སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཆས་པ་རྟ་མགྲིན་ཚེ་རིང༌།
རྩོམ་པ་པོ། amib རྩོམ་སྒྲིག་པ། རྡོ་རྗེ་རབ་བརྟན། དུས་ཚོད། 2008-6-30 10:29:05 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
    ༡༩༦༨ལོའི་དཔྱིད་ཀར་མདོ་སྨད་ཀན་ལྷོའི་ལྷོ་རྒྱུད་ཀྱི་ཅོ་ནེ་ཆས་པའི་གཤིས་བརྒྱ་མཆེད་སྡེ་བར་སྐྱེས།རང་ལོ་བདུན་ནས་བཟུང་སློབ་གྲྭ་བརྒྱུད་ཅིང༌།ཐོན་སྐྱེད་རུ་ཁག་གི《ངལ་རྩོལ་བ་ཆུང་ཆུང》ཡང་བྱས།༡༩༨༣ལོར་སློབ་འབྲིང་ནས་མཐར་ཕྱིན་ཏེ་ཀན་ལྷོ་མི་རིགས་སློབ་གྲྭར་རྒྱུགས་འཕྲོད་ཅིང༌།དེ་གར་བསེ་ཚང་བློ་བཟང་དཔལ་ལྡན་དང་དྲུང་ཡིག་སྨོན་ལམ།སློབ་དཔོན་དགེ་འདུན་སོགས་ཀྱི་ཞབས་རྡུལ་གཙུག་ཏུ་བཀུར་ཅིང༌།ཁོང་རྣམ་པའི་བག་ཆགས་ལས་མི་རིགས་ཀྱི་ལས་དབང་ལ་བསམ་གཞིག་དང་རྩོམ་རིག་གི་དགའ་ཚལ་དུ་འཇུག་པའི་བློ་གྲོས་དང་སྤོབས་པ་རྒྱས།དུས་སུ་བོད་ཡིག་གི་དུས་དེབ་གང་མང་དང་མཇལ་བའི་སྐལ་བ་ལྡན་པ་དང༌།ཁྱད་པར་དུ་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ཀྱི་བག་ཆགས་ཀྱིས་ཡིད་དབང་དྲངས་ཏེ་ཁོང་ལ་དད་འདུན་དང་རྗེས་སུ་ཡི་རངས་བགྱིས།
   ༡༩༨༧ལོར་སློབ་མཐར་ཕྱིན་ཏེ་ཀླུ་ཆུ་རྫོང་ཨ་ལ་སློབ་ཆུང་དུ་དགེ་རྒན་བྱེད་ཞོར་རྩོམ་ཡིག་སྤེལ་མགོ་བརྩམས།༡༩༩༢ལོར་ཀན་ལྷོའི་གསར་འགྱུར་ཁང་དུ་ལས་གནས་སྤར་ཞིང༌།ད་བར་ཞུ་དག་པ་དང་གསར་འགོད་པ།རིག་རྩལ་རྩོམ་སྒྲིག་པ།བོད་ཡིག་རྩོམ་སྒྲིག་པུའི་ཀྲུའུ་རིན་བཅས་ཀྱི་ལས་ཀ་གཉེར།《སྦྲང་ཆར།》དང་《ཟླ་ཟེར།》སོགས་རྒྱལ་ནང་གི་བོད་ཡིག་གི་དུས་དེབ་དང་ཚགས་པར་བཅུ་ཕྲག་ལྷག་ལ་དཔྱད་རྩོམ་དང་རིག་རྩལ་རྩོམ་ཡིགགསར་འགྱུར་སོགས་བརྒྱ་ཕྲག་བཀོད།༡༩༩༣ལོར་《ཀན་ལྷོའི་གསར་འགྱུར།》གྱི་ལེགས་རྩོམ་གཅེས་བསྡུས་ཏེ《སྤང་རྒྱན་མེ་ཏོག》ཅེས་པའི་དཔེ་དེབ་ཅིག་གཞན་དང་མཉམ་སྒྲིག་སྒོས་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང༌།ཁྲིམས་ལུགས་ཁྲིམས་སྲོལ་སྐོར་གྱི་དཔེ་དེབ་ལྔ་བོད་ཡིག་ཏུ་བསྒྱུར་ཏེ་པར་དུ་བསྐྲུན། སྙན་རྩོམ་བཅུ་ཕྲག་ལྷག《བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས།》དང《ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དཔེ་ཚོགས།》《སྦྲང་ཆར་གྱི་ལོ་འཁོར་ཉི་ཤུའི་དཔེ་ཚོགས།》སོགས་སུ་བདམས་བཀོད་བྱས་ཡོད།སྙན་རྩོམ《པོ་ཏཱ་ལར་ཕུལ་བའི་མཇལ་དར།》དང་《བྱམས་བརྩེ་ཟུང་གི་གླེང་མོལ།》སྒྲུང་གཏམ་《མ་ཎི་ཁང༌།》ཞེས་པ་སོ་སོར་ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིགས་གསར་རྩོམ་གྱི《ཟངས་མའི་རྟ་རྒོད་》ཅེས་པའི་བྱ་དགའ་དང༌།《ཟླ་ཟེར།》གྱི་རྩོམ་རིག་བྱ་དགའ།རྒྱལ་ཡོངས་ཞིང་ལྗོངས་ལྔའི་སྙན་རྩོམ་འགྲན་སྡུར་གྱི་བྱ་དགའ་བཅས་འཐོབ།གཞན་ཡང་གསར་འགྱུར་རྩོམ་ཡིག་དང་ཆེད་ལས་དཔྱད་རྩོམ་སྐོར་ཞིག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐེངས་མང་འཐོབ་མྱོང༌།ད་ལྟ་ཀན་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང༌།ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལོ་ཙཱའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ནོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...