སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ངུར་སྨྲིག་སྙན་ངག་པ་ཤེས་རབ་བསྟན་དར།
རྩོམ་པ་པོ། amib རྩོམ་སྒྲིག་པ། Dorje rabden དུས་ཚོད། 2008-7-3 10:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      མིང་གཞན་རྒྱ་གྲོལ་ཟེར།མདོ་སྨད་ཀོས་ནན་རྫོང་མང་རའི་ས་ཆར་སྐྱེས།ལོ་བཅོ་བརྒྱད་སྟེང་མང་རའི་དགོན་ཆེན་(ཀླུ་ཚང་དགོན)དུ་རབ་ཏུ་བྱུང་ནས་རྗེ་འཇམ་དབྱངས་ཐོབ་བཟང་བསྟན་དར་དང༌།སྨད་སོག་སྨོན་ལམ་རྒྱ་མཚོ་སོགས་ལས་མདོ་སྔགས་གཞུང་ལུགས་ལ་སྦྱངས།༡༩༩༦ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞགདགོན་དེ་གའི་བཀའ་རམས་འཛིན་གྲྭར་ཡོད་ཅིང་ཞོར་དུ་དབུས་གཞོང་ཐར་ཤུལ་དགོན་གྱི་དགེ་རྒན་བྱས་ཡོད།
  ལོ་བཅུ་དྲུག་ནས་ད་བར་དུསྦྲང་ཆར།གཙོར་བྱས་ཏེ་བོད་ཀྱི་དུས་དེབ་དང་ཚགས་པར་ཁག་ཏུ་སྙན་ངག་དང༌།ལྷུག་རྩོམ།བསྒྱུར་རྩོམ།དཔྱད་རྩོམ།སོགས་བརྒྱ་ཕྲག་ལྷག་སྤེལ།དུས་མཚུངས་སུཐར་ཤུལ་དགོན་པའི་གདན་རབས།དངརྗེ་འཇམ་དབྱངས་བློ་བཟང་བསྟན་དར་གྱི་རྣམ་ཐར།གཉིས་པར་དུ་བསྐྲུན།སྙན་ངགབསམ་གཞིགཅེས་པར་ཐེངས་གསུམ་པའིསྦྲང་ཆར།རྩོམ་རིག་བྱ་དགའ་དང༌།ལྷུག་རྩོམརང་ཉིད་ལ་བལྟ་བ།ཞེས་པར་སྣང་གསལ་བུམ་པའི་བྱ་དགའ་ཐོབ།ད་དུང་སྙན་ངག་གི་དེབ་འགའ་དང༌།ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས།》《བོད་ཀྱི་ཡ་ཐོག་གི་ལོ་རྒྱུས།བཅས་པར་བསྐྲུན་བྱ་རྩིས་ཡོད།
  གཞན་དང་མཉམ་འབྲེལ་གྱིསར་མ་ཎིའི་རྟོགས་བརྗོད།དངསྟོན་པའི་རྣམ་ཐར།》《སངས་རྒྱས་ཀྱི་གཟི་འོད་ནུབ་ལ་འཕྲོས་པ།》《རྒྱ་གར་གནས་ཡིག》《མི་ཚེའི་སླར་གསོ།སོགས་རྒྱ་ཡིག་ནས་བོད་ཡིག་ཏུ་སྒྱུར་གྱིན་ཡོད་ལ།ཞོར་དུ་རྩོམ་སྒྲིག་བྱས་པའིབསམ་བློའི་ཤེས་རིགལ་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ།
  རྒྱུན་དུ་དགོན་དེ་གར་བསྡུས་ཚད་དབུ་ཕར་སོགས་དང་སུམ་རྟག་སྙན་ངག་སོགས་ཀྱི་འཆད་སྤེལ་དང༌།དབྱར་དགུན་གནང་གི་སྐབས་སློབ་གྲྭ་ཆེ་འབྲིང་གི་སློབ་མ་དང་ཧྲོ་ཧྲི་དང་རབ་འབྱམས་པ་སོགས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་དགེ་རྒན་དག་ལ་སོ་སོར་ཐ་སྙད་རིག་གནས་དང་ནང་བསྟན་སོགས་ཀྱི་དཔེ་ཁྲིད་བྱས་དང་བྱེད་མུས་སུ་མཆིས།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
正在加载评论列表...