སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《འབྲི་མོ་དུང་ཆུང་དཀར་མོ》གློག་བརྙན་འཁྲབ་གཞུང་གི་དཔྱད་གླེང་ཚོགས་འདུ་བསྡུས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-5-28 9:35:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

《འབྲི་མོ་དུང་ཆུང་དཀར་མོ》གློག་བརྙན་འཁྲབ་གཞུང་གི་དཔྱད་གླེང་ཚོགས་འདུ་བསྡུས།
《འབྲི་མོ་དུང་ཆུང་དཀར་མོ》གློག་བརྙན་འཁྲབ་གཞུང་གི་དཔྱད་གླེང་ཚོགས་འདུ་བསྡུས།

     སྤྱི་ཟླ5བའི་ཚེས27ཉིན། གསེར་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་ཅུའུ་དང་མཚོ་སྔོན་ཟི་ལིང་མཆོད་རྟེན་དཀར་པོའི་སྒྱུ་རྩལ་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟིས་མཉམ་འབྲེལ་སྒོས་ཕབ་སྐྲུན་སྒྲིག་བཟོ་བྱེད་པའི་གློག་བརྙན《འབྲི་མོ་དུང་ཆུང་དཀར་མོ》(གནས་སྐབས་ཀྱི་མིང)ཞེས་པའི་འཁྲབ་གཞུང་དཔྱད་གླེང་ཚོགས་འདུ་དེ་གནའ་མཁར་ཟི་ལིང་དུ་བསྡུས་ཤིང་། སྔར་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའི་འགོ་གཙོ་ཝང་ཀོས་རུའུ་དང་། སྔར་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའི་འགོ་གཙོ་གཞོན་པ་རྟ་མགྲིན་ཚེ་རིང་། འབྲེལ་ཡོད་སྨྱན་བྱད་ལས་ཁུངས་དང་གསེར་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའི་འབྲེལ་ཡོད་མི་སྣ། བརྙན་འདིའི་སྒྲིག་འཁྲབ་པ་ཀླུ་རྒྱལ་རཱ་ཏི་སོགས་ཐེངས་འདིའི་དཔྱད་གླེང་ཚོགས་འདུར་ཞུགས།
     གསེར་བྱའི་བྱ་དགའི་འོས་འདེམ་བྱ་དགའ་ཐོབ་མྱོང་བའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དངོས་བྲིས་གློག་བརྙན《ཕྱི་ཕྱོགས་སྐྱེས་དངོས་ཀྱི་ཚུར་རྒོལ》ཞེས་པའི་འཁྲབ་ཁྲིད་གཞོན་པ་སྟེ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བྱ་དགའ་སྣ་ཚོགས་བླངས་མྱོང་བའི་བོད་རིགས་ན་གཞོན་འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏིས《འབྲི་མོ་དུང་ཆུང་དཀར་མོ》ཞེས་པའི་གློག་བརྙན་འདིར་འཁྲབ་ཁྲིད་དང་འཁྲབ་གཞུང་རྩོམ་པའི་འགན་ཁུར་ཡོད་ལ། འཆར་འགོད་ལྟར་ན་ད་ལོའི་ཟླ6པར་གསེར་ཆེན་ས་ཁུལ་དུ་ཕབ་བསྐྲུན་བྱ་རྒྱུ་རེད།
     2014ལོར་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའི་རྒྱབ་སྐྱོར་ཆེན་མོའི་འོག  གསེར་ཆེན་རྫོང་གིས་བརྙན་འཕྲིན་གྱི་ལྗོངས་དངོས་ཕབ་བསྐྲུན་གནས་གཞི་བཙུགས་ཤིང་། 《འབྲི་མོ་དུང་ཆུང་དཀར་མོ》ཞེས་པའི་གློག་བརྙན་ནི་གསེར་ཆེན་རྫོང་གིས་བརྙན་འཕྲིན་གྱི་ལྗོངས་དངོས་ཕབ་བསྐྲུན་གནས་གཞི་བཙུགས་རྗེས་ལོ་ཆུང་བྱིས་པ་བརྗོད་གཞིའི་ཕ་སྐད་གློག་བརྙན་ཐོག་མ་ཡིན། གློག་བརྙན་འདི་ནི་ད་སྔ་རྒྱུ་འབྱོར་ལ་རྔམ་པ་ཆེ་བའི་དུས་རབས་འདིར་མཐོ་སྒང་ན་འཚོ་བའི་མི་རྣམས་ཀྱིས་འཚོ་བའི་ཆེད་དུ་མིག་མདུན་གྱི་དཔལ་འབྱོར་ཁེ་ཕན་དང་སྲོལ་རྒྱུན་གྱི་དགེ་སེམས་དབར་ན་ཅི་སྒྲུབ་མི་ཤེས་པར་ཧད་དེ་ལུས་ཤིང་། མི་དང་སྲོག་ཆགས། མི་དང་རང་བྱུང་ཁམས་དབར་གཅེས་སྐྱོང་ཞན་པའི་དུས་རབས་དེ་རྒྱབ་ལྗོངས་སུ་བཞག་སྟེ་ཚེ་སྲོག་གི་ཡང་སྙིང་འཚོལ་བའི་གློག་བརྙན་ཞིག་ཡིན། གློག་བརྙན་འདིར་བརྒྱུད་དེ་ལོ10ཅན་གྱི་སངས་རྒྱས་སྒྲོལ་མས་འབྲི་མོ་དུང་ཆུང་འཚོལ་བའི་སེམས་ཀྱི་འགྲུལ་བཞུད་ལས་བྱིས་པ་མང་པོ་ཞིག་གིས་ཕན་ཚུན་ལ་སྔར་ལས་བརྩི་འཇོག་དང་རོགས་རམ། སྲོག་ཆགས་དང་རང་བྱུང་ཁམས་ལ་སྙིང་ཉེ་དགོས་པ་སོགས་རྟོགས་པ་ཡིན།
     《འབྲི་མོ་དུང་ཆུང་དཀར་མོ》ཞེས་པའི་གློག་བརྙན་འཁྲབ་གཞུང་འདི་ལ2015ལོའི་སྤྱི་ཟླ4བའི་ནང་སྐབས་ཉེར་གཉིས་པའི་པེ་ཅིང་སློབ་ཆེན་སློབ་མའི་གློག་བརྙན་དུས་སྟོན་གྱི་འཁྲབ་གཞུང་ཁག་ཏུ་ཕུལ་བྱུང་འཁྲབ་གཞུང་གི་བྱ་དགའ་ཐོབ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...