སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཞོན་སྐྱེས་ཡིག་མཁན་བྱ་མདོ་བུན་ཁྲང་ཚེ་རིང་གི་ཡིག་གཟུགས་སྒྱུ་རྩལ།
རྩོམ་པ་པོ། མི་ཆུང་། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-21 9:06:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

གཞོན་སྐྱེས་ཡིག་མཁན་བྱ་མདོ་བུན་ཁྲང་ཚེ་རིང་།
     བྱ་མདོ་བུན་ཁྲང་ཚེ་རིང་། པིར་མིང་ལ་བྱ་མདོ་སྐྱ་རེངས་ཟེར། སྤྱི་ལོ1979ལོའི་ཟླ9བའི་ཚེས10ཉིན་ངུ་སྐད་ཀྱི་འགྱུར་དབྱངས་ཐོག་མ་བྱ་མདོ་སྡོང་བོ་གཞུང་ནས་གཏོར། མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་སོགས་སུ་སློབ་གཉེར་བྱེད་པའི་སྐལ་བ་ལྡན།
ཡིག་གཟུགས་དང་དཔྱད་རྩོམ། སྙན་ངག་རེ་འགའ《  སྦྲང་ཆར》  དང《  ཁྲིམས་ལུགས་ཚགས་པར》  《  མང་རྫོང་སློབ་གསོ་ལྟ་སྐུལ》  སོགས་སུ་སྤེལ་མྱོང་བ་མ་ཟད། གླུ་དབྱངས་ཀྱི་ཚིག་དང་དབྱངས་ལ《  ཐོད་ལོག་མ》  《  ང་ཡི་སྐྱབས་མགོན་བླ་མ》  《  ཨ་ཇོ་སྙིང་ལ་རྗེ་བོ》  སོགས་ཡོད། 2004ལོར《  ཡིག་གཟུགས་འཕྲུལ་གྱི་གཞའ་རིས》  ཞེས་པའི་ཡིག་གཟུགས་དེབ་ཅིག་མི་ཡུལ་གྱི་ལེགས་སྐྱེས་སུ་ཕུལ།
     མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭའི་སྐབས་བཅུ་གཅིག་པའི་ཡིག་གཟུགས་འགྲན་སྡུར་ཀྱི་བྱ་དགའ་ཨང་དང་པོ་དང་། སྐབས་བཅུ་གཉིས་པའི་ཡིག་གཟུགས་འགྲན་སྡུར་ཀྱི་བྱ་དགའ་ཨང་དང་པོ། མང་རྫོང་སྐབས་དང་པོའི་སློབ་རའི་གཟི་དཔལ་རིག་གནས་སྒྱུ་རྩལ་དུས་སྟོན་གྱི་རྒྱ་བོད་ཡིག་གཟུགས་འགྲན་སྡུར་སྟེང་བྱ་དགའ་ཨང་དང་པོ་དང་དམངས་གླུ་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ། མང་རྫོང་ཏང་སྲིད་གཙང་སྐྱོང་གི་ཡིག་རིས་དང་པར་རིགས་འགྲེམ་སྟོན་གྱི་ཡིག་གཟུགས་བྱ་དགའ་ཨང་དང་པོ། 2016ལོའི་ཟླ་དྲུག་པར་མང་རྫོང་ཐར་ཤུལ་ཡུལ་ཚོའི་གདན་ཞུ་ལྟར་རླུང་རྟ་དུས་ཆེན་སྟེང་ཡིག་གཟུགས་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་བར་མི་རིགས་རིག་གནས་དར་སྤེལ་དང་མི་རིགས་མཐུན་སྒྲིལ་བྱ་བར་བྱས་རྗེས་ལྡན་པའི་ཆེད་དམིགས་ཀྱི་གཟེངས་རྟགས་བྱ་དགའ་དང་། ཟླ་བདུན་པར་མང་རྫོང་མི་རིགས་གཙགས་དྲུབ་དང་གླུ་གར་རིག་གནས་སྒྱུ་རྩལ་དུས་སྟོན་གྱི་ཡིག་གཟུགས་དང་རི་མོ་འགྲེམ་སྟོན་སྟེང་ཡིག་གཟུགས་བརྩམས་ཆོས་ལ་ཕུལ་བྱུང་བྱ་དགའ་ཐོབ། སྐབས་དང་པོའི་གངས་ལྗོངས་ནོར་བུ་བཟང་པོའི་ཡིག་མཁན་རྟགས་མའི་ཡིག་གཟུགས་འགྲན་སྡུར་ཁྲོད་དབུ་ཅན་སྐོར་གྱི་བྱ་དགའ་ཨང་གཉིས་པ་ཐོབ། རྒྱལ་ཡོངས་ཡིག་གཟུགས་སྒྱུ་རྩལ་དྲ་ལམ་འགྲན་སྡུར་ཆེན་མོའི་སྟེང་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་དང་། ཐེངས་དང་པོའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེན་མོར་བྱ་དགའ་རིམ་པ་གསུམ་པ་སོགས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་། ཡུལ་ཚོ་རིམ་པའི་བྱ་དགའ་བཞི་བཅུ་ཙམ་ཐོབ་ཡོད།
     སློབ་གྲྭ་དུ་མའི་གདན་ཞུ་ལྟར་ལྡེབས་ངོས་སུ་ཡིག་གཟུགས་དང་རི་མོ་སྣ་ཚོགས་བྲིས་ཤིང་དགེ་སློབ་ཀུན་གྱི་སྤྱན་སྔར་ཕུལ་ཏེ། སློབ་རའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་བར་ཀུན་གྱིས་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ། 2016ལོའི་ཟླ་དྲུག་པར་གློག་བརྙན༼སྒྲོལ་དཀར༽གྱི་འཁྲབ་སྟོན་པ་དང་བར་བཅུག་ལ་ཡིག་གཟུགས་ཕྱག་བྲིས་གནང་།
     2015ལོའི་ཟླ་གསུམ་པར་བོད་ཀྱི་ཡིག་གཟུགས་དྲ་བས་གདན་ཞུ་ལྟར། བོད་ཀྱི་ཡིག་གཟུགས་དྲ་བའི་སྟེང་མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས་དང་བརྩམས་ཆོས་སུམ་ཅུ་ལྷག་གིས་གྲུབ་པའི་ཡིག་གཟུགས་འགྲེམས་སྟོན་ཁང་ཕྱེས་ཡོད། ཁོ་བོའི་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་བརྩམས་ཆོས་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད།
     2016ལོའི་ཟླ་6པའི་ཚེས12ཉིན་བརྩམས་ཆོས་བརྒྱ་ལྷག་གི་ཡིག་གཟུགས་འགྲེམས་སྟོན་ཐེངས་དང་པོ་དེ་བྱ་མདོ་ཡུལ་ཚོ་བཅའ་སྡོད་སློབ་ཆུང་ནས་སྤེལ་ཏེ། དགེ་སློབ་ཀུན་ལ་ཡིག་གཟུགས་རིག་གནས་ཀྱི་བག་ཆགས་དང་ངེས་ཤེས་ཟབ་མོ་བཞག སྔ་ཕྱིར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་མ་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་ཆེད། ཡིག་མཁན་མཁས་པ་དུ་མའི་མདུན་ནས་གཙང་གི་གཙང་བྲིས་ཚུགས་ཆེན་དང་ཚུགས་ཆུང་། ཚུགས་མ་འཁྱུག དབུས་ཀྱི་དབུས་བྲིས་སུག་རིང་དང་སྙེ་བྲིས། གཞུང་བྲིས། ཁམས་ཀྱི་བཀའ་བརྒྱུད་བྲབ་བྲིས་དང་ནང་བྲིས་ནོར་བུ་མ། ཨ་མདོའི་མཁས་དབང་ཚེ་ཏན་ཞབས་དྲུང་དང་དྲུང་ཡིག་སྨོན་ལམ་རྒྱ་མཚོའི་དབུ་ཅན། སྡེར་ནང་ས་བྲིས་བཅས་ལ་འབྲི་སྦྱོང་བྱས་ཏེ། བྲིས་རྒྱུན་མི་འདྲ་བ་བཅུ་གཅིག་གི་ཁྲིད་རྒྱུན་ཐོབ། གཞན་ཡང་རང་གི་དགའ་ཕྱོགས་ལྟར་ཞབས་ཤར་ཟླ་བ་ཚེ་རིང་གི་འབྲུ་ཚར་སྦྱོང་བ་བྱས་ཏེ། ཡིག་གཟུགས་སྒྱུ་རྩལ་གྱི་འཇོན་ནུས་མཐོར་འདེགས་སུ་བཏང་དང་གཏོང་བཞིན་ཡོད།
     ད་ལྟ་མཚོ་སྔོན་ཞིང་ཆེན་ཡིག་མཁན་མཁས་པ་མཐུན་ཚོགས་ཀྱི་ཚོགས་མི་དང་། པེ་ཅིན་རིན་ཧུའུ་ཡིག་གཟུགས་སློབ་གླིང་གི་གླིང་མི། མང་རྫོང་སྲིད་གྲོས་ཀྱི་ཚོགས་མི། མཚོ་ལྷོའི་བོད་ཡིག་ཡིག་གཟུགས་འཕྲིན་སྟེགས་ཀྱི་གཙོ་སྒྲིག་པ། མཚོ་ལྷོ་མང་རྫོང་མི་རིགས་ཡིག་རིས་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། མང་རྫོང་བྱ་མདོ་སློབ་ཁུལ་གྱི་སློབ་གཙོ་གཞོན་པ་བཅས་ཀྱི་འགན་ཁུར་ཡོད།

