སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བསོད་རྡོའི་བརྩམས་ཆོས་ལ༼གསེར་གཤོག་རྟགས་མའི༽གློག་བརྙན་འཕྲིན་གསར་རྩོམ་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Michung དུས་ཚོད། 2016-12-9 15:22:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
བསོད་རྡོ་ལ༼གསེར་གཤོག་རྟགས་མའི༽གློག་བརྙན་འཕྲིན་གསར་རྩོམ་རིགས་ཀྱི་བྱ་དགའ་ཐོབ་པ།
     ཉེ་ཆར། ཀྲུང་གོའི་མི་རིགས་སྐད་ཡིག་དང་མི་རིགས་བརྗོད་གཞིའི་གློག་བརྙན་འཕྲིན་བརྩམས་ཆོས་འགྲེམ་སྟོན་དང་ཞིབ་བསྡུར་སྐབས་བདུན་པའི་བརྩམས་ཆོས་དཔྱད་བསྡུར་བྱ་བ་རྒྱལ་ས་པེ་ཅིན་དུ་མཇུག་བསྡུས།   བརྩམས་ཆོས་དཔྱད་བསྡུར་སྟེང་མཚོ་ནུབ་བརྙན་འཕྲིན་ཁང་གིས་བདམས་སྐྱེལ་བྱས་པའི་ལེའུ་ལྔ་ཅན་གྱི་བོད་སྐད་མུ་འབྲེལ་བརྙན་འཕྲིན་ཟློས་གར༼སྐྱིད་སྡུག་གི་ལོ་ཟླ༽ལ༼2016ལོའི་གསེར་གཤོག་རྟགས་མའི༽གློག་བརྙན་འཕྲིན་གསར་རྩོམ་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། 
     ༼གསེར་གཤོག་རྟགས་མའི༽་ཀྲུང་གོའི་མི་རིགས་སྐད་ཡིག་དང་མི་རིགས་བརྩམ་གཞིའི་གློག་བརྙན་འཕྲིན་གྱི་རིག་གནས་སྒྱུ་རྩལ་བརྩམས་ཆོས་ཞིབ་བསྡུར་དུས་ཆེན་གྱི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་དང་ཀྲུང་གོའི་མི་རིགས་གློག་བརྙན་འཕྲིན་སྒྱུ་རྩལ་འཕེལ་རྒྱས་ཡར་སྐུལ་ཚོགས་པས་མཉམ་འབྲེལ་སྒོས་འཛམ་གླིང་མི་རིགས་སོ་སོའི་སྔོན་ཐོན་གྱི་གློག་བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་མི་སྣ་ལ་གཟེངས་བསྟོད་དང་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་མི་སྣའི་སྤུས་ལེགས་བརྩམས་ཆོས་མང་བོ་སྔོག་འདོན་བྱེད་པར་སྐུལ་སློང་བྱེད་རྒྱུ་དེ་རེད།

གཟེངས་རྟགས་མཛད་སྒོའི་ཡུལ་དངོས་ནས་བཅར་འདྲི་གནང་བཞིན་པ།
     ཐེངས་འདིའི་བརྩམས་ཆོས་ཞིབ་བསྡུར་སྟེང་རྒྱལ་ཡོངས་ས་གནས་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས32་ཀྱི་མི་རིགས་བརྩམ་གཞིའི་བརྩམས་ཆོས231འབྱོར་བའི་སྟེང་། བསོད་རྡོའི་བརྩམས་ཆོས་ལ་གློག་བརྙན་འཕྲིན་གསར་རྩོམ་རིགས་ཀྱི་བྱ་དགའ་ཨང་གཉིས་པའི་རྒྱལ་ཁ་ཐོབ།  ལེའུ་ལྔ་ཅན་གྱི་བརྩམས་ཆོས་འདིར་མཛེས་པའི་ཁྱིམ་གཞིས་ལ་ཨེ་ནད་ཀྱིས་བསྐྱལ་པའི་ཆག་འཇིག་དང་མ་བུ་བདེ་སྲུང་སྐོར་གསོན་ཉམས་དོད་པོར་བསྟན་ཡོད།
གཟེངས་རྟགས་མཛད་སྒོའི་ཡུལ་དངོས་ཀྱི་བསོད་རྡོ།
     མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བསོད་ནམས་རྡོ་རྗེའམ་བསྡུས་མིང་དང་སྨྱུག་མིང་ལ་རྐ་ཕུག.བསོད་རྡོ་ནི།  མཚོ་སྔོན་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་རུ་མཚེར་སྡེ་བའི་ཡ་མཁར་ཚོ་བར་སྐྱེས།  མཚོ་སྔོན་ཞིང་ཆེན་གློག་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི་ཁོངས་མི་དང་།  ཞིང་ལྗོངས་ལྔའི་རྒྱང་སྒྲོག་བརྙན་འཕྲིན་དཔྱད་སྡུར་ཚོགས་པའི་འཐུས་མི་ཡིན། ད་ལྟ་གསར་འགོད་པ་དང་འཁྲབ་ཁྲིད་པའི་ལས་གཉེར་བཞིན་ཡོད།
     སྤྱིི་ལོ2005ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་དངོས་གཞི་མཐར་ཕྱིན།  སྤྱི་ལོ2005ལོའི་ཟླ9པ་ནས2010ལོའི་ཟླ3པའི་བར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཕྲིན་ལམ་ནས་གསར་འགྱུར་ལོ་ཙཱ་དང་རྩོམ་སྒྲིག  རྩོམ་འབྲི།  རིག་རྩལ་དང་ཆེད་སྒྲིག་ལེ་ཚན་ཇུས་འགོད་དང་སྒྲིག་ཁྲིད།  བརྙན་ཕབ།  སྒྲིག་སྦྱོར་སོགས་ཀྱི་ལས་ཀ་གཉེར།  སྤྱི་ལོ2010ལོའི་ཟླ4པར་བྱ་བའི་དགོས་དབང་གིས་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ལས་གནས་སྤར།  གསར་འགྱུར་དང་ཆེད་སྒྲིག  དངོས་བྲིས་སོགས་ཀྱི་བརྙན་འཕྲིན་བརྩམས་ཆོས་མང་པོར་ཞིང་ཆེན་དང་རྒྱལ་ཁབ།  རྒྱལ་སྤྱིའི་རིམ་པའི་བྱ་དགའ་ཐོབ་མྱོང་།  

