སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱི་ཁུལ་རིམ་པའི་དམངས་ཁྲོད་ལག་བཟོ་སྒྱུ་རྩལ་གྱི་སློབ་དཔོན་ཆོས་འབྱོར།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-1-20 9:56:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ལག་བཟོ་བ་ཆོས་འབྱོར་གྱིས་བྲིས་པའི་ཐང་ག

     ཆོས་འབྱོར། བོད་རིགས། 1967ལོའི་ཟླ1པོར་མཚོ་ཤར་ས་ཁུལ་བ་ཡན་རྫོང་གསེར་གཞོང་ཡུལ་ཚོའི་གཤོང་བ་སྡེ་བ་ནས་སྐྱེས། དམའ་འབྲིང་སློབ་མཐར་ཕྱིན་པ་དང་། མཚོ་སྔོན་ཞིང་ཆེན་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱི་འགན་འཛིན་པ་ཡིན། ད་ལྟ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་གནས་བཅས་ཡོད། 1982ལོ་ནས1984ལོའི་བར། ཆོས་འབྱོར་གྱིས་སེར་དྲིས་དགོན་གྱི་ཨ་ལགས་དགེ་འདུན་ངག་དབང་བསྟན་དར་མཆོག་སློབ་དཔོན་དུ་བསྟེན་ནས་སྲོལ་རྒྱུན་ཐང་ག་འབྲི་བཞེངས་ཀྱི་སྐོར་བསླབས་ཤིང་། རིག་པའི་གནས་ལྔ་ལ་ནང་བྱན་ཆུད་པའི་ཨ་ལགས་དགེ་འདུན་ངག་དབང་བསྟན་དར་མཆོག་གི་སློབ་ཕྲུག་ཐོག་མར་གྱུར་ལ། ཕུལ་དུ་བྱུང་བའི་སློབ་འབྲས་ཀྱི་དབང་གིས་ཨ་ལགས་དགེ་འདུན་ངག་དབང་བསྟན་དར་མཆོག་གིས《སྐུ་འདྲ་འབྲི་བཞེངས་མཁན་གྱི་སློབ་མཇུག་སྒྲིལ་བའི་དཔང་ཡིག》གནང་བ་རེད།
མཚོ་ལྷོ་ཁུལ་གྱི་ཁུལ་རིམ་པའི་དམངས་ཁྲོད་ལག་བཟོ་སྒྱུ་རྩལ་གྱི་སློབ་དཔོན་ཆོས་འབྱོར།
མཚོ་ལྷོ་ཁུལ་གྱི་ཁུལ་རིམ་པའི་དམངས་ཁྲོད་ལག་བཟོ་སྒྱུ་རྩལ་གྱི་སློབ་དཔོན་ཆོས་འབྱོར།
     1984ལོ་ནས1986ལོར་མཚོ་ལྷོ་ཁུལ་བོད་སྨན་ཁང་དུ་བོད་ཀྱི་གསོ་རིག་སྐོར་སྦྱོང་བ་བྱས་ཤིང་། 1986ལོའི་ཟླ2པར་ཡང་བསྐྱར་སེར་དྲིས་དགོན་གྱི་ཨ་ལགས་དགེ་འདུན་ངག་དབང་བསྟན་དར་གྱི་དྲུང་དུ་ཐང་གའི་འབྲི་བཞེངས་དང་མ་ཎི་འཁོར་ལོ་སྒྲིག་བཟོ་དང་ཚོན་ལས། མཆོད་རྟེན་བསྐྱར་སྐྲུན་དང་དེའི་ཕྱི་ངོས་ཀྱི་ཚོན་ལས། དེ་མིན་དགོན་པའི་འདུ་ཁང་འཛུགས་སྐྲུན་དང་ཚོན་ལས་སོགས་བསླབས།

ལག་བཟོ་བ་ཆོས་འབྱོར་གྱི་བརྩམས་ཆོས《ཕོ་བྲང་པོ་ཏ་ལ》།
     1982ལོ་ནས་ད་ལྟའི་བར་ཐང་གའི་སྒྱུ་རྩལ་གྱི་འབྲི་བཞེངས་བསླབས་ཏེ་ལོ་ངོ32ལྷག་འདས་ཤིང་། མཚོ་སྔོན་མཛེས་རྩལ་ཁྱབ་ཁོངས་ཀྱི་མཚན་སྙན་གྲགས་དང་སྤྱི་ཚོགས་སྟེང་གི་མཚན་སྙན་གཞིར་བྱས། 2012ལོའི་ཟླ5བར་མཚོ་སྔོན་ཞིང་ཆེན་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱིས་ཁོང་ལ《ཐང་ག་སྒྱུ་རྩལ་གྱི་ཕ་གཞིས》ཞེས་པའི་སྒོ་བྱང་གནང་། 2014ལོའི་ཟླ12པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཅུས་གཙོ་འདོན་དང་། ཞིང་ཆེན་དང་ཁུལ་གྱི་ཆེད་མཁས་པས་མཚོ་ལྷོ་ཁུལ་གྱི་དམངས་ཁྲོད་ལག་བཟོའི་སློབ་དཔོན་ཆེན་མོར་གཏན་འཁེལ་བྱས།
གྲུབ་འབྲས་གཙོ་བོ།

     1987ལོ་ནས1990ལོའི་བར། ཆོས་འབྱོར་གྱིས་སེར་དྲིས་དགོན་དུ་བཀའ་མ་ལོག་རྫོང་གི་དགོན་ཞིག་ལ་ཆོས་སྐྱོང་སྲུང་མ་ཆེན་མོ་ལྔའི་ཚོན་བྱུག་ཐང་ག1དང་། སེར་དྲིས་དགོན་དུ་དཔལ་མོའི་ཐང་ག  སེར་དྲིས་དགོན་གྱི་འདུ་ཁང་གི་ཤིང་བརྐོས་སྐུ་འདྲ200ལྷག་གི་སྟེང་གསེར་ཆུ་བྱུག་པ། སེར་དྲིས་དགོན་ལ་འཆམ་ལྭ་དང་དབུ་རྒྱན་བཟོས་པ་མ་ཟད་ཚོན་བྱུག་སྟེ་འཆམ་གྱི་འབག་ཆས་སོགས་བཟོས་པ་རེད། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བའི་ཕ་གཞིས་སུ་རིང་ཚད་དང་ཞེང་ཚད་བཅས་སོ་སོར་སྨི1ཅན་གྱི་དཀྱིལ་འཁོར་བསྐྲུན་པ། རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་དགོན་ཞིག་ལ་རིང་ཚད་སྨི3དང་མཐོ་ཚད་སྨི2.5ཅན་གྱི་རྡོ་རྗེ་ཆེན་པོ་བཞིའི་གྱན་ཐང4དང་། མཆོད་ཁང་དུ་ཐང་ག8བཅས་འབྲི་བཞེངས་བྱས།


ལག་བཟོ་བ་ཆོས་འབྱོར་གྱིས་བཞེངས་པའི་མཆོད་རྟེན།

     1991ལོར། མཚོ་ལྷོ་ཁུལ་གྱིས་ཁོ་བོ་གདན་ཞུ་བྱས་ཏེ་མཚོ་སྔོན་ཞིང་ཆེན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་མཚན་འཛིན་སློབ་གཙོ་པཎ་ཆེན་རིན་པོ་སྐུ་ཕྲེང་བཅུ་བ་མཆོག་གི་གཟིམ་ཤག་དང་།  བདེ་སྐྱིད་ཐང་དགོན་པ། མཚོ་སྔོན་པོའི་མཚོ་སྙིང་མ་ཧཱ་དེ་ཝའི་གཙུག་ལག་ཁང་། རྒྱ་ཡེ་དགོན་པ་སོགས་སུ་སྔ་གཞུག་ཏུ་གྱན་ཐང་དང་ཐང་ག་ཆུང་གྲས་སོགས20ལྷག་འབྲི་བཞེངས་བྱས་པས། ས་གནས་དགོན་པ་དང་སྲིད་གཞུང་གི་གདེང་འཇོག་མི་དམན་པ་ཐོབ།
     1992ལོ་ནས1993ལོའི་བར། ཆོས་འབྱོར་གྱིས་མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར40ལོན་པར་ཆབ་ཆ་ས་ཁུལ་གྱི་བསིལ་ཁང་དང་བ་གམ། སྒོ། ཐོག་ཁང་ཆེན་མོ་སོགས་འཛུགས་སྐྲུན་གཙོ་གྲས་སུ་བོད་ལུགས་ཀྱི་རྒྱན་རིས་ཇུས་འགོད་དང་ཚོན་བྱུག་སོགས་ལེགས་འགྲུབ་བྱུང་ཞིང་། མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པར་བྱས་ཏེ་སྤྱི་ཚོགས་ཁྱབ་ཁོངས་སོ་སོའི་གདེང་འཇོག་ལེགས་པོ་ཐོབ།


ལག་བཟོ་བ་ཆོས་འབྱོར་གྱིས་བཞེངས་པའི་མཆོད་རྟེན་བརྒྱད་པོ།

     1997ལོར།  ཁོང་གིས་པེ་ཅིང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བརྐོ་བཟོ་དང་འཇིམ་བཟོ་སོགས་སྲོལ་རྒྱུན་གྱི་ལག་རྩལ་སྦྱངས་ཤིང་། པེ་ཅིང་གི་ཨ་རིའི་གཞུང་ཚབ་ཁང་ལ་མཐོ་ཚད་སྨི1ཅན་གྱི་ཤིང་བརྐོས་མཆོད་རྟེན་ཞིག་བཞེངས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྒོ་ཆེན་ལ་བོད་ལུགས་ཀྱི་རྒྱན་རིས་དང་ཚོན་བྱུག་པ་དང་། དེའི་སྐབས་སུ་ཚོན་ལས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པས་རྒྱལ་སའི་འབྲེལ་ཡོད་སྡེ་ཁག་དང་མཛེས་རྩལ་ཁྱབ་ཁོངས་ཀྱི་གདེང་འཇོག་བཟང་བོ་ཐོབ། ཁོ་རང་པེ་ཅིང་ན་སྡོད་པའི་སྐབས་ཀྱི་བོད་ལུགས་རྒྱན་རིས་བརྩམས་ཆོས་དག་ལ་རྒྱལ་ཁབ་ཞིང་ལས་པུའི་འགོ་གཙོ་གཞོན་པ་དང་། ཀྲུང་གོའི་ཡིག་གཟུགས་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། ཀྲང་ཞོའོ་ལང་། དེ་མིན་བྱང་ཤར་དམག་ཞིབ་འཇུག་ཚོགས་པའི་མཚན་འཛིན་ཚོགས་གཙོ་ལིའུ་ཕེ་ཀྲིའུ་བཅས་ཀྱི་དགའ་བསུ་དང་ཕྱག་བྲིས་གནང་།

ལག་བཟོ་བ་ཆོས་འབྱོར་གྱིས་བཞེངས་པའི་མཆོད་རྟེན།
     2000ལོ་ནས2003ལོའི་བར། ཆོས་འབྱོར་གྱིས་མཚོ་ནུབ་ཁུལ་གྱི་ཐེམ་ཆེན་རྫོང་དང་། ཏུའུ་ལན་རྫོང་དུ་སྔ་གཞུག་ཏུ་མཆོད་རྟེན30ལྷག་དང་། མ་ཎིའི་ཆོས་འཁོར་སྟོང་ལ་ཉེ་བ་བཟོ་སྐྲུན་བྱས་ཤིང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གསར་རྣམ་མཁར་གྲོང་རིག་སྨོན་གྲོང་རྡལ་གྱི་འཆར་ཇུས་འཐེན་པ་མ་ཟད་འཛུགས་སྐྲུན་ཆེ་གྲས་སྟེང་དཔེ་རིས་བརྒྱན་པ་རེད།

ལག་བཟོ་བ་ཆོས་འབྱོར་གྱིས་བཞེངས་པའི་མཆོད་རྟེན།
     2003ལོ་ནས་ད་ལྟའི་བར། ཁོང་གིས་སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་དང་ཡུལ་ཤུལ་ཁུལ་གྱི་ཆུ་དམར་ལེབ་རྫོང་། མགོ་ལོག་ཁུལ་གྱི་དགའ་བདེ་རྫོང་དང་དར་ལག་རྫོང་། མཛོ་རྒན་རྭ་བར་བཅས་སུ་མཐོ་ཚད་ལ་སྨི5ཅན་གྱི་མཆོད་རྟེན8དང་འདུ་ཁང་ཆེན་མོ་བཟོ་བསྐྲུན་གནང་བ་མ་ཟད་ཚོན་བྱུག་པ་ཡིན། དེའི་རྗེས་སུ། བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་དང་། གསེར་ཐང་། ཤིང་སྡེ། ཀན་སུའི་དཔའ་རིས། བཀའ་མ་ལོག་རྫོང་གི་ཁ་ཏཱའི་ཁའི་དགོན་པ། ཡ་རྫི། ཐ་རྒྱ། པེ་རྒྱ། གོང་སྐྱ། སེར་དྲིས་དགོན། བྲག་དཀར་རྒྱལ། གཤོང་བ། སྟག་ཚང་། གཤོང་ཤན། མང་རྫོང་བྱ་མདོའི་སྡེ་མང་དང་གྱོག་ར།  ཁྲི་ཀའི་ཆུ་ནག་སྦལ་ཁ་དགོན། ཆུ་ཤར་ས་ཁུལ་གྱི་དགོན་པ། རིག་སྨོན། མཚོ་ཕྱུག་ཐང་། དུམ་པ་སོགས་དང་། བདེ་སྐྱིད་ཚོ་བ་དང་ཆབ་ཆ། རྒྱལ་ར། སྐྱིད་དོང་། དགོན་གསར། ཆབ་རིལ་དགོན། མ་ཧན་ཐང་། མདོ་དབུས་ལྕགས་ལམ་འགྲམ་བརྒྱུད། ཐང་སྐར་མ་དགོན་པ། ཆོས་རྗེ། ཨེར་སྟི་སོགས་ས་ཁུལ་གྱི་དགོན་པ་དང་སྡེ་བར་བསྡོམས་པས་མཆོད་རྟེན180ལྷག་བཞེངས་ཤིང་། དེ་ལས་མཐོ་ཚད་ལ་སྨི10ཡན་གྱི་མཆོད་རྟེན30ལྷག་ཡོད།

ལག་བཟོ་བ་ཆོས་འབྱོར་གྱི་བརྩམས་ཆོས།
     ལོ་འདི་འགའི་རིང་། ཁོང་གིས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་ཤིང་། ཐང་ག་འབྲི་བཞེངས་དང་བོད་ལུགས་རྒྱན་སྤྲས་ཀྱི་ཐད་ནས་མཛད་རྗེས་གཟེངས་སུ་ཐོན་པ་བླངས་ཤིང་། ཁོང་གིས་སྔར་གྱི་གྲུབ་འབྲས་གཞིར་བྱས་ཏེ་མུ་མཐུད་དུ་འབད་བརྩོན་བྱེད་པའི་ཆོད་སེམས་བརྟན་པོ་བཅངས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...