སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《ཀྲུང་གོའི་གླུ་སྐད་གསར་བའི》རྟིང་རྩོད་དུ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཨང་དང་པོ་བླངས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-10-9 15:51:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


《ཀྲུང་གོའི་གླུ་སྐད་གསར་བའི》རྟིང་རྩོད་དུ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཨང་དང་པོ་བླངས།

     སྤྱི་ཟླ10བའི་ཚེས8ཉིན་གྱི་དགོང་མོ། ཀྲེ་ཅང་བརྙན་འཕྲིན་ཁང་གི《ཀྲུང་གོའི་གླུ་སྐད་གསར་བའི》རྟིང་རྩོད་དེ་པེ་ཅིང་ཉིའོ་ཁྲའོ་རུ་སྤེལ་ཞིང་། བོད་ལྗོངས་གཞིས་ཀ་རྩེ་ནས་ཡོང་བའི་འགྲན་ཞུགས་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཨང་དང་པོ་བླངས་པ་རེད།
     རྟིང་རྩོད་དུ་བཀྲ་ཤིས་ཕུན་ཚོགས་ཀྱིས《ང་དང་ཁྱོད》ཞེས་པ་སོགས་གདངས་དབྱངས་མི་འདྲ་བའི་གླུ་གཞས་གསུམ་ཕུལ་ཞིང་། ཁོའི་ཁྱད་དུ་འཕགས་པའི་གླུ་ལེན་གྱི་རྩལ་དང་ཉམས་དགའ་བའི་འཁྲབ་སྟོན་ལས་ཨང་དང་པོ་བླངས།
     བཀྲ་ཤིས་ཕུན་ཚོགས་ཀྱི་ཕུ་བོ་བསྟན་འཛིན་སྐལ་བཟང་གིས་ཀྱང2007ལོར་རང་ཉིད་ཀྱི་གླུ་གཞས་ཆེད་བསྒྲིགས་སྤེལ་མྱོང་ཞིང་། བྱ་བ་ལས་གཞན་ཕུ་ནུ་སྤུན་གཉིས་ཀྱིས་དུས་རྒྱུན་མཉམ་དུ་གླུ་གཞས་གསར་རྩོམ་དང་དེའི་སྐོར་ལ་གླེང་མོལ་བྱེད་པ་ཡིན། དེར་བརྟེན། བཀྲ་ཤིས་ཕུན་ཚོགས་ཀྱི་གླུ་གཞས《མཚེའུ་ངོས་ཤིག》ཞེས་པ་དང་། 《དཔྱིད་ཀ》 《ང་དང་ཁྱོད》བཅས་གླུ་གཞས་ཁྲོད་ཀྱི་བོད་སྐད་ཁག་དེ་བསྟན་འཛིན་སྐལ་བཟང་དང་མཉམ་དུ་ལོ་ཙཱ་བྱས་ནས་ལེགས་འགྲུབ་བྱུང་བ་ཡིན་ལ། 《ཨ་མའི་ཕྱག་ཟུང》ཞེས་པའི་གླུ་གཞས་དེ་བསྟན་འཛིན་སྐལ་བཟང་རང་ཉིད་ཀྱིས་གསར་རྩོམ་བྱས་པ་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...