནས་སྨན་བཅོས་བྱས་རྗེས། དབང་ཆེན་ཚེ་རིང་གི་ནད་གཞི་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ལ། ང་ལ་ཁོ་རང་དྲག་སྐྱེད་འབྱུང་ཐུབ་པའི་ཡིད་ཆེས་ཡོད། ངས་རང་ཉིད་ཀྱི་ནུས་པ་ཡོད་ཚད་བཏོན་ནས་ཁོ་རང་སྔ་མོ་ནས་བདེ་ཐང་བྱུང་སྟེ་ཡུལ་མི་ཚོ་དང་ལྷན་དུ་དགའ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ཡིན་ཟེར།
       བཅར་འདྲིའི་ཁྲོད་གསར་འགོད་པའི་ཤེས་རྟོགས་བྱུང་བ་ལྟར་ན། སྨན་པ་བུ་ཆུང2012ལོའི་ཟླ4པའི་ནང་དུ་ཐག་རིང་གི་གཞིས་ཀ་རྩེ་ནས་པན་ཆེན་ཤངས་སྡེ་སྨན་ཁང་དུ་ཡོང་བ་ཡིན་ལ། ཁོ་རང་སྨན་ཁང་དུ་ཐོན་རྗེས་སུ། བོད་སྨན་གྱི་གཞི་རྒྱ་ཇེ་ཆེར་སོང་ནས་ཞག་སྡོད་སྨན་ཁང་ཡང་སྒྲུབ་པ་རེད། གསར་འགོད་པའི་སྨན་པ་བུ་ཆུང་ལ་ཁྱེད་རང་དུས་ཡུན་ག་ཚོད་ཙམ་གྱི་རིང་ལ་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན་ཞེས་དྲིས་པ་ན། ཁོས་དོགས་མི་བདེ་བའི་སྒོ་ནས་ལོ་སར་གྱི་སྐབས་སུ་ཕ་ཡུལ་དུ་ཐེངས་ཤིག་ཕྱིན་པ་ཡིན། ཡུལ་མི་ཚོ་ཧ་ཅང་དྲན་ན་ཡང་། དུས་ཚོད་དང་བྱ་བའི་དགོས་མཁོ། ད་དུང་ནད་པ་མང་པོར་སྨན་བཅོས་བྱེད་དགོས་པས་ཡུལ་ལ་དུས་རྒྱུན་ལོག་མི་ཐུབ་ཟེར།
       གསར་འགོད་པས་དྲི་བ་མང་པོ་ཞིག་འདྲི་བར་མགོ་རྩོམ་དུས། སྒོ་འགྲམ་ན་གྲལ་སྒྲིག་པའི་ནད་པ་ཇེ་མང་ནས་ཇེ་མང་དུ་ཕྱིན་པས། ཁོ་ལ་དྲི་བ་རེ་རེ་བཞིན་ལན་འདེབས་ཁོམ་མེད་པར་ནད་པར་བརྟག་དཔྱད་བྱེད་དུ་ཕྱིན་པས་ཁོའི་རྒྱབ་གཟུགས་དེ་གསར་འགོད་པའི་མཐོང་ལམ་ནས་ཡལ།

སྨན་པ་བུ་ཆུང་གིས་ནད་པར་གློག་བསྲོས་བསྟེན་བཞིན་པ།
       ལོ་ངོ་གསུམ་གྱི་རིང་ལ། སྨན་པ་བུ་ཆུང་གིས་རང་ཉིད་ལ་རེ་བ་ཆེན་པོ་བཏོན་སྟེ། དུས་རྒྱུན་སྨན་པའི་ཀུན་སྤྱོད་བཟང་བོ་མངོན་པར་བྱས་ནས་བློ་གཅིག་སེམས་གཅིག་གིས་ནད་པ་གང་མང་ནད་ཀྱི་སྡུག་བསྔལ་ལས་གྲོལ་བས་ན་ས་གནས་མང་ཚོགས་ཀྱིས་དགའ་བསུ་དང་གདེང་འཇོག་ཆེས་ཆེར་ཐོབ། ཁོའི་ནད་པ་དག་ནི་མཐའ་འཁོར་གྱི་གྲོང་ཁྱེར་དང་། རྫོང་། ཞང་དང་སྡེ་བ་སོ་སོའི་ནད་པ་དག་ཡིན་ལ། ནད་པའི་ཁྲོད་ན་རྒྱ་རིགས་དང་། བོད་རིགས། སོག་རིགས། ཟ་ལར་རིགས། ཁ་ཆེའི་རིགས་སོགས་ཡོད་ལ། ཁོས་ནད་པ་དག་ལ་སྨན་བཅོས་བྱེད་དུས་སུ་མི་རིགས་ཀྱི་དབྱེ་བ་དང་། ཐོབ་ཐང་གི་དབྱེ་བ་སོགས་མི་དགར་བར་འདྲ་མཉམ་གྱིས་ནད་ལ་བརྟག་གིན་ཡོད་ལ། ཁོས་ཆེས་སྤྱིར་བཏང་གི་ལས་ཀ་འདི་ལ་བརྟེན་ནས་རང་ཉིད་ཀྱི་འོད་སྟོང་འབར་བའི་འབྱུང་འགྱུར་མངོན་འགྱུར་བྱེད་ཀྱིན་ཡོད།




འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...