སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བརྩམས་སྒྲུང་རྩོམ་པ་པོ་ཚེ་རིང་དོན་གྲུབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-4 12:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཚེ་རིང་དོན་གྲུབ་ནི1961ལོའི་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་དུ་སྐྱེས། རང་ལོ་བདུན་བརྒྱད་ནས་བཅུ་གསུམ་བར་དུ་གནག་རྫི་བྱས། རང་ལོ་བཅུ་གསུམ་ནས་ཉེར་གཅིག་བར་སློབ་གྲྭ་འགྲིམ། བྱ་བར་ཞུགས་རྗེས་སློབ་འབྲིང་དགེ་རྒན་དང་ཁྲིམས་འཛིན་དྲུང་ཡིག དེབ་ཐེར་སྒྲིག་འབྲི་སོགས་ཀྱི་ལས་ཀ་གཉེར། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་ས་གནས་རིག་གནས་ལོ་རྒྱུས་སྐོར་གྱི་དེབ་བཅུ་ལྷག་སྒྲིག་འབྲི་བྱེད་པའི་ཞོར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བརྩམས་སྒྲུང་སྤེལ།
     བརྩམས་ཆོས་གཙོ་བོ་སྒྲུང་ཐུང་པོད་གཉིས་དང་སྒྲུང་འབྲིང་པོད་གཅིག སྒྲུང་རིང་པོད་བཞི་ཡོད། བརྩམས་ཆོས་ཁག་ཅིག་སོག་པོ་དང་དབྱིན་ཇི། ཧྥ་རན་སི། འཇར་མན། འཇར་པན། ཧང་གྷ་རི། སི་ཝེས་དན། ཧོ་ལན་སོགས་ཡིག་རིགས་དུ་མར་བསྒྱུར་ཡོད་པར་མ་ཟད་ནུབ་གླིང་གི་སློབ་ཆེན་ཁ་ཤས་དང་བོད་སོག་སློབ་གྲྭ་ཆེ་འབྲིང་གི་བསླབ་དེབ་ཏུ་བདམས་ཡོད།
     བརྩམས་སྒྲུང་བདམས་བསྒྲིགས་ཉི་འགྱུར་མ《ཝ་ནག་ལུང་བ》ཞེས་པ་དེ་2017ལོའི་ཉི་ཧོང་དུ་ཀྲུང་གོའི་བརྩམས་སྒྲུང་ཉི་འགྱུར་མ་བཙོང་ཚད་ལས་ཨང13པར་སླེབས་པ་དང་། བརྩམས་སྒྲུང་བདམས་བསྒྲིགས་དབྱིན་འགྱུར་མ《བཙུན་ཡག་དང་བརྩམས་སྒྲུང་གཞན་དག》ཅེས་པ་དེ་དབྱིན་ཇིའི་ལིས་སི(Leeds)སློབ་ཆེན་གྱི2019ལོའི་ཟླ་གཉིས་པའི་ཆེད་དམིགས་འོས་སྦྱོར་བརྩམས་སྒྲུང་དུ་བདམས་ཤིང་། 《བཙུན་ཡག་དང་བརྩམས་སྒྲུང་གཞན་དག》སྐོར་གྱི་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་ཐག་བཅད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...