སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ཡིག་གཟུགས་པ་ཆེན་པོ་བསྟན་འཛིན་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-3-11 9:24:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

བོད་ཀྱི་ཡིག་གཟུགས་པ་ཆེན་པོ་བསྟན་འཛིན
བོད་ཀྱི་ཡིག་གཟུགས་པ་ཆེན་པོ་བསྟན་འཛིན།

     བསྟན་འཛིན་ནི1972ལོར་ལྷ་ས་གྲོང་ཁྱེར་འདམ་གཞུང་རྗོང་ཡངས་པ་ཅན་དུ་སྐྱེས། ཆུང་དུས་ནས་ས་གནས་སློབ་གྲྭ་ཆུང་འབྲིང་དུ་སློབ་སྦྱོང་བྱས། དེ་ནས་ལས་ཞོར་དུ་ཅོག་གྲྭ་ཆོས་ཀྱི་སེང་གེ་དང་། རྒན་བྱམས་པ་འཕྲིན་ལས་སོགས་མཁས་པའི་དབང་པོ་བཅུ་ཕྲག་ལྷག་བཤེས་གཉེན་དུ་བསྟེན་ནས་བོད་ཀྱི་རིག་གནས་སྤྱི་དང་བྲིས་གཟུགས་སོགས་ལ་སྦྱངས་པ་ལྷུར་ལེན་བྱས་ཏེ་དར་མའི་ཡིག་རྒྱུགས་སྤྲད་ཅིང་ཆེད་ལས་སློབ་ཆེན་གྱི་སློབ་གནས་བླངས་རྗེས་ཐལ་སྤུངས་སྒང་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་བྱས། མི་ལོ་ཉི་ཤུར་ཉེ་བའི་ནང་སློབ་མ་སྟོང་ཕྲག་མང་པོའི་ཡིག་རྨོངས་སེལ་བ་དང་། དར་མ་བརྒྱ་ཕྲག་མང་པོར་བྲིས་དང་བརྡ་སྤྲོད་ཀྱི་སློབ་ཁྲིད་བྱས་ཏེ་ཁྲེང་ཀོན་ཆུས་དང་། ལྷ་ས་གྲོང་ཁྱེར་རིམ་པའི་སྔོན་ཐོན་དགེ་རྒན་གྱི་མཚན་སྙན་ཐོབ་ཅིང་། ད་བར་ཡིག་གཟུགས་འགྲན་བསྡུར་ཁག་ནང"ཐོན་མིའི་མཛུབ་རིས"མིང་ཅན་གྱི་རིམ་པ་དང་པོའི་བྱ་དགའ་སོགས་ལྗོངས་དང་ཞིང་ཆེན་རིམ་པའི་བྱ་དགའ30ལྷག་ཙམ་ཐོབ་པ་མ་ཟད། དུས་དེབ་ཁག་ཏུ་ཆེད་རྩོམ་བཅུ་ཕྲག་ལྷག་སྤེལ་བ་དང་། ཧེ་མ་ལ་ཡ་དང་། གངས་ཅན་མཉེན་ཆས་ཀྱི་ཡིག་གཟུགས་ཁག་གསུམ་གསར་འཇུག་དང་། སློབ་ཆུང་དང་སློབ་འབྲིང་སློབ་མའི་ཡིག་གཟུགས་སློབ་དེབ་དང་ཀ་དཔེ་མཁོ་འདོན་དང་དཔར་བསྐྲུན་བྱས་ཡོད། ད་ལྟ་བོད་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན་དང་། ལྗོངས་གཞོན་ནུ་ཡིག་གཟུགས་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ། སྐབས་དང་པོའི་ལྗོངས་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ། ཐལ་སྤུངས་སྒང་སྔོན་འགྲོའི་སློབ་གྲྭ་དང་། འོ་བརྒྱལ་ཐང་སྔོན་འགྲོའི་སློབ་གྲྭའི་སློབ་སྤྱིའི་འགན་འཁུར་བཞིན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...