སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རེབ་གོང་སྒྱུ་རྩལ་མཚོ་ལྷོར་བསྐྱོད་པའི་བཤམས་སྟོན་མཛད་སྒོ་བསྡུས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-11-25 9:52:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


རེབ་གོང་སྒྱུ་རྩལ་མཚོ་ལྷོར་བསྐྱོད་པའི་བཤམས་སྟོན་མཛད་སྒོ་བསྡུས་པ།

རེབ་གོང་སྒྱུ་རྩལ་མཚོ་ལྷོར་བསྐྱོད་པའི་བཤམས་སྟོན་མཛད་སྒོ་བསྡུས་པ།
རེབ་གོང་སྒྱུ་རྩལ་མཚོ་ལྷོར་བསྐྱོད་པའི་བཤམས་སྟོན་མཛད་སྒོ་བསྡུས་པ།


རེབ་གོང་སྒྱུ་རྩལ་མཚོ་ལྷོར་བསྐྱོད་པའི་བཤམས་སྟོན་མཛད་སྒོ་བསྡུས་པ།

     སྤྱི་ཟླ11པའི་ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད10:30སྟེང་། མཚོ་ལྷོ་ཁུལ་མི་རིགས་རིག་དངོས་བཤམས་སྟོན་ཁང་དང་རྨ་ལྷོ་ཁུལ་མི་རིགས་རིག་དངོས་བཤམས་སྟོན་ཁང་གཉིས་མཉམ་འབྲེལ་སྒོས་སྒྲུབ་པའི་རེབ་གོང་སྒྱུ་རྩལ་མཚོ་ལྷོར་བསྐྱོད་པའི་བཤམས་སྟོན་མཛད་སྒོ་དེ་ཤམ་བྷ་ལ་ཐང་ཆེན་དུ་བསྡུས་ཤིང་། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དཔོན་གཞོན་པ། དྲིལ་སྒྲོག་པུའི་འགོ་གཙོ་ཡེ་ཝན་ལིན། ཁུལ་རིག་གནས་ལུས་རྩལ་ཅུའི་འགོ་གཙོ་གཡུ་སྒྲོན་མཚོ། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའི་འགོ་གཙོ་ལྷ་ལུང་དོན་གྲུབ། རྨ་ལྷོ་ཁུལ་རིག་དངོས་བཤམས་སྟོན་ཁང་གི་འགོ་གཙོ་ཀྲའོ་ཆེན། འགོ་གཙོ་གཞོན་པ་མཁའ་འབུམ་ཐར། དེ་མིན་ཁུལ་རིག་གནས་ལུས་རྩལ་ཅུའི་མངའ་འོག་ལས་ཁུངས་ཀྱི་འགན་ཁུར་བ་དང་། ཁུལ་རིག་གནས་སྡེ་ཁག་གི་ལས་སྒྲུབ་པ་ཡོངས་བཅས་བསྡོམས་པས་མི100ལྷག་མཛད་སྒོར་ཞུགས་ཤིང་། ཁུལ་རིག་གནས་ལུས་རྩལ་ཅུའི་འགོ་གཙོ་གཡུ་སྒྲོན་མཚོས་གཏམ་བཤད་གལ་ཆེན་གནང་།
     ཐེངས་འདིའི་མཉམ་འབྲེལ་བརྒྱུད། མཚོ་ལྷོ་ཁུལ་དང་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་དབར་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་མཉམ་འབྲེལ་གྱི་སྟེགས་བུ་བསྐྲུན་ཞིང་། ས་ཁོངས་དངར་གྱི་རིག་གནས་འབྲེལ་འདྲིས་སྐུལ་སྤེལ་དང་།  ཨ་མདོའི་རིག་གནས་ཀྱི་ལྟེ་བ་དང་མཚོ་སྔོན་བོད་ཁུལ་སྤྱི་ཚོགས་ཀྱི་སློབ་གསོའི་གནས་གཞི་འཛུགས་པར་འབད་པ་གང་ལེགས་བྱས།
     ཐེངས་འདིའི་བཤམས་སྟོན་དུ་རེབ་གོང་ཁྱད་ལྡན་སྒྱུ་རྩལ་ཐོན་རྫས300དང་། དེ་ལས་མང་ཤོས་ཤིག་ལ་སྒྱུ་རྩལ་གྱི་ཁྱད་ཆོས་རྨད་བྱུང་ལྡན། མཛད་སྒོའི་ཉིན་དེར། གཟིགས་མོ་བ་མི་ཐེངས3600ལྷག་ལ་སླེབས་ཤིང་། དེ་ལས་སློབ་མའི་སྐོར་མི་ཐེངས3200ཡོད་ལ། སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...