སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་རྩོམ་པ་པོ་བ་རེས།
རྩོམ་པ་པོ། amib རྩོམ་སྒྲིག་པ། Dorje rabden དུས་ཚོད། 2008-7-2 9:19:31 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ༡༩༦༠ལོར་མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་དུ་སྐྱེས།ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་སྟོན་ཁང་གི་ཀྲུན་རིན་གྱི་འགན་ཁུར་ཡོད་ལ།དགེ་རྒན་ཆེན་མོ་གཞོན་པ་ཡིན།བརྩམས་ཆོས་གཙོ་བོ་ལ།སྙན་དེབ《མཁའ་ལ་འཕྱོ་བའི་ཡིད་ཀྱི་བརྩེ་རླབས།》དང༌།ལྷུག་རྩོམ་དེབ་《སྔོན་མོ་སྤང་ལས་འཁྲུངས་པའི་སེམས་ཀྱི་རོལ་མོ།》ལོ་རྒྱུས་དེབ་《བོང་སྟག་ལོ་རྒྱུས་བློ་ལྡན་འཇུག་ངོགས།》《བོད་ཀྱི་གནའ་ཡིག་གོ་བདེ་བར་ཕབ་པ།》སོགས་དང༌།བསྒྲིགས་དེབ་《མཚོ་སྔོན་ཞིང་ཆེན་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་གཞི།》དང༌།《འབྲོག་ཡུལ་གྱི་འཆར་ཀའི་རོལ་མོ།》《ཚྭ་འདམ་ཞོགས་པའི་མཚམས་སྤྲིན།》《མཚོ་ནུབ་ཁུལ་གྱི་ནང་བསྟན་དགོན་པ་ཁག་གི་ལོ་རྒྱུས་མདོར་བསྡུས།》སོགས་ཡོད།སྔ་ཕྱིར་རྒྱལ་ཁབ་རིམ་པ་དང་བཅས་པའི་“དགེ་རྒན་ཕུལ་བྱུང་”གི་མཚན་སྙན་ཐེངས་མང་ཐོབ་པ་དང༌།རྩོམ་རིག་གསར་རྩོམ་གྱི་ཐད་ནས་ཀྱང་སྐབས་གསུམ་པའི་“སྦྲང་ཆར་རྩོམ་རིག་གི་བྱ་དགའ”སོགས་ཐོབ་མྱོང༌།སྙན་རྩོམ་དང་ལྷུག་རྩོམ་བཅུ་ལྷག་བོད་ཀྱི་རྩོམ་རིག་དཔེ་དེབ་དུ་མ་དང་སྐོར་ཞིག་ནི་སློབ་གྲྭ་ཆེན་མོའི་སློབ་གཞིའི་ནང་བདམས་ཡོད།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...