སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བཅོས་སྒྱུར་སྒོ་འབྱེད་ལོ་ངོ40འཁོར་བར་ཕུལ་བྱུང་བྱས་རྗེས་བྱ་དགའ་ཐོབ་མཁན་རྒྱས་བཟང་བསོད་ནམས་དར་རྒྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-20 11:02:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

     རྒྱས་བཟང་བསོད་ནམས་དར་རྒྱས། སྐྱེས་པ། བོད་རིགས། ཀྲུང་གུང་ཏང་ཡོན། 1954ལོའི་ཟླ4པར་སྐྱེས། 1994ལོའི་ཟླ་1པར་གྲོངས་པ། མཚོ་སྔོན་འབྲི་སྟོད་རྫོང་ནས་ཡིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་རྫོང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་། འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་རེད། ཁོང་གིས་རྫོང་ཨུ་ལ་རྒྱལ་ཁབ་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་། ལུགས་མཐུན་ངང་རྨ་ཆེན་གངས་རྒྱབ་གསར་སྤེལ་བྱ་དགོས་པའི་བསམ་འཆར་ཐེངས་མང་པོར་བཏོན་ཞིང་། ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཁུངས་ཏེ—འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ལྷན་འཛུགས་པར་སྐུལ་འདེད་བཏང་བ་དང་། ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་འཁུར་བ་རེད། སྔ་རྗེས་སུ་ཐེངས་12ལ་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་གནས་དངོས་སུ་རྟོག་ཞིབ་སྐོར་ཞིབ་བྱས་ཤིང་། དཔྱད་གཞི་གལ་ཆེན་མང་པོ་ཐོབ་ཡོད། རང་རྒྱལ་གྱི་དྲག་ཆས་རྔོན་འགོག་དཔུང་ཁག་དང་པོ་བཙུགས་ནས། ཁྲིམས་དང་འགལ་བའི་ལྐོག་རྔོན་ཚོགས་པ་8རྩད་ཆོད་ལག་ཟིན་བྱུང་བ་དང་། 1994ལོའི་ཟླ་1ཚེས་18ཉིན། ལྐོག་རྔོན་རྒྱག་མཁན་དང་གདོང་ཐུག་བྱུང་བའི་ནང་བཀྲོངས་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...