སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ཡིག་གཟུགས་ཀུན་འདུས་ཞལ་ཐང་རིང་མོ།
རྩོམ་པ་པོ། ཟུར་གཙང་གཡང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2016-11-7 9:58:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཅི་ཉི་སིའི་ཟིན་ཐོའི་དཔང་ཡིག
 
     སྤྱི་ཟླ8པའི་ཚེས17ཉིན་ནས་སྤྱི་ཟླ10བའི་ཚེས10ཉིན་བར། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་པ་ཆེན་མོ་དགེ་མང་འཇམ་དཔལ་ལགས་ཀྱིས་ལོ་ངོ་གཉིས་ལྷག་གི་རིང་དཀའ་སྤྱད་འབད་བརྩོན་དང་ཧྲག་ཇུས་འཆར་འགོད་ལ་བརྟེན་ནས་སྨར་ཆེན་དང་སྨར་ཆུང་། ལྷ་བབ་ཡི་གེ། གཟི་ཡིག་སོགས་བཙན་པོའི་རྒྱལ་རབས་ཡར་སྔོན་གྱི་ཡིག་གཟུགས་ཁག་དང་། འབྲུ་ཆེན་དང་འབྲུ་མ་སོགས་ཡིག་གཟུགས་མི་འདྲ་བ190དང་། རིང་ཚད་ལ་སྨི267ཅན་གྱི་བོད་ཀྱི་ཡིག་གཟུགས་ཀུན་འདུས་ཞལ་ཐང་རིང་མོ་ཞེས་པ་བོད་རང་སྐྱོང་ལྗོངས་དངོས་མང་རྟེན་མཛོད་བཤམས་སྟོན་ཁང་དུ་འགྲེམ་སྤེལ་བྱེད་ཐུབ་པ་བྱུང་། དེའི་ཁྲོད་དུ་ཐོན་མིས་མཛད་པའི་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ། ཁྱུང་པོ་གཡུ་ཁྲིས་མཛད་པའི་སྟོང་ཐུན་སྨྱུ་གུའི་བསྟན་བཅོས་སོགས་བྲིས་ཡོད་ཅིང་། མིག་སྔར་ཆེས་རིང་བའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་སུ་ཆགས་པ་མ་ཟད་རྒྱལ་སྤྱིའི་ཅི་ཉི་སིའི་ཟིན་ཐོར་ཚུད་ཅིང་དཔང་ཡིག་ཐོབ། འགྲེམ་སྟོན་བྱེད་ཡུན་རིང་ལྷ་སའི་བརྙན་འཕྲིན་ཁང་དང་། བོད་ལྗོངས་བརྙན་འཕྲིན་ཁང་། དབུས་གཞུང་བརྙན་འཕྲིན་ཁང་གཙོས་བོད་ལྗོངས་ཉིན་རེའི་ཚགས་པར། ལྷ་སའི་ཉིན་རེའི་ཚགས་པར། ལྷ་སའི་དགོང་དྲོ་ཚགས་པར། ལྷ་སའི་ཚོང་འཕྲིན་ཚགས་པར་སོགས་དང་། གཞན་ཡང་དྲ་ཚིགས་ཆིག་བརྒྱ་ལྷག་གིས་བརྡ་འཕྲིན་ཕྱོགས་བཅུར་སྤེལ་བས་རྒྱལ་ཕྱི་ནང་གི་ལས་རིགས་ཁག་གི་ཤེས་ཡོན་པ་དང་ལྗོངས་རྒྱུ་བ་སོགས་མི་འབོར་ཁྲི་ལྔ་ལྷག་གི་བསམ་བློའི་ནང་ལ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ལོ་རྒྱུས་དང་རིན་ཐང་། བེད་སྤྱོད་སོགས་ཀྱི་འདུ་ཤེས་དང་བག་ཆགས་ཟབ་མོ་བཞག

ཡིག་གཟུགས་ཞལ་ཐང་ཆེན་མོའི་དབུ་འབྱེད་མཛད་སྒོའི་ཡུལ་དངོས།

ཡིག་གཟུགས་ཞལ་ཐང་རིང་མོའི་ཞལ་ཕྱེ་བཞིན་པ།

ཡིག་གཟུགས་ཞལ་ཐང་རིང་མོའི་ཞལ་ཕྱེ་བཞིན་པ།

བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་མགོ་ཁྲིད་རྣམ་པར་བརྩམས་ཆོས་ངོ་སྤྲོད་བྱེད་བཞིན་པ།

ཡིག་གཟུགས་ལ་རོལ་བཞིན་པའི་ལྟད་མོ་བའི་ཚོགས།

གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་པ་དགེ་མང་འཇམ་དཔལ།
     ཐེངས་འདིའི་བོད་ཀྱི་ཡིག་གཟུགས་ཀུན་འདུས་ཞལ་ཐང་རིང་མོ་འགྲེམས་སྟོན་བྱས་པ་འདིས་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་རྒྱུན་རིང་ཞིང་སྲོལ་རྒྱུན་གྱི་རིན་ཐང་གཞལ་དུ་མེད་པ། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཛམ་གླིང་ལ་ཁ་ཕྱོགས་པ། དེ་བས་ཀྱང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་སྔ་ན་མེད་པའི་ཐོད་བརྒལ་རང་བཞིན་གྱི་འགྲེམ་སྟོན་ཞིག་ཏུ་བརྩིས་ཆོག་པས་འདི་ལ་དུས་རབས་རང་བཞིན་དང་། ལོ་རྒྱུས་རང་བཞིན་གྱི་དཀྱོགས་མཚམས་ལྟ་བུ་ཞིག་ལ་ངོས་བཟུང་ནའང་འུད་བསྟོད་ཁྱོན་ནས་མ་ཡིན་སྙམ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...