སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་མཛངས་བློན་བདུན་དང་ཁོང་རྣམ་པའི་མཛད་རྗེས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-23 10:31:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
1. རུ་ལས་སྐྱེས།
       མཛངས་བློན་མི་བདུན་གྱི་ཐོག་མ་རུ་ལས་སྐྱེས་ནི་བོད་རྒྱལ་པུ་དེ་གུང་རྒྱལ་གྱི་བློན་པོ་ཡིན་ལ། ཁོང་གིས་མཛངས་པའི་ལས་སུ་ཤིང་བསྲེགས་པའི་སོལ་བས་སྙིགས་རོ་བཞུས་ནས་གསེར་དངུལ་ཟངས་ལྕགས་སྦྱངས། ཤིང་ལ་མིག་ཕུག་ནས་གཤོལ་དང་གཉའ་ཤིང་བྱས། སྤང་ཐང་བརྐོས་ནས་ཕུ་ཆུ་ཡུར་ལ་དྲངས། རྨོན་དོར་བསྡེབས་ནས་སྤང་ལ་ས་ཞིང་རྨོས། ཆུ་ལ་ཟམ་པ་བཙུགས་ཏེ་འགྲིམ་འགྲུལ་སྟབས་བདེ་བཟོས་པས་མཛངས་མི་བདུན་གྱི་ཐོག་མར་བགྲངས།
2.ལྷ་བུ་མགོ་དཀར།
       མཛངས་བློན་མི་བདུན་གྱི་གཉིས་པ་ལྷ་བུ་མགོ་དཀར་ནི་བཙན་པོ་ལེགས་དྲུག་གི་ཐོག་མ་ཨེ་ཤོ་ལེགས་ཀྱི་བློན་པོ་ཡིན། ཁོང་གིས་ཞིང་ལ་དོར་ཁ་དང་ཕྱུགས་ལ་ཐུལ་ཁ་རྩིས། ཕུ་ཆུ་མདའ་རུ་དྲངས་ཤིང་མདའ་རུ་ཆུ་མ་རྨོ་བའི་ལུགས་སྲོལ་དར།
3.ངོར་སྣང་མང་བཙན།
       མཛངས་བློན་མི་བདུན་གྱི་གསུམ་པ་སྟག་རི་གཉན་གཟིགས་ཀྱི་བློན་པོ་ངོར་སྣང་མང་བཙན་གྱིས་བྲེ་ཕུལ་སྲང་གསུམ་ལས་ཏེ་ཕྱི་ནང་ཚོང་ལས་དར་བའི་སྲོལ་བཙུགས།
4.ཐོན་མི་སམ་བྷོ་ཊ།
       མཛངས་བློན་མི་བདུན་གྱི་བཞི་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་ཐོན་མི་སམ་བྷོ་ཊས་ལེགས་སྦྱར་གྱི་ཡི་གེ་མཁས་པར་སྦྱངས་ཏེ་བོད་ཡིག་ཐོག་མར་གསར་བཟོ་མཛད།
5.སྙགས་ཁྲི་བཟང་ཡང་སྟོན།
       མཛངས་བློན་མི་བདུན་གྱི་ལྔ་པ་ནི་སྲོང་བཙན་གྱི་བློན་སྙགས་ཁྲི་བཟང་ཡང་སྟོན་ཡིན་ལ། ཁོང་གིས་བོད་མིའི་ཁང་ཁྱིམ་རི་ལ་ཡོད་པ་ཐང་དུ་ཕབ། མཁར་བརྩིགས་ནས་གྲོང་ཁྱེར་གསར་དུ་བཅོས་པས་འཚོ་གནས་ཀྱི་རྣམ་པ་གསར་སྤེལ་བྱས།
6.འགོས་ཁྲི་བཟང་ཡབ་ལྷག
       མཛངས་བློན་མི་བདུན་གྱི་དྲུག་པ་ནི་ཁྲི་སྲོང་ལྡེ་བཙན་གྱི་བློན་འགོས་ཁྲི་བཟང་ཡབ་ལྷག་གིས་ཞལ་ལྕེ་དང་གསོས་ཐང་། སྟོང་ཐང་བཅས་ཀྱི་ཁྲིམས་ལུགས་གསར་གཏོད་བྱས་ཏེ་བྱང་བུར་ཆ་དགུར་བཅོས་ནས་སྒྲིག་སྲོལ་དར་བར་བྱས།
7.སྟག་བཙན་ལྡོང་གཟིགས།
       མཛངས་མི་བདུན་གྱི་བདུན་པ་ནི་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་སྟག་བཙན་ལྡོང་གཟིགས་ཡིན་ལ། བློན་པོ་འདིས་འབངས་མི་ཁྱིམ་རེ་ལ་རྟ་མཛོ་བ་གསུམ་ཆ་སྙོམས་བགོས་ཤིང་། དབྱར་རྩྭ་བྲེགས་ནས་བསྐམས་རྗེས་དགུན་དུས་སུ་སྤྱོད་པའི་སྲོལ་སྤེལ་དེ་ཕྱུགས་ལས་འཕེལ་རྒྱས་སུ་བཏང་བ་བཅས་སོ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...