སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་དུ་གློག་བརྙན《སྒྲོལ་དཀར》གྱི་ཕབ་སྐྲུན་མཛད་སྒོ་དངོས་སུ་བསྡུས་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-5-26 9:36:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཕབ་སྐྲུན་མཛད་སྒོའི་སྟེང་ཞུགས་པའི་འགོ་ཁྲིད་དང་འཁྲབ་སྟོན་པ།

     རྒྱུས་ལོན་པ་ལྟར་ན། ཉེ་སྔོན། གློག་བརྙན《སྒྲོལ་དཀར》གྱི་ཕབ་སྐྲུན་མཛད་སྒོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་བྱ་མདོ་ཡུལ་ཚོའི་གོ་ར་སྡེ་བ་ནས་སྤེལ་ཞིང་། རྫོང་ཨུའི་རྒྱུན་ཨུའམ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་དང་བྱ་མདོ་ཡུལ་ཚོ་སྲིད་གཞུང་གི་འགོ་ཁྲིད། མང་རྫོང་རིག་རྩལ་རྒྱང་སྒྲོག་ཅུའུ་ཡི་འགན་ཁུར་བ་དག་ཐེངས་འདིའི་ཕབ་སྐྲུན་མཛད་སྒོའི་སྟེང་ཞུགས།
     གློག་བརྙན་འདིའི་འཁྲབ་སྟོན་མི་སྣ་དག་ནི་བྱ་མདོ་ཡུལ་ཚོ་ནས་ཡོང་བའི་སྤྱིར་བཏང་གི་སྡེ་མི་རྐྱང་རྐྱང་ཡིན་ལ། ཁོ་མོ་ཚོས་རང་གི་ལྷད་མེད་ཀྱི་བརྩེ་བ་ཞིག་གིས་བོད་ཀྱི་བརྩེགས་དྲུབ་ཁྱིམ་རྒྱུད་ཞིག་གི་དངོས་ཡོད་འཚོ་བའི་སྣང་བརྙན་་གཙོ་བོར་བཟུང་ནས་བརྗོད་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...