སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་ཚེ་རྒྱལ།
རྩོམ་པ་པོ། amib རྩོམ་སྒྲིག་པ། Dorje rabden དུས་ཚོད། 2008-7-2 10:00:41 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
       སྙུག་མིང་ལ་རང་སྒྲ།༡༩༦༤ལོ་མདོ་སྨད་ཐུན་ཏེ་རྫོང་ཁོངས་འབའ་གཞུང་དུ་སྐྱེས།ད་ལྟ་མཚོ་སྔོནམང་ཚོགས་སྒྱུ་རྩལགྱི་རྩོམ་སྒྲིག་པའི་འགན་ཁུར་ཡོད།ལོ་རབས་བརྒྱད་ཅུ་པ་ནས་བཟུང་སྟེ་གསར་རྩོམ་གྱི་ལས་ལ་ཞུགས་ཤིང༌།སྔ་ཕྱིར་བོད་ཁམས་ཀྱི་དུས་དེབ་སྣ་ཚོགས་སུ་སྒྲུང་གཏམ་གཙོ་བྱས་པའི་བརྩམས་ཆོས་སྣ་ཚོགས་སྤེལ་མྱོང༌།༡༩༩༩ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྒྲུང་གཏམ་ཕྱོགས་བསྒྲིགསགངས་འདབས་ཀྱི་གཏམ་རྒྱུད།དང༌།ལོ་རྒྱུས་སྒྲུང་གཏམ་རིང་མོཐོན་མི་སམྦྷོ་ཊ།གཉིས་པར་དུ་བསྐྲུན།སྒྲུང་གཏམབྱི་ལའི་གཏམ་རྒྱུད།དང༌།འདྲེ་རྐང་ཏོ།》《ཚེ་ཐར་གྱི་རང་གཏམ།》《གངས་འདབས་ཀྱི་གཏམ་རྒྱུད།སོགས་རྒྱ་ཡིག་ཏུ་བསྒྱུར་ཏེམི་རིགས་རྩོམ་རིགསོགས་སུ་སྤེལ་ཡོད་ལ།འཕོ་འགྱུར།དངའདྲེ་རྐང་ཏོ།རྒྱང་སྒྲོག་ཟློས་གར་དུ་བཅོས་ཏེ་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ནས་བརྒྱུད་གཏོང་བྱས།
  སྙན་རྩོམཁྲི་ཤོར་རྒྱལ་མོ།དངཟླ་བའི་རི་བོང་གི་བྱུང་བ།སྒྲུང་གཏམའཕོ་འགྱུར།》《འདྲེ་རྐང་ཏོ།སོགས་བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས་ལསལང་ཚོའི་རྦབ་ཆུ།དང༌།སྦྲང་ཆར་ལོ་འཁོར་༢༠དཔེ་ཚོགས། ལསསྙན་རྩོམ་ཅོ་ཀའི་དྲུག་འགྱུར།དངསྒྲུང་གཏམ་རླབས་ཀྱི་ཟེགས་མ།གཞན་ཡངམཚོ་སྔོན་པོའི་གླུ་སྒྲསོགས་སུ་བདམས་ཡོད།སྒྲུང་གཏམའཕོ་འགྱུར།ལ་༢༠༠༡ལོར་སྐབས་གསུམ་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ།
  ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང༌།མཚོ་སྔོན་ཞིང་ཆེན་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་མི།མཚོ་སྔོན་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ནོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...