སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་གོང་ཨོ་རྒྱན་རྡོ་རྗེ།
རྩོམ་པ་པོ། amib རྩོམ་སྒྲིག་པ། admin དུས་ཚོད། 2008-6-29 12:10:40 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
   ༡༩༦༨ལོར་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་དུ་སྐྱེས།༡༩༩༠ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས།སྔ་ཕྱིར་《གངས་རྒྱན་མེ་ཏོག》དང༌།《ཁྲིམས་ལུགས་ཚགས་པར》རྩོམ་སྒྲིག་ཁང་།བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བཅས་སུ་རྩོམ་སྒྲིག་པ་དང་གསར་འགོད་པ།རྩོམ་ཁྲིད་པ་བཅས་ཀྱི་ལས་ཀ་བསྒྲུབས་མྱོང་ལ།ཞུས་ཆུང་ལོ་ཙཱ་ བའི་ཐོབ་གནས་ཀྱང་བླངས་ཡོད།
  ༡༩༩༠ལོ་ནས་བཟུང་ལས་ཞོར་རྩོམ་རིག་གི་ལམ་དུ་ཞུགས་ཤིང༌།ད་བར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ རྒྱལ་ཡོངས་ཀྱི་དུས་དེབ་དང་ཚགས་པར་གང་མང་ཞིག་གི་སྟེང་ལ་སྙན་ངག་གཙོ་བྱས་ལྷུག་རྩོམ་དང་སྒྱུར་རྩོམ།སྙན་ཞུ་རྩོམ་རིག་བཅས་བརྒྱ་ཕྲག་ཙམ་སྤེལ་ལ།དེ་ལས་སྙན་རྩོམ《ལྷ་སའི་ཞོགས་པ》(རྒྱ་ཡིག་སྒྱུར་རྩོམ)ལ《སྙན་རྩོམ་དུས་ དེབ》(རྒྱ་ཡིག)ཀྱིས་རྩ་འཛུགས་གཙོ་སྐྱོང་གནང་བའི་༡༩༩༩ལོའི་“༩༩བུམ་པའི”རྒྱལ་ཡོངས་ཀྱི་སྙན་རྩོམ་དང་ལྷུག་རྩོམ་གྱི་འགྲན་སྡུར་ཆེན་མོའི་ཁྲོད།སྙན་རྩོམ་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང༌།སྙན་རྩོམ་《སྒྲོལ་མ་དཀར་མོ》(རྒྱ་ཡིག·སྒྱུར་རྩོམ)ཞེས་པ་ཀྲུང་གོའི་རྩོམ་རིག་ལྷན་ཚོགས་ཀྱིས་པར་སྐྲུན་འགྲེམ་སྤེལ་བྱས་པའི་《དུས་རབས་ཉི་ཤུའི་ཕུལ་བྱུང་རྩོམ་པ་པོའི་བརྩམས་ཆོས་ཉིང་བསྡུས།》ཞེས་པའི་ནང་བདམས།ད་དུང་བོད་རྒྱ་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་བརྒྱད་བོད་རྒྱའི་དཔེ་ཚོགས་དུ་མའི་ནང་བདམས་ཡོད།སྔ་རྗེས་སུ་རྩོམ་རིག་དང་གསར་འགྱུར།བརྙན་འཕྲིན་བཅས་ཀྱི་ཕྱོགས་སུ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐེངས་དགུ་ཐོབ་མྱོང༌།གཞན《འཇིག་རྟེན་ཆོས་བརྒྱད་དགའ་བའི་བདུད་རྩི་ཆང་ཤགས》ཞེས་པའི་འཚོལ་བསྡུ་དག་སྒྲིག་གི་དཔེ་དེབ་ཅིག་དང༌།《འགྱུར་དངོས》ཞེས་པའི་སྒྱུར་རྩོམ་དཔེ་དེབ་ཅིག་བཅས་མི་རིགས་དཔེ་སྐྲུན་ཁང་གི་པར་སྐྲུན་འགྲེམ་སྤེལ་བྱས།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...