གསར་རྩོམ་བརྩམས་ཆོས།
     འཐུས་ཚབ་བརྩམས་ཆོས་ལ་དངོས་བྲིས་བརྙན་འཕྲིན༼བོད་པའི་བུ་མོ་ནར་སོན་ཚུལ༽དང༼ཏུའུ་ལན་གནའ་བོའི་ཐུ་བྷོད་བང་སོར་མཇལ་བའི་མཐོང་ཐོས་མྱོང་གསུམ༽   ལེའུ་གཉིས་ཅན་གྱི་དམངས་སྲོལ་བརྙན་འཕྲིན་ཟློས་གར༼མཐར་མཇུག་གི་སྦྲ་ནག༽དང་།  བོད་ཁུལ་མ་བུ་བདེ་སྲུང་དང་ཨེ་ཛིའི་རིམས་ནད་སྔོན་འགོག་སྐོར་བརྗོད་བྱ་ཡིན་པའི་ལེའུ་ལྔ་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ༼སྐྱིད་སྡུག་གི་ལོ་ཟླ༽སོགས་ཡོད།  སྙན་ངག༼ཁ་དོག་ཤོར་བའི་དཔྱིད་དུས༽དང་།  དཔྱད་རྩོམ༼བོད་སྐད་བརྙན་འཕྲིན་འཕེལ་རྒྱས་གོང་འཕེལ་རྒྱས་ཐད་ཀྱི་བསམ་གཞིགས༽  འབོལ་རྩོམ༼བོད་སྲོལ་རྒྱུན་སྐྱོང་བྱ་འགུལ་ལས་འཕྲོས་པའི་དྲན་འཆར་ལྷུག་པོ༽དང་།  གཞས་ཚིག༼རེ་འབོད་སྙིང་གི་སེམས་གཞས༽དང་།  འཁྲབ་གཞུང༼འཚར་ལོངས་སྐྱ་བོ༽སོགས་ཡོད་ལ།  རྩོམ་སྟངས་རིགས་མི་འདྲ་བ་མང་པོའི་བརྩམས་ཆོས་ཞིང་ཆེན་ཕྱི་ནང་གི་སྒེར་གཞུང་དུས་དེབ་དང་ཚགས་པར།  བརྙན་འཕྲིན།  རྒྱང་སྒྲོག།  དྲ་ཚིགས་སྣ་ཚོགས་སུ་བཀོད་མྱོང་།  ཁོ་བོ་ནི་ལོ་རབས་བརྒྱད་པའི་ནང་བོད་ཁུལ་བརྙན་འཕྲིན་ལས་རིགས་ཁྲོད་དུ་བརྙན་འཕྲིན་ཟློས་གར་བརྩམས་ཆོས་རིང་གྲས་ལས་མཁན་གྱི་ན་གཞོན་བརྙན་འཕྲིན་འཁྲབ་ཁྲིད་པ་ཞིག་ཡིན།
     རྩིས་ཚན་ནི་ཆེད་ལས་དང་རིག་ཚན་ལ་མོས་ཤིང་འབྲས་རྟགས་ཡོད་པའི་ཁོ་རང་ཆུང་དུས་སུ་རྩོམ་རིག་གསར་རྩོམ་ཕྱོགས་ལ་མོས་འདུན་ཆེ་བ་ཞིག་ཡིན་པས།དུས་ནམ་ཡང་སྨྱུག་གུའི་སྐྱུག་མཚམས་མ་བཞག་པར་དེ་ནི་རང་ཉིད་ཀྱི་དགའ་ཕྱོགས་ཤིག་དང་ཞོར་གྱི་ལས་རིགས་ཤིག་ཏུ་ཅིས་ཀྱང་རྩི་བཞིན་ཡོད།

གསར་རྩོམ་བྱ་དགའ།

གསར་རྩོམ་བྱ་དགའ།

གསར་རྩོམ་བྱ་དགའ།

གསར་རྩོམ་བྱ་དགའ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...