སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ནུབ་བོད་ཀྱི་བཤད་པའི་འགྲན་སྡུར་སྐབས་དང་པོ་ཐེམ་ཆེན་ནས་བསྡུས།
རྩོམ་པ་པོ། བདེ་སྐྱིད་སྒྲོལ་མ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-23 15:06:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ནུབ་བོད་ཀྱི་བཤད་པའི་འགྲན་སྡུར་སྐབས་དང་པོ་ཐེམ་ཆེན་ནས་བསྡུས།

     ཉིན་གསུམ་གྱི་རིང་ལ་སྤེལ་བའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་གནས་སྐོར་རིག་གནས་དུས་ཆེན་ནི་གནས་སྐོར་རིག་གནས་ཕྱོགས་ཀྱི་མཚན་སྙན་གྲགས་རྒྱས་པའི་དམིགས་བྱ་ཁོ་ན་མིན་པར་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ཤིག་ཀྱང་ཡིན།


མཚོ་ནུབ་བོད་ཀྱི་བཤད་པའི་འགྲན་སྡུར་སྐབས་དང་པོ་ཐེམ་ཆེན་ནས་བསྡུས།

     བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བརྗོད་བྱའི་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པས། བཤད་པའི་ཆ་ནས་ཀྱང་སྟོན་བཤད་དང་མདའ་བཤད། ཇ་བཤད་དང་ཆང་བཤད། ད་དུང་འདོ་རིགས་རྟ་ཡི་རྟ་བཤད། གཡང་དཀར་ལུག་གི་ལུག་བཤད། སྐྲ་བཤད་དང་སྦྲ་བཤད་སོགས་མང་པོ་ཡོད། ད་ལྟ་དུས་རབས་ཀྱི་འཕེལ་རྒྱས་དང་རིག་གནས་སྣ་ཚོགས་ཀྱི་འབྲེལ་འདྲིས་ཀྱི་དབང་གིས་སྲོལ་རྒྱུན་རིག་གནས་གང་མང་ཞིག་ཉམས་དམུས་སུ་འགྲོ་བཞིན་ཡོད་པས། བོད་ཀྱི་བཤད་པའི་རིག་གནས་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱ་ཆེད། སྤྱི་ཟླ8པའི་ཚེས21ཉིན། ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་གནས་སྐོར་རིག་གནས་དུས་ཆེན་གྱི་སྐབས་སུ་མཚོ་ནུབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་དང་ཐེམ་ཆེན་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ་དང་ཐེམ་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་གནས་སྐོར་ཅུའུ་ཡིས་འགན་སྒྲུབ་གནང་བའི་མཚོ་ནུབ་བོད་ཀྱི་བཤད་པའི་འགྲན་སྡུར་སྐབས་དང་པོ་ཐེམ་ཆེན་རྫོང་ནས་བསྡུས།
     གཏེར་ལམ་རྗོང་དང་ཐེམ་ཆེན་རྫོང་ནས་ཡོང་བའི་འགྲན་ཞུགས་པ10ལྷག་ཐེངས་འདིའི་བཤད་པའི་འགྲན་བསྡུར་ལ་ཞུགས་ཤིང་། འགྲན་ཞུགས་པ་རེ་རེས་རང་ཉིད་ཀྱི་སྨྲ་སྒོ་ལས་ཐོན་པའི་གཏམ་གྱི་མངར་ཆ་དང་། དཔེ་ཡི་བང་མཛོད། གཏམ་གྱི་སྒོ་མོ་རྣམ་གསུམ་ལས་གཉེན་གྱི་དར་ལུགས་དང་། ཇ་ཡི་འབྱུང་ཁུངས་དང་དགེ་མཚན། གནས་རི་དང་ཡུལ་མཆོག་ལ་མཆོད་པར་བརྗོད་དེ་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ།
     མཇུག་མཐར། ཐེམ་ཆེན་གྱི་འགྲན་ཞུགས་པ་བྷ་ཁོ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། གཏེར་ལམ་རྫོང་གི་འགྲན་ཞུགས་པ་རྡོ་རྗེ་རྒྱལ་མཚན་དང་། ཐེམ་ཆེན་རྫོང་གི་འགྲན་ཞུགས་པ་རྒྱ་དཔོན་རྡོ་རྗེ་ལ་བྱ་དགའ་ཨང་གཉིས་པ་ཐོབ། དེ་མིན་ཐེམ་ཆེན་རྫོང་གི་འགྲན་ཞུགས་པ་ཁོན་ཐར་སྐྱིད་དང་གཏེར་ལམ་གྱི་འགྲན་ཞུགས་པ་དབང་རྒྱལ། གཏེར་ལམ་གྱི་འགྲན་ཞུགས་པ་ཆོས་སྐྱོང་རྡོ་རྗེ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...