སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྡོ་བརྐོས་སྒྱུ་རྩལ་གྱི་ཕ་ས་རྩེ་ཁོག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-5-22 10:12:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། ཀློག་གྲངས།

  རྩེ་ཁོག་རྫོང་ཧོར་གཏེར་སྟོན་དགོན་པ་ནི་འཛམ་གླིང་གི་ཁྱད་ནོར་རྡོ་བརྐོས་«བཀའ་འགྱུར།»དང«བསྟན་འགྱུར»གཉིས་ཀྱི་ཕ་ས་ཡིན་པར་མ་ཟད་མདོ་སྨད་ཡུལ་འདིའི་རྡོ་བརྐོའི་སྒྱུ་རྩལ་གྱི་འབྱུང་ཁུངས་ཉག་གཅིག་ཀྱང་ཡིན་པར་བཤད། དངོས་གནས། དེ་རིང་ཡུལ་འདིར་འབྱོར་དུས་ཡུལ་འདིར་དར་ཁྱབ་དུ་སོང་བའི་རྡོ་བརྐོས་གླེགས་བམ་དང་རྡོ་བརྐོས་རི་མོ་སྣ་ཚོགས་ཀྱིས་གསར་འགོད་པ་རྣམས་ལ་གོར་མོ་རྡོ་ལས་སྨིན་པའི་སྒྱུ་རྩལ་རིགས་དེས་མིག་རྒྱ་ཅིག་བསྐྱེད་པ་རེད།


 

  ཡུལ་འདི་རུ་རྡོ་བརྐོའི་ལག་རྩལ་ནི་རྒན་དར་གཞོན་གསུམ་སེར་སྐྱ་ཕོ་མོ་ཚང་མ་དགའ་བའི་སྒྱུ་རྩལ་གྱི་སྦྱང་བྱ་རྩ་ཆེན་ཞིག་ཡིན་པས་ན། རྡོ་བརྐོའི་སྒྱུ་རྩལ་དེ་ཡང་ཡུལ་འདིའི་མང་ཚོགས་ཀྱི་ཡོང་སྒོ་སྐྲུན་བྱེད་ཀྱི་ཐོན་ལས་ཆེན་པོ་ཞིག་དུ་ཡང་གྲུབ་ཡོད་པ་རེད།
  རྒྱུས་ལོན་པ་ལྟར་ན་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་རྡོ་བརྐོའི་ལག་རྩལ་རིགས་འདི་གནས་འདིར་དར་ནས་ད་ལྟའི་བར་དུ་མི་ལོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་བརྒྱུད་ཟིན་པར་བཤད། ད་ལྟའི་ཆར་རྩེ་ཁོག་རྫོང་གི་རྡོ་བརྐོས་སྒྱུ་རྩལ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་རིམ་གྲས་གཉིས་པའི་གཟུགས་འདས་རིག་གནས་ཤུལ་བཞག་དང་རིམ་པ་གཉིས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱ་བསྐྱེད་རྣམ་གྲངས་སུ་བཀོད་ཡོད་པས། རིག་གནས་ཀྱི་གོ་གནས་དང་མང་ཚོགས་ཀྱི་ཁེ་ཕན་ཆ་གཉིས་ནས་བཤད་ན་ས་གནས་ཀྱི་མཚོན་རྟགས་སུ་གྲུབ་ཡོད་པ་རེད།

  ཐུན་མོང་མ་ཡིན་པའི་དམངས་ཁྲོད་ལག་ཤེས་བཟོ་ལས་འདི་མི་ཉམས་གོང་སྤེལ་བྱ་ཆེད་དུ་ཧོར་སྡེ་བས་རྡོ་བརྐོས་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ལས་ཁུངས་ཤིག་བཙུགས་ཏེ་རིག་གནས་འདི་ཡི་རིན་ཐང་ཤེས་པའི་ན་གཞོན་སེར་སྐྱ་སྐོར་ཞིག་རྩ་འཛུགས་བྱས་ཤིང་རྒན་པ་རྣམས་ཀྱི་ལག་རྩལ་ཉམས་མྱོང་རྒྱུད་འཛིན་བྱེད་ཅི་ཐུབ་བྱེད་བཞིན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...