སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-13 9:11:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     གནས་ལྔ་ཀུན་གཟིགས་པཎྜིཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ནི། རང་བྱུང་བཅོ་ལྔ་བའི་ས་ཁྱི་སྤྱི་ལོ1898ལོར་མདོ་སྨད་རེབ་གོང་འགར་རྩེ་ཉིན་ནམ་ཨ་བར་དུ་གྲགས་པའི་འབྲོག་སྡེར་ཡབ་དགེ་འདུན་བསོད་ནམས་དང་ཡུམ་སྒྲོལ་མ་སྐྱིད་གཉིས་སུ་སྐུ་འཁྲུངས། རེབ་གོང་སྐྱབས་མགོན་ཤར་ཐབས་ཅད་མཁྱེན་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང་ཞྭ་དམར་པཎྜིཏ་རྣམ་གཉིས་ཀྱིས་གྲུབ་དབང་འཇིགས་མེད་བསམ་གཏན་སྤྲུལ་སྐུར་ངེས་འཛིན་མཛད། དགུང་ལོ་བདུན་པར་ཞྭ་དམར་པཎྜིཏ་ལས་རབ་ཏུ་བྱུང་སྟེ་མཚན་ལ་འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ། དགུང་ལོ་བརྒྱད་པར་གཅན་ཚའི་བྲག་ལུང་དགོན་དུ་ཕེབས་ཏེ་ཞྭ་དམར་པ་ལས་དགེ་ལྡན་པའི་ཟབ་ཆོས་དང་ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་མནོས། བཅུ་བར་སྐུ་འབུམ་དུ་རྒྱལ་དབང་བཅུ་གསུམ་དང་མཇལ་ནས་བཀའ་ཆོས་གསན། དེ་ནས་རིམ་བཞིན་ཡོངས་འཛིན་བློ་བཟང་དཔལ་ལྡན་སོགས་བཤེས་གཉེན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་མ་ལུས་པ་མཁས་པར་སྦྱངས་ནས་གནས་ལྔ་ཀུན་གཟིགས་འཇིགས་མེད་པཎྜིཏ་ཞེས་གྲགས་པ་ཀུན་ལ་ཁྱབ། དགུང་ལོ་སུམ་ཅུ་པར་རོང་བོ་དགོན་ཆེན་གྱི་ཁྲིར་བཞུགས་ཏེ་ཟབ་རྒྱས་ཆོས་འཁོར་བསྐོར་བ་དང་། སྐྱབས་མགོན་བདུན་པ་ཆེན་པོའི་རིགས་ཀྱི་ཅོད་པན་དུ་དབང་བསྐུར། གསུང་རྩོམ་ལ་ལམ་སྔགས་ཚིགས་བཅད་མ་དང་། རྟོགས་བདུན་འགྲེལ་ཆེན་སོགས་པོ་ཏི་ཉི་ཤུ་ཉེ་བར་བརྩམས་ཤིང་། ཞྭ་དམར་སྤྲུལ་སྐུ་དང་མཁས་དབང་ཚེ་ཏན་ཞབས་དྲུང་། རྗེ་ཤར་གདོང་རིན་པོ་ཆེ་སོགས་བུ་སློབ་མང་དུ་བསྐྱངས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། མཐར་དགུང་ལོ་ཞེ་དགུ་བར་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་སྤྱི་ལོ1946ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...