སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལུང་རྟོགས་ཀྱི་གློག་བརྙན《རྟ་མཆོག་གི་ཡུལ་གྲུ》ཞེས་པ་ཨ་རིའི་གློག་བརྙན་དུས་ཆེན་དུ་ཚུད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-9-26 10:21:00 རྩོམ་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།


འཁྲབ་སྟོན་པ་བཀྲ་ཤིས་འཚོ།


འཁྲབ་འཁྲིད་པ་ལུང་རྟོགས་དང་འཁྲབ་སྟོན་པ་བཀྲ་ཤིས་ཉི་མ་དང་སྒྲོན་པེའི་མཉམ་པར།


《རྟ་མཆོག་གི་ཡུལ་གྲུ》ཞེས་པའི་གློག་བརྙན་གྱི་འཁྲབ་འཁྲིད་པ་དང་འཁྲབ་སྟོན་པའི་མཉམ་པར།

     ཉེ་ལམ། བོད་ཀྱི་འཁྲབ་འཁྲིད་པ་ལུང་རྟོགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《རྟ་མཆོག་གི་ཡུལ་གྲུ》ཞེས་པ་ཨ་རིའི་གློག་བརྙན་དུས་ཆེན་ཁྲོད་ཚུད། གློག་བརྙན་དེ་ནི་བོད་ཀྱི་གླུ་བ་གླུ་མ་སྐོར་ཞིག་གིས་འཁྲབ་སྟོན་བྱས་པའི་གློག་བརྙན་ཞིག་རེད།
     《རྟ་མཆོག་གི་ཡུལ་གྲུ》ཞེས་པའི་གློག་བརྙན་དེའི་འཁྲབ་འཁྲིད་པ་ལུང་རྟོགས་ནི་ཁེ་ལས་པ་ཞིག་ཡིན་ལ། གཞན་ཕན་གྱི་བྱ་བ་སྒྲུབ་རྒྱུར་དགའ་བའི་མི་ཞིག་ཡིན། ཁོས་མི་སུ་ཞིག་དང་འབྲེལ་འདྲིས་བྱེད་པ་དང་དོན་གང་ཞིག་སྒྲུབ་ཀྱང་རྒྱུན་པར་སྔོན་ལ་མ་བཟང་བོ་ཞིག་བྱེད་དགོས་པ་དང་དེ་ནས་བྱ་བ་ཡག་པོ་ཞིག་སྒྲུབ་དགོས་ཞེས་པའི་སྐད་ཆ་འདི་བཤད་པ་རེད། ཁོ་ནི་ཤ་མདོག་སྨུག་པོ་ཡིན་པའི་ཁམས་པའི་ཕོ་རྒོད་ཅིག་ཡིན་ལ། ཁོའི་ཕྱི་ལུགས་ཀྱི་བསམ་བློ་དང་སྐད་ཆ་བཤད་སྟངས། དེ་མིན་བོད་མི་རིགས་ཀྱི་གཞུང་དྲང་གི་གཤིས་རྒྱུད་དང་ལྷག་བསམ་ཟོལ་མེད་ཀྱི་མིག་མདངས་ལས་མི་རྣམས་ལ་ཡིད་ཆེས་དང་བདེ་འཇགས་ཀྱི་ཚོར་སྣང་ཞིག་སྦྱིན་ཡོང་། 
     ཐེངས་འདིའི་ཨ་རིའི་ཅིག་ཅིན་རི་བོའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་བྱ་དགའ་སྟེར་བའི་མཛད་སྒོ་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་སྤེལ་རྒྱུ་ཡིན་པ་དང་།  ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་དགུ་ཉིན་བར་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...