སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་སྐྱེས་མའི་སྙན་ངག་པ་དཔལ་མོ།
རྩོམ་པ་པོ། amib རྩོམ་སྒྲིག་པ། Dorje rabden དུས་ཚོད། 2008-7-1 9:15:37 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
   མིང་གཞན་ལ་བདེ་སྦྱིན་མ་དང་སྲིན་མོ་ཞེས་འབོད། ཕ་ཡུལ་མཚོ་སྔོན་རྐང་ཚ་ཡིན། ༡༩༧༨ལོ་སྦྲ་གུར་སློབ་གྲྭ་བརྒྱུད་པ་ནས་བཟུང༌། རིམ་བཞིན་རྐང་ཚ་རྫོང་མི་རིགས་སློབ་འབྲིང་དང་མཚོ་བྱང་ཁུལ་མི་རིགས་དགེ་འོས་སློབ་གྲྭ་སོགས་འགྲིམས།༡༩༨༥ལོར་བྱ་བར་ཞུགས། ༡༩༩༤ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང༌། དེ་གར་ལོ་གསུམ་གྱི་རིང་ལ་བོད་ཀྱི་རིག་གནས་གཙོ་བྱས་རྒྱ་ཡིག་དང་དབྱིན་ཡིག་སོགས་སྦྱངས། ༡༩༩༧ལོའི་དབྱར་ཁར་མཐར་ཕྱིན་རྗེས་དེ་གར་དགེ་རྒན་གྱི་འགན་ཁུར། ༢༠༠༠ནས་༢༠༠༡ལོའི་བར་ལ་ཀྲུང་གོའི་ཚན་རྩལ་སློབ་ཆེན་དུ་གློག་རྩིས་ཟབ་སྦྱོང་བྱས།
        ༡༩༨༨ལོ་ནས་གསར་རྩོམ་གྱི་མགོ་བཟུང་ཞིང་སྔ་ཕྱིར་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྟེང་བརྩམས་ཆོས་བཅུ་ཕྲག་འགའ་སྤེལ་མྱོང༌། དེ་ལས་གཙོ་བོ་ལསྙན་ངག་ལས་ཡིག་གཟུགས་ཀྱི་སྒྱུ་རྩལ་མཚོན་ཐབས་དང་མཛེས་རྟོག་གི་ཁྱད་ཆོས་གླེང་བ།ཞེས་པ་དང༌། མཐོ་སྒང་གི་ཞོགས་གླུ།》《 གངས་རི·འབྲོག་མོ·ལས་དབང༌།བཅས་ཡོད་ལ། དེའི་ནང་སྙན་རྩོམ་སྐོར་ཞིག་དབྱིན་ཡིག་དང་རྒྱ་ཡིག་ལ་སྒྱུར་བཞིན་འདུག །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...