སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དཔའ་རིས་བོད་རང་སྐྱོང་རྫོང་ནས་དམངས་གླུའི་གདོད་མའི་ལེན་ལུགས་འགྲན་ཚོགས་སྤེལ།
རྩོམ་པ་པོ། འབྲུག་བྱམས་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-7-6 8:35:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
     གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཉེ་སྔོན། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་ཏང་གི་མི་རིགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཤུགས་བསྣོན་དང་དམངས་ཁྲོད་ཀྱི་རེ་བའམ་འདུན་པ་ལྟར་དཔའ་རིས་ཡུལ་གྱི་ལྟེའམ་གནས་མཆོག་མཆོད་རྟེན་ཐང་ཐང་ཆེན་དུ་རྒྱལ་ཁབ་རིམ་པའི་རྫས་མིན་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུའི་གདོད་མའི་ལེན་ལུགས་འགྲན་ཚོགས་ཆེན་མོ་གཟབ་རྒྱས་ངང་ཚོགས།
     ཐེངས་འདིའི་འགྲན་ཚོགས་ནི་ཉེ་བའི་ལོ་འགའི་ནང་དུ་དཔའ་རིས་ཡུལ་ནས་སྤེལ་བའི་ཆེས་ཁྱབ་རྒྱ་ཆེ་བའི་དམངས་གླུ་འགྲན་ཚོགས་ཡིན་པས། ཀན་སུའུ་དང་མཚོ་སྔོན་དཔའ་རིས་ཡུལ་ཕྱོགས་སོ་སོའི་དམངས་ཁྲོད་གླུ་བ་གླུ་མ་བཞི་བཅུ་ལྷག་འཛོམས་བྱུང་ལ། ལོ་ན་བགྲེས་པོ་དང་དར་མ་ཚན་སྐོར་གཉིས་སུ་བཀར་ནས་དཔའ་རིས་དམངས་གླུའི་གདོད་མའི་གླུ་ཚིག་བདམས་པ་དང་གནའ་བོའི་དབྱངས་རྟ་འགུག་སྟངས། དཔའ་རིས་ཡུལ་གྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་རྣལ་མ་སོགས་འགྲན་བྱ་གཙོ་བོར་བཞག་ནས། རྒྱལ་ཁབ་རིམ་པའི་རྫས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པའི་མཚན་སྙན་ཐོབ་ཡོད་པའི་དཔའ་རིས་བསོད་ནམས་ཚེ་རིང་སོགས་དཔྱད་འདེམས་པ་དགུ་ཡིས་དཔྱད་འདེམས་བྱས་ཏེ། དམངས་སྒོར་ཁྲི་གཅིག་ལྷག་གིས་སྐོར་རེ་ འགྲན་བསྡུར་ཨང་དང་བོ་གཅིག་དང་། གཉིས་པ་གཉིས། གསུམ་པ་གསུམ་དང་། མིང་རྟགས་མ་ཐོབ་པའི་འགྲན་ཞུགས་པ་ཡོངས་ལ་ཕུལ་བྱུང་གླུ་བའི་ཆོ་ལོ་བསྩལ་ཏེ་བྱ་དགའ་གནང་།
     ཐེངས་འདིའི་འགྲན་ཚོགས་ཀྱི་སྙན་མོ་ངག་གི་དབྱངས་རྟ་དང་མཛེས་པའི་ཚིག་གི་ལྡབ་འཁྱེར་གྱིས་གནའ་མིའི་ཤེས་རིག་གི་བློ་གྲོས་རྣོན་པོ་མངོན་ལ། མེས་པོའི་ཤེས་རབ་ཀྱི་དྭངས་མ་འཁྱིལ་བའི་དམངས་ཁྲོད་རིག་གནས་འདི་ཉིད་ནི་མདུན་སྐྱོད་ལམ་གྱི་རྒྱགས་ཕྱེ་རྡོག་ཅིག་ཏུ་གྱུར་རུང་བས།  གསར་དར་རིག་གནས་ཆར་རྗེས་ཤ་མོ་འདྲ་བའི་དུས་འདིར་དམག་གི་གདུང་རྒྱུད་དཔའ་རིས་བ་ཡིས་མི་རིགས་རིག་གནས་ཕ་ཤུལ་བུ་འཛིན་གྱི་ལས་ལ་སྟོབས་ཤུགས་དྲགས་པོ་བཏོན་ནས་འབད་བཞིན་པ་མཐོང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...