དབུ་ཅན་སྙེ་བྲིས།

མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་དབུ་ཅན་བྲིས་གཟུགས།

དྲུང་ཡིག་སྨོན་ལམ་གྱི་དབུ་ཅན་བྲིས་གཟུགས།
བྱ་མདོ་བུན་ཁྲང་ཚེ་རིང་གི་དབུ་ཅན་བྲིས་གཟུགས།

དབུས་བྲིས་ཚུགས་ཆེན།

གཙང་བྲིས་ཚུགས་ཆེན།

ཚུགས་ཆེན་རིགས་གཅིག

གཞུང་བྲིས་ཚུགས་ཆུང་།

ལྷ་བབ་ཡི་གེ

ལཉྪའི་ཡི་གེ

ལརྟུ་ཡི་གེ

རྣམ་བཅུད་དབང་ལྡན།

ཧོར་ཡིག


བཀའ་བརྒྱུད་བྲབ་བྲིས།

ནང་བྲིས་ནོར་བུ་མ།

སྡེར་ནང་ས་བྲིས།

མཛེས་རྩལ་ཡིག་གཟུགས།


མཛེས་རྩལ་ཡིག་གཟུགས།

མཛེས་རྩལ་ཡིག་གཟུགས།

མཛེས་རྩལ་ཡིག་གཟུགས།

མཛེས་རྩལ་ཡིག་གཟུགས